ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཁུལ་ཨུའི་སྒྲོག་འགྲེལ་ཚོགས་པའི་སྐུལ་སློང་ཚོགས་འདུ་འཚོགས་པ།

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ11པའི་ཚེས11ཉིན། ཁུལ་ཨུས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཁུལ་ཨུའི་སྒྲོག་འགྲེལ་ཚོགས་པའི་སྐུལ་སློང་ཚོགས་འདུ་འཚོགས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཨུའི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རང་ཁུལ་གྱི་ཏང་གི་སྐབས་བཅུ་གཉིས་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གཅིག་སྡུད་ཐོག་སྒྲོག་འགྲེལ་བྱེད་པའི་ལས་དོན་བཀོད་སྒྲིག་བྱས་ཏེ།ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་རང་ཁུལ་དུ་རྩ་བ་ཚུགས་པ་དང་མེ་ཏོག་བཞད་རྒྱུར་སྐུལ་འདེད་བཏང་ཡོད།
ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ།
ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི་ཏང་དང་རྒྱལ་ཁབ་ཀྱིས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་འཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་འདུ་ཞིག་ཡིན་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཡག་པོ་བྱ་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་ཐོག་གནང་བའི་ལས་དོན་སྙན་ཞུ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་《གྲོས་འགོ》སྐོར་གྱི་གསལ་བཤད། གསུང་བཤད་གལ་ཆེན། ཚང་འཛོམས་གྲོས་ཚོགས་ཀྱི་《གྲོས་འགོ་》བཅས་ལ་རྩེ་གཅིག་ཏུ་དམིགས་ནས་སྒྲོག་འགྲེལ་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་འཆད་འགྲེལ་ཡག་པོ་དང་འགྲེལ་བཤད་ཡག་པོ་རྒྱག་དགོས།
ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན།
“གསལ་བཤད་ལྔ་”ཡི་སྒྲོག་འགྲེལ་བླང་བྱ་དོན་འཁྱོལ་བྱས་ཏེ། “ལོ་ལྔ་ཚན་བཅུ་བཞི་པའི་”རིང་རང་རྒྱལ་གྱི་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་གསལ་བཤད་བྱ་དགོས། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་དོན་སྙིང་གལ་ཆེན་གསལ་པོར་བཤད་དགོས་པ་དང་། རྒྱལ་ཁབ་ཕྱི་ནང་གི་གནས་བབ་སྐོར་གྱི་ཏང་ཀྲུང་དབྱང་གི་གཞི་རྩའི་བརྡར་ཤ་གཅོད་པ་གསལ་པོར་བཤད་དགོས། “ལོ་ལྔ་ཚན་བཅོ་ལྔ་པའི”དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་སློབ་སྟོན་བསམ་བློ་དང་། རྩ་དོན་གལ་ཆེན། འཐབ་ཇུས་ཀྱི་ལས་འགན་གལ་ཆེན། རྩ་བའི་འགན་སྲུང་བཅས་གསལ་པོར་བཤད་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པར་གཙོ་གནད་ཐོག་དམ་འཛིན་བྱེད་དགོས། བསྒྲགས་བཤད་ཀྱི་ཆབ་སྲིད་ཁ་ཕྱོགས་ཡང་དག་པར་ཁོང་དུ་ཆུད་པ་དང་། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་ཁྲིད་སྟོན་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་གོ་སྐབས་སུ་བཟུང་ནས། སྲོག་ཤིང་ལ་བརྩི་བཀུར་དང་། བློ་ཁ་པེ་ཅིང་ལ་གཏོད་ཅེས་པ་སེམས་ལ་བརྟན་པོར་ངེས་ཏེ། སེམས་གཏིང་ནས་ཏང་ལ་ཡིད་ཆེས་ཟབ་མོ་འཆང་བ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་སྔར་བས་ཤེས་རྟོགས་ཟབ་མོ་བྱས་ཏེ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བསྒྲུབ་དགོས།
ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན།
བརྟན་ལྷིང་དང་། འཕེལ་རྒྱས། སྣོད་བཅུད། མཐའ་མཚམས་བརྟན་བརླིང་བཅས་དོན་ཆེན་བཞི་དང་ཟུང་འབྲེལ་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་སྒྲོག་འགྲེལ་ཡག་པོ་བྱེད་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་འཐབ་ཇུས་གལ་ཆེན་དེ་བདེ་ཆེན་གྱི་ལག་ལེན་དང་གནད་སྨིན་སྦྲེལ་མཐུད་བྱེད་པ། མིག་མཐོང་ལག་ཟིན་གྱི་འཕེལ་རྒྱས་ཀྱི་ཕན་འབྲས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་ཚན་རིག་དང་མཐུན་པའི་རང་བཞིན་དང་དངོས་ཕན་རང་བཞིན་འགྲེལ་བཤད་རྒྱག་པ་བཅས་བྱས་ཏེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་བདེ་ཆེན་གྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཕེལ་རྒྱས་དང་འབྲེལ་བ་དམ་ཟབ་ཡོད་པ་མྱོང་ཚོར་ཐུབ་པ་བྱ་དགོས། མང་ཚོགས་ཀྱིས་དོ་ཁུར་བྱེད་པར་དམིགས་ནས། མང་ཚོགས་ཁག་བགོས་ཀྱིས་རིགས་ཕྱེ་ནས་སྒྲོག་འགྲེལ་སྤེལ་དགོས། རང་ཁུལ་གྱི་ཁྱབ་ཁོངས་ཁག་གི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་སློབ་དེབ་གསོན་པོར་བརྩིས་ཏེ། གཏམ་རྒྱུད་མང་ཙམ་བཤད་པ་དང་། གྱོད་དཔེ་མང་ཙམ་འདོན་པ། གཞི་གྲངས་མང་ཙམ་འདོན་པ་བཅས་བྱས་ཏེ། སྒྲོག་འགྲེལ་ལ་སྲིད་ཇུས་ཀྱི་མཐོ་ཚད་ཡོད་ལ་དམངས་འཚོའི་དྲོད་ཚད་ཀྱང་ཡོད་པ་བྱ་དགོས། སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་བསམ་བློ་ནན་ཏན་གཏོང་བ་དང་། སློབ་ཁྲིད་གྲ་སྒྲིག་ཞིབ་ཚགས་བྱས་ཏེ་སྒྲོག་འགྲེལ་ལས་དོན་གཏིང་ཟབ་དང་ཏན་ཏིག་བསྒྲུབ་དགོས།
ཚོགས་འདུའི་ཐོག་ཁུལ་ཨུའི་རྒྱུན་ཨུ། ཁུལ་ཨུའི་དྲིལ་བསྒྲགས་པུའི་པུའུ་ཀྲང་ལུའུ་ཀྲི་ཅུན་གྱིས་ལས་དོན་ཞིབ་ཕྲའི་བཀོད་སྒྲིག་བྱས།
ཁྲེན་ཆོན། ཁུལ་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས་ཡོད།
ཚོགས་འདུ་དེ་བརྙན་ལམ་ཐོག་ནས་རྫོང་ཁག་དང་གྲོང་ཁྱེར་ཁག་ཏུ་འཚོགས་པ་རེད།
责任编辑:此里追格
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
མདོ་འཛིན་པས་དགུན་ཁ་མེ་འགོག་ལ་དོ་སྣང་བྱ་དགོས་ལུགས་སྐོར་བཤད།
རང་ཁུལ་གྱིས་“12·4”རྒྱལ་ཁབ་རྩ་ཁྲིམས་ཉིན་མོའི་བྱེད་སྒོ་སྤེལ།
གངས་ལྗོངས་ས་མཐོའི་ཏང་དར་དམར་པོ། “ལོ་ལྔ་ཚན་བཅུ་བཞི་པ”ཡི་དུས་སྐབས་སུ་བདེ་ཆེན་གྱིས་སྤུས་ཚད་མཐོ་བའི་སྒོ་ནས་ཏང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ།
བདེ་ཆེན་ཁུལ་གྱིས་ “ སྤུས་ཚད་མཐོ་བའི་ངང་ ‘ ལོ་ལྔ་ཚན་བཅུ་བཞི་པའི་ ’ འཆར་འགོད་ ” འགྲུབ་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་རབ་དང་རིམ་པའི་ཏང་གི་འཛུགས་སྐྲུན་གྱི་ཆེད་དོན་སྤེལ།
ཁུལ་ཨུས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འགོའི་བཞུགས་མོལ་ཚོགས་འདུ་འཚོགས།
ལུའོ་ཁྲའོ་ཧྥེང་གིས་རྒྱལ་ཁབ་གློག་གཏོང་ཚོགས་ཁག་ཡུན་ནན་རྒྱལ་སྤྱི་གློག་ཤུགས་གཏོང་འཇོག་ཚད་ཡོད་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ལས་འཛིན་པ་ཧྥུ་ཅིན་སུང་དང་བཅས་པ་ལ་ཐུག་འཕྲད་གནང་།
བདེ་ཆེན་ཁུལ་གྱིས་“སྤུས་ཚད་མཐོ་བའི་ངང་‘ལོ་ལྔ་ཚན་བཅུ་བཞི་པའི’་འཆར་འགོད་འགྲུབ་པའི་”གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་རབ་དང་རིམ་པའི་སྐྱེ་ཁམས་ཆེད་དོན་སྤེལ།
ཀྲང་ཝེ་ཏུང་གིས་རུ་ཁག་ཁྲིད་དེ་ཧྥུ་ཏེན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོ་མཉམ་འབྲེལ་འགྲན་བསྡུར་བདེ་ཆེན་འགྲན་རའི་གྲ་སྒྲིག་ལས་དོན་ལ་ཞིབ་འཇུག་བརྟག་དཔྱད་བྱས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53342102000007
