སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཁུལ་ཨུས་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་གྲ་སྒྲིག་ལས་དོན་གྱི་ཆེད་དོན་གྲོས་ཚོགས་འཚོགས།

ཁྱབ་བསྒྲགས་དུས་ཚོད་:2025ལོ་11ཟླ་བ་10ཉི་མ་ 15:09:39


    ཟླ་11པའི་ཚེས་7་ཉིན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་གྲ་སྒྲིག་ལས་དོན་ཆེད་དོན་གྲོས་ཚོགས་འཚོགས་པར་གཙོ་སྐྱོང་གནང་། ཁོང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱས་ཏེ།ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོན་པོའི་ངང་ཁུལ་ཡོངས་ཀྱི་“ལོ་ལྔ་ཚན་བཅོ་ལྔ་པའི་”འཆར་འགོད་སྒྲིག་བཟོ་དང་ཚང་འཛོམས་གྲོས་ཚོགས་ཀྱི་གྲ་སྒྲིག་ལས་དོན་ཁག་སྐུལ་འདེད་གཏོང་ཞིང་། ཏན་ཏིག་ངང་2026ལོའི་ལས་འགན་གཙོ་གནད་འཆར་འགོད་ཡག་པོ་བྱས་ནས། “ལོ་ལྔ་ཚན་བཅོ་ལྔ་པའི་”འགོ་ཡག་པོ་ཚུགས་པར་རྨང་གཞི་བརྟན་པོ་འདིང་དགོས་ཞེས་ནན་གསུང་གནང་། 

    གྲོས་ཚོགས་ཐོག་ཁུལ་ཨུ་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་གྲ་སྒྲིག་ལས་དོན་གྱི་གནས་ཚུལ་དང་《ཀྲུང་གུང་བདེ་ཆེན་ཁུལ་ཨུས་བདེ་ཆེན་ཁུལ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་“ལོ་ལྔ་ཚན་བཅོ་ལྔའི”འཆར་འགོད་གཏན་འབེབས་བྱས་པའི་སྐོར་གྱི་གྲོས་གཞི་》འཆར་ཟིན་གྱི་གནས་ཚུལ་ཉན་ཏེ། ཚོགས་ཞུ་འགོ་ཁྲིད་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོས་ལས་དོན་དངོས་དང་ཟུང་འབྲེལ་བྱས་ཤིང་བསམ་འཆར་གྲོས་གཞི་འདོན།

    གྲོས་ཚོགས་ཐོག་ནན་བཤད་གནང་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་བྱས་པར་རྒྱུན་འཁྱོངས་བྱས་ཏེ། ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དང་ཞིང་ཨུའི་ལས་དོན་བླང་བྱའི་ཚད་གཞི་ལྟར། “ལོ་ལྔ་ཚན་བཅོ་ལྔ་པའི་”དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་བསམ་བློ་དང་རྩ་དོན་གལ་ཆེན། དམིགས་ཡུལ་གཙོ་བོ། འཐབ་ཇུས་ལས་འགན།  བྱ་ཐབས་གལ་ཆེན་བཅས་ཁོང་དུ་ཡང་དག་ཆུད་དེ།  རང་འགུལ་ངང་བདེ་ཆེན་དེ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་“ལོ་ལྔ་ཚན་བཅོ་ལྔ་པའི་”འཕེལ་རྒྱས་ཁྱོན་ཡོངས་ཀྱི་འཆར་འགོད་ཐོག་བཞག་ནས།  རང་ཁུལ་གྱི་“ལོ་ལྔ་ཚན་བཅོ་ལྔ་པའི་”འཆར་འགོད་ཀྱི་གྲོས་གཞི་དང་རྩ་གནད་དེ་མཛུབ་ཁྲིད་བསམ་བློ་དང་དམིགས་ཡུལ་གཏན་ཁེལ།  ལས་འགན་བཀོད་སྒྲིག་ཐོག་མཉམ་མཐུན་མཉམ་དར་ཡོང་བར་འགན་ལེན་བྱ་དགོས།  འཕེལ་རྒྱས་ཀྱི་དུས་རིམ་གསར་པའི་དམིགས་ཡུལ་བླང་བྱ་ཁོང་དུ་ཡང་དག་ཆུད་དེ། སྔོན་ལྟ་རང་བཞིན་གྱི་འཆར་འགོད་ཤུགས་སྣོན་རྒྱག་པ་དང་བདེ་ཆེན་གྱི་དོན་དངོས་དང་ཟུང་འབྲེལ་གཏིང་ཟབ་བྱས་ནས། རང་ཁུལ་གྱི་“ལོ་ལྔ་ཚན་བཅོ་ལྔ་པའི་”དུས་རིམ་གྱི་དམིགས་ཡུལ་ཚུགས་གནས་དང་འཕེལ་རྒྱས་ལམ་བུ་དབྱེ་ཞིབ་གསལ་པོ་བྱ་དགོས། རྒྱ་ཁྱབ་ངང་བསམ་འཆར་བསྡུ་ལེན་བྱས་པ་དང་གང་ལེགས་ངང་དམངས་གཙོ་དར་སྤེལ་གཏོང་བ། ཕྱོགས་ཁག་གི་བློ་རིག་གཅིག་བསྡུས་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི་”འཆར་འགོད་དེ་བདེ་ཆེན་གྱི་དོན་དངོས་དང་མཐུན་པ་དང་འཕེལ་རྒྱས་ཀྱི་ཆོས་ཉིད་དང་བསྟུན་པ།  དུས་རབས་ཀྱི་ཁྱད་ཆོས་ལྡན་པ།  མི་དམངས་ཀྱི་འདོད་བློ་མཚོན་པར་འགན་ལེན་བྱས་ནས། ནུས་ཤུགས་ཡོད་རྒུས་ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་ལག་བསྟར་སྐུལ་འདེད་གཏོང་བར་ཚན་རིག་དང་མཐུན་པའི་ཁྲིད་སྟོན་མཁོ་འདོན་བྱ་དགོས། 

གྲོས་ཚོགས་ཐོག་བླང་བྱ་བཏོན་དོན།

གཅིག་འགྱུར་འཆར་འགོད་བྱས་པར་ཤུགས་སྣོན་རྒྱག་སྟེ། ཁུལ་ཡོངས་ཀྱི་ལས་དོན་གཙོ་གནད་དང་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་བྱས་པར་གཅིག་བསྡུས་བྱས་ཤིང་། འཆར་འགོད་ཀྱི་《གྲོས་གཞི་》ནང་དོན་འཐུས་ཚང་དུ་གཏོང་ནས།  འཆར་འགོད་ཀྱི་《གྲོས་གཞི་》དང་《རྩ་གནད་》དེ་སྦྲེལ་མཐུད་ནུས་ལྡན་དང་ངོ་བོ་གཏན་འཁེལ་བྱས་པའི་བླང་བྱ།  གྲངས་བཅད་ཚད་གཞི་བཅས་ཕན་ཚུན་རྒྱབ་སྐྱོར་བྱས་པར་སྐུལ་འདེད་གཏོང་དགོས། དམིགས་ཡུལ་ལས་འགན་ཞིབ་ཚགས་བཟོས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི་”འཕེལ་རྒྱས་ཀྱི་སྤྱིའི་བཀོད་སྒྲིག་ལ་དམིགས་ནས།ཚན་རིག་དང་མཐུན་པའི་ངང་ལོ་འཁོར་གྱི་ལས་དོན་དམིགས་ཡུལ་གཏན་འབེབས་བྱས་ཏེ།  དུས་རིམ་གསལ་པོ་དང་ལས་འགན་ཞིབ་ཕྲ།  གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བར་སྒྲུབ་ཐུབ་དགོས།  ལས་དོན་འགན་འཁྲི་དོན་འཁྱོལ་བྱས་ཏེ།  ཡིག་ཆ་འཆར་ཟིན་དང་ཚོགས་དོན་རྩ་འཛུགས།  དྲིལ་བསྒྲགས་ཁྲིད་སྟོན་སོགས་ལས་དོན་ཁག་སྐུལ་འདེད་ཇེ་མགྱོགས་གཏོང་ནས། ཚང་འཛོམས་གྲོས་ཚོགས་བདེ་བླག་ངང་འཚོགས་པར་འགན་ལེན་བྱ་དགོས།  

    ལུའུ་ཀྲི་ཅུན་དང་དབྱང་ཞུའེ་ཝུན་གྲོས་ཚོགས་ནང་ཞུགས།  

  • ཀྲོའུ་ནང་ཁུལ་གྱི་མགོ་གཙོ་

མདོ་འཛིན་པས་དགུན་ཁ་མེ་འགོག་ལ་དོ་སྣང་བྱ་དགོས་ལུགས་སྐོར་བཤད།

རང་ཁུལ་གྱིས་“12·4”རྒྱལ་ཁབ་རྩ་ཁྲིམས་ཉིན་མོའི་བྱེད་སྒོ་སྤེལ།

གངས་ལྗོངས་ས་མཐོའི་ཏང་དར་དམར་པོ། “ལོ་ལྔ་ཚན་བཅུ་བཞི་པ”ཡི་དུས་སྐབས་སུ་བདེ་ཆེན་གྱིས་སྤུས་ཚད་མཐོ་བའི་སྒོ་ནས་ཏང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ།

བདེ་ཆེན་ཁུལ་གྱིས་ “ སྤུས་ཚད་མཐོ་བའི་ངང་ ‘ ལོ་ལྔ་ཚན་བཅུ་བཞི་པའི་ ’ འཆར་འགོད་ ” འགྲུབ་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་རབ་དང་རིམ་པའི་ཏང་གི་འཛུགས་སྐྲུན་གྱི་ཆེད་དོན་སྤེལ།

ཁུལ་ཨུས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འགོའི་བཞུགས་མོལ་ཚོགས་འདུ་འཚོགས།

ལུའོ་ཁྲའོ་ཧྥེང་གིས་རྒྱལ་ཁབ་གློག་གཏོང་ཚོགས་ཁག་ཡུན་ནན་རྒྱལ་སྤྱི་གློག་ཤུགས་གཏོང་འཇོག་ཚད་ཡོད་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ལས་འཛིན་པ་ཧྥུ་ཅིན་སུང་དང་བཅས་པ་ལ་ཐུག་འཕྲད་གནང་།

བདེ་ཆེན་ཁུལ་གྱིས་“སྤུས་ཚད་མཐོ་བའི་ངང་‘ལོ་ལྔ་ཚན་བཅུ་བཞི་པའི’་འཆར་འགོད་འགྲུབ་པའི་”གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་རབ་དང་རིམ་པའི་སྐྱེ་ཁམས་ཆེད་དོན་སྤེལ།

ཀྲང་ཝེ་ཏུང་གིས་རུ་ཁག་ཁྲིད་དེ་ཧྥུ་ཏེན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོ་མཉམ་འབྲེལ་འགྲན་བསྡུར་བདེ་ཆེན་འགྲན་རའི་གྲ་སྒྲིག་ལས་དོན་ལ་ཞིབ་འཇུག་བརྟག་དཔྱད་བྱས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53342102000007

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com