སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་བརྟག་ཞིབ་ཚོགས་ཆུང་བདེ་ཆེན་དུ་ཕེབས་ནས་བརྟག་ཞིབ་གནང་།

ཁྱབ་བསྒྲགས་དུས་ཚོད་:2025ལོ་11ཟླ་བ་07ཉི་མ་ 16:23:33 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་11པའི་ཚེས་3ཉིན་ནས་ཚེས་4ཉིན་བར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རེན་གཞོན་པ་ལི་ཞའོ་སན་གྱིས་རུ་ཁག་སྣེ་ཁྲིད་ནས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་འཇོལ་རྫོང་། འབའ་ལུང་ལི་སུའུ་རིགས་རང་སྐྱོང་རྫོང་བཅས་སུ་ཕེབས་ནས་གཞི་རིམ་གྱི་ལས་བྱེད་མང་ཚོགས་ལ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་འཇོལ་རྫོང་མཁར་གྱི་ས་གཤིས་གནོད་འཚེའི་ཉེན་གཡོལ་གནས་སྤོ་རྣམ་གྲངས་དང་། དམངས་ཆེན་འཐུས་མིའི་བྱེད་སྒོའི་གནས་ཡུལ་འཛུགས་སྐྲུན། གཞི་རིམ་དམངས་ཆེན་གྱི་ལས་དོན་གནས་ཚུལ་བཅས་ལ་བརྟག་ཞིབ་གནང་། 

图片

འཇོལ་རྫོང་ཡེ་ཀྲི་གྲོང་རྡལ་དུ། བརྟག་ཞིབ་ཚོགས་ཆུང་གིས་ཡུལ་དངོས་སུ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོ་རྣམ་གྲངས་ལ་ལྟ་ཞིབ་བྱས་ནས་འཆར་འགོད་དང་འཛུགས་སྐྲུན་འཕེལ་རིམ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱས། ལི་ཞའོ་སན་གྱིས་བསམ་ཕྱོགས་སྔར་བས་ཕྱེ་ནས་ཆུ་བོའི་རྒྱུད་ཀྱི་སྔོ་འགྱུར་མཛེས་བཟོ་དང་དཀར་གསལ་གྱི་ལས་གྲྭ་འཆར་འགོད་གནང་སྟེ་ཆུ་བོ་གཅིག་གི་ངོགས་གཉིས་ཞེས་པའི་འདུ་ཤེས་ཐོག་ནས་འཆར་འགོད་འཛུགས་སྐྲུན་གཅིག་གྱུར་འཆར་འགོད་བྱ་དགོས། གཙོ་བོ་འགྲིམ་འགྲུལ་གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དེ་འབའ་ལུང་རྫོང་དང་ལན་ཕིང་རྫོང་བཅས་དང་གྲོང་ཁྱེར་གསུམ་གྱི་འབྲེལ་མཐུད་མཉམ་འགུལ་འཕེལ་རྒྱས་གཏོང་ནས་ཕྱི་ཕྱོགས་སུ་སྒོ་འབྱེད་པའི་རྣམ་པ་ཆེན་པོ་རྒྱ་སྐྱེད་གཏོང་དགོས། ལམ་སྲོལ་འཐུས་ཚང་དུ་གཏོང་ནས་མ་དངུལ་གྲབས་གསོག་དང་སྦུག་ལམ་འཛུགས་སྐྲུན་སོགས་ལས་དོན་ཁག་གཅིག་གྱུར་འཆར་འགོད་ཡག་པོ་བྱེད་དེ་ཁྱོན་ཡོངས་ནས་ལས་འགོ་བཙུགས་ཏེ་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། སྤུས་ལེགས་དང་ཕན་འབྲས་ཆེ་བ། ཐཱན་ཉུང་། གནོད་མེད། སྤྱོད་གཙང་བཅས་ཁྲིད་སྟོན་བྱས་ནས་ལས་གྲྭའི་མྱུར་ཚད་མགྱོགས་སུ་གཏོང་ཞིང་གནས་འཕྲོད་ལས་འཚམ་དང་སྔོ་ལྗང་མཛེས་སྡུག་ལྡན་པའི་གྲོང་ཁྱེར་གསར་པ་འཛུགས་སྐྲུན་བྱ་དགོས་ཞེས་བཏོན།

བརྟག་ཞིབ་ཚོགས་ཆུང་གིས་བདེ་ཆེན་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་ལས་ཁུངས་དང་འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་རྒྱ་ལམ་སྡེ་ཁུལ་དུ་ཕེབས་ནས་དམངས་ཆེན་འཐུས་མིའི་ཁྱིམ་དང་ས་ཚུགས། སྡོད་ཁང་བཅས་ཡུལ་དངོས་སུ་ལྟ་ཞིབ་བྱས་པ་དང་དམངས་ཆེན་འཐུས་མི་དང་ལས་དོན་མི་སྣ་དང་གྲོས་བསྡུར་སྤེལ་རེས་བྱས་ནས་གཞི་རིམ་དམངས་ཆེན་ལས་དོན་དང་འཛུགས་སྐྲུན་གནས་ཚུལ་ཤེས་རྟོགས་བྱས། ལི་ཞའོ་སན་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱ་རྒྱུ་དེ་མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དེ་དོན་དངོས་དང་བསྟུན་ནས་ལག་བསྟར་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས། དམངས་ཆེན་འཐུས་མིའི་འགན་ནུས་ནུས་པ་འདོན་སྤེལ་གང་ལེགས་བྱེད་དེ་ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པའི་ལས་འགན་གཙོ་བོ་དང་བྱེད་ཐབས་གལ་ཆེན་ལ་དམིགས་ནས་དམངས་ཆེན་འཐུས་མིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་འགོ་ཚུགས་ས་དང་ཤུགས་རྒྱག་ས་ཡང་དག་བཙལ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། བརྒྱུད་རིམ་ཡོངས་མི་དམངས་དམངས་གཙོ་དང་འཐུས་མིའི་བྱེད་སྒོ་སྤེལ་ས་ཡག་པོ་སྐྲུན་པ་དང་དོ་དམ་ཡག་པོ། བེད་སྤྱོད་ཡག་པོ་བྱེད་དགོས། དམངས་ཆེན་འཐུས་མིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་ནུས་པ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་དང་འགན་སྲུང་སྔར་ལས་ལེགས་པོ་བྱ་དགོས། འཐུས་མིས་འགན་འཁྲི་སྒྲུབ་པའི་འགན་འཁྲིའི་འདུ་ཤེས་དང་ལས་འགན་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། འཐུས་མིས་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་ནང་དོན་དང་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་བ་དང་དམངས་ལ་ཇུས་འདོན་དང་དམངས་ལ་དགོས་མཁོ་འདྲི་དགོས། མི་དམངས་ཀྱིས་ང་རང་འཐུས་མིར་བདམས། ངས་མི་དམངས་ཀྱི་ཆེད་དུ་འཐུས་མི་བྱེད་ཅེས་དངོས་སུ་དོན་འཁྱོལ་བྱ་དགོས་ཞེས་ནན་གྱིས་བསྟན།

ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཁོངས་མི་ལི་ཀྲི་མིང་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་འཐུས་མི་ལས་དོན་ཨུ་ལྷན། གཞུང་ལས་ཐིང་གི་འབྲེལ་ཡོད་འགན་འཁྲི་བློ་མཐུན་བརྟག་ཞིབ་ནང་ཞུགས།




 

责任编辑:拉茸初姆

  • ཀྲོའུ་ནང་ཁུལ་གྱི་མགོ་གཙོ་

མདོ་འཛིན་པས་དགུན་ཁ་མེ་འགོག་ལ་དོ་སྣང་བྱ་དགོས་ལུགས་སྐོར་བཤད།

རང་ཁུལ་གྱིས་“12·4”རྒྱལ་ཁབ་རྩ་ཁྲིམས་ཉིན་མོའི་བྱེད་སྒོ་སྤེལ།

གངས་ལྗོངས་ས་མཐོའི་ཏང་དར་དམར་པོ། “ལོ་ལྔ་ཚན་བཅུ་བཞི་པ”ཡི་དུས་སྐབས་སུ་བདེ་ཆེན་གྱིས་སྤུས་ཚད་མཐོ་བའི་སྒོ་ནས་ཏང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ།

བདེ་ཆེན་ཁུལ་གྱིས་ “ སྤུས་ཚད་མཐོ་བའི་ངང་ ‘ ལོ་ལྔ་ཚན་བཅུ་བཞི་པའི་ ’ འཆར་འགོད་ ” འགྲུབ་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་རབ་དང་རིམ་པའི་ཏང་གི་འཛུགས་སྐྲུན་གྱི་ཆེད་དོན་སྤེལ།

ཁུལ་ཨུས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འགོའི་བཞུགས་མོལ་ཚོགས་འདུ་འཚོགས།

ལུའོ་ཁྲའོ་ཧྥེང་གིས་རྒྱལ་ཁབ་གློག་གཏོང་ཚོགས་ཁག་ཡུན་ནན་རྒྱལ་སྤྱི་གློག་ཤུགས་གཏོང་འཇོག་ཚད་ཡོད་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ལས་འཛིན་པ་ཧྥུ་ཅིན་སུང་དང་བཅས་པ་ལ་ཐུག་འཕྲད་གནང་།

བདེ་ཆེན་ཁུལ་གྱིས་“སྤུས་ཚད་མཐོ་བའི་ངང་‘ལོ་ལྔ་ཚན་བཅུ་བཞི་པའི’་འཆར་འགོད་འགྲུབ་པའི་”གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་རབ་དང་རིམ་པའི་སྐྱེ་ཁམས་ཆེད་དོན་སྤེལ།

ཀྲང་ཝེ་ཏུང་གིས་རུ་ཁག་ཁྲིད་དེ་ཧྥུ་ཏེན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོ་མཉམ་འབྲེལ་འགྲན་བསྡུར་བདེ་ཆེན་འགྲན་རའི་གྲ་སྒྲིག་ལས་དོན་ལ་ཞིབ་འཇུག་བརྟག་དཔྱད་བྱས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53342102000007

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com