ཞི་ཅིན་ཕིང་གིས་འཕྲིན་ལན་སྤྲིངས་ནས་ཀྲུང་གུང་ཚོཌ་ཆེན་དང་པོའི་དྲན་གསོ་ཁང་དང་ནན་ཧུའུ་མཚེའུ་གསར་བརྗེའི་དྲན་གསོ་ཁང་གི་ལོ་ཆུང་གདོང་ལེན་རུ་ཁག་གི་སྐེ་དར་དམར་པོའི་འཆད་འགྲེལ་པ་ཚོར་སྐུལ་ལྕག་གནང་བ།
གསར་བརྗེའི་ས་བོན་རྒྱུན་འཛིན་དང་ཤེས་བྱ་དང་འཇོན་ཐང་འཕེལ་བར་བྱས་ཏེ་རྒྱང་ལམ་གསར་པར་ལོ་རྒྱུས་ཀྱི་རྒྱུག་མཐུད་འགྲན་བསྡུར་ནང་ཡག་པོ་རྒྱུག་དགོས།
རྒྱལ་ཡོངས་ཀྱི་གྲོགས་པོ་ཆུང་ཆུང་ཚོར“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུས་གནང་བ།
འཕྲིན་ལན།
ཀྲུང་གུང་ཚོགས་ཆེན་དང་པོའི་དྲན་གསོ་ཁང་དང་ནན་ཧུའུ་མཚེའུ་གསར་བརྗེའི་དྲན་གསོ་ཁང་གི་ལོ་ཆུང་གདོང་ལེན་རུ་ཁག་གི་སྐེ་དར་དམར་པོའི་འཆད་འགྲེལ་པ་རྣམས་ལ།
འཕྲིན་ཡིག་འབྱོར་བྱུང་། ཁྱེད་ཚོས་ཚོགས་ཆེན་དང་པོ་འཚོག་ཡུལ་དང་ནན་ཧུའུ་མཚེའུ་ཡི་གྲུ་དམར་འགྲམ་དུ་ཏང་གི་ལོ་རྒྱུས་དང་། གསར་བརྗེའི་གཏམ་རྒྱུད། དཔའ་བོའི་མཛད་རྗེས་བཅས་བརྩེ་བ་ཟབ་མོས་གླེང་ནས་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་ཀྱི་བརྩེ་སེམས་ཟབ་ཏུ་བཏང་བ་དང་སྦྲགས། ཞུན་བརྡར་དང་འཚར་ལོངས་བྱུང་བར་ང་རང་དགའ་ཚོར་ཆེན་པོ་བྱུང་།
ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་ལོ་ཡིན་ཞིང་། ཏང་གི་བྱ་གཞག་ལ་མི་རབས་ནས་མི་རབས་བར་རྒྱུན་མཐུད་ནས་འབད་འཐབ་བྱེད་དགོས། ཁྱེད་ཚོས་རུ་དར་མཐོན་པོར་བསྒྲེངས་ཏེ་ཏང་གི་རྗེས་སུ་འབྲང་བ་དང་། གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད་པ། ཤེས་བྱ་དང་འཇོན་ཐང་ཆེ་རུ་གཏོང་བ། བློ་སྟོབས་དང་གཤིས་རྒྱུད་ལ་ཞུན་བརྡར་སྤྲོས་པ། ཏང་དང་མི་དམངས་ཀྱི་གསར་བརྗེའི་བུ་ཕྲུག་ཡག་པོ་ཞིག་བཅས་བྱས་ནས། རྒྱང་ལམ་གསར་པར་ལོ་རྒྱུས་ཀྱི་རྒྱུག་མཐུད་འགྲན་བསྡུར་ནང་ཡག་པོ་རྒྱུག་དགོས།
“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་འཆར་ལ་ཉེ་བས། ཁྱེད་ཚོ་དང་རྒྱལ་ཡོངས་ཀྱི་གྲོགས་པོ་ཆུང་ཆུང་ཚོར་དུས་ཆེན་ལ་རྟེན་འབྲེལ་ཞུ་གི་ཡིན།
ཞི་ཅིན་ཕིང་།
2026ལོའི་ཟླ་5ཚེས་30ཉིན།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་31ཉིན་འབྱོར་བའི་གློག་འཕྲིན)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་31ཉིན་གློག་འཕྲིན་འབྱོར་གསལ། “དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་འཆར་ཉེའི་མཚམས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་གུང་ཚོགས་ཆེན་དང་པོའི་དྲན་གསོ་ཁང་དང་ནན་ཧུའུ་མཚེའུ་གསར་བརྗེའི་དྲན་གསོ་ཁང་གི་ལོ་ཆུང་གདོང་ལེན་རུ་ཁག་གི་སྐེ་དར་དམར་པོའི་འཆད་འགྲེལ་པར་འཕྲིན་ལན་སྤྲིངས་ནས་ཁོང་ཚོར་བྱམས་བརྩེའི་སྐུལ་ལྕག་གནང་བ་མ་ཟད། ཁོང་ཚོ་དང་རྒྱལ་ཡོངས་ཀྱི་ལོ་ཆུང་བྱིས་པ་རྣམས་དུས་ཆེན་སྤྲོ་པོ་ཡོང་བའི་སྨོན་འདུན་ཡང་ཞུས་གནང་བ་རེད།
ཞི་ཅིན་ཕིང་གིས་འཕྲིན་ལན་ནང་གསུངས་དོན། ཁྱེད་ཚོས་ཚོགས་ཆེན་དང་པོ་འཚོག་ཡུལ་དང་ནན་ཧུའུ་མཚེའུ་ཡི་གྲུ་དམར་འགྲམ་དུ་ཏང་གི་ལོ་རྒྱུས་དང་། གསར་བརྗེའི་གཏམ་རྒྱུད། དཔའ་བོའི་མཛད་རྗེས་བཅས་བརྩེ་བ་ཟབ་མོས་གླེང་ནས་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་ཀྱི་བརྩེ་སེམས་ཟབ་ཏུ་བཏང་བ་དང་སྦྲགས། ཞུན་བརྡར་དང་འཚར་ལོངས་བྱུང་བར་ང་རང་དགའ་ཚོར་ཆེན་པོ་བྱུང་།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་ལོ་ཡིན་ཞིང་། ཏང་གི་བྱ་གཞག་ལ་མི་རབས་ནས་མི་རབས་བར་རྒྱུན་མཐུད་ནས་འབད་འཐབ་བྱེད་དགོས། ཁྱེད་ཚོས་རུ་དར་མཐོན་པོར་བསྒྲེངས་ཏེ་ཏང་གི་རྗེས་སུ་འབྲང་བ་དང་། གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད་པ། ཤེས་བྱ་དང་འཇོན་ཐང་ཆེ་རུ་གཏོང་བ། བློ་སྟོབས་དང་གཤིས་རྒྱུད་ལ་ཞུན་བརྡར་སྤྲོས་པ། ཏང་དང་མི་དམངས་ཀྱི་གསར་བརྗེའི་བུ་ཕྲུག་ཡག་པོ་ཞིག་བཅས་བྱས་ནས། རྒྱང་ལམ་གསར་པར་ལོ་རྒྱུས་ཀྱི་རྒྱུག་མཐུད་འགྲན་བསྡུར་ནང་ཡག་པོ་རྒྱུག་དགོས། (འཕྲིན་ལན་གྱི་ནང་དོན་ཆ་ཚང་ལོགས་སུ་བཀོད་ཡོད)
2021ལོར“ཏང་གི་གཏམ་རྒྱུད་ང་ཡིས་ཤོད། སྐེ་དར་དམར་པོའི་འཆད་འགྲེལ་པ་ཡག་པོ་ཞིག་བྱེད”ཅེས་པའི་ལག་ལེན་ཉམས་ལེན་གྱི་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ་དང་། ས་གནས་ཁག་གིས་ལོ་ཆུང་གདོང་ལེན་རུ་མི་སྒྲིག་འཛུགས་བྱས་ཏེ་གསར་བརྗེའི་གནས་ཡུལ་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་ཏང་གི་གཏམ་རྒྱུད་འཆད་འགྲེལ་བྱེད་པར་བསྐྱོད་ཡོད། ཉེ་ཆར། ཧྲང་ཧའེ་ཀྲུང་གུང་ཚོགས་ཆེན་དང་པོའི་དྲན་གསོ་ཁང་དང་ཀྲེ་ཅང་ཅ་ཤིང་ནན་ཧུའུ་མཚེའུ་གསར་བརྗེའི་དྲན་གསོ་ཁང་གི་ལོ་ཆུང་གདོང་ལེན་རུ་ཁག་གི་སྐེ་དར་དམར་པོའི་འཆད་འགྲེལ་པའི་འཐུས་མིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་འཆད་འགྲེལ་བྱེད་སྒོར་ཞུགས་པའི་གྲུབ་འབྲས་དང་འཚར་ལོངས་གནས་ཚུལ་སྙན་སེང་ཞུས་ཏེ། དུས་རབས་གསར་པའི་ལོ་ཆུང་ཡག་པོ་ཞིག་བྱེད་པའི་ཆོད་སེམས་མཚོན་པར་བྱས་པ་རེད།
- བདེ་ཆེན་གསར་འགྱུར།
ཞོགས་པ་བདེ་ལེཊ།འཛམ་གླིང་གི་སེམས་ཀྱི་ཉི་ཟླ།ཡང་ཐང་གི་རེ་ལྕག་མེ་ཏོག
ཡུན་ནན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྗང་མདོག་རྨང་གཞི་བརྟན་དུ་བཏང་བ།
བདེ་ཆེན་རུ་ཁག་རྐང་རྩེད་སྤོ་ལོའི་ཆད་གྲུག་ཁྲོད་ཁུན་མིང་རུ་ཁག་ལས་ཕམ་པ།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། མཚམས་སྤྲིན་འོག་གི་སུམ་རྩེན་གླིང་།
“གངས་ལྗོངས་རྩེར་ཐོན་ཆང་བསྙལ།མཐོ་སྒང་སྤུས་ལེགས་ཐོན་རྫས”སེམས་ཀྱི་ཉི་ཟླའི་རྒུན་ཆང་ཐོན་ཁུལ་དང་སྤུས་རྟགས་ཆང་བསྙལ་བཟོ་གྲྭའི་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།
ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་དེ་ཡུན་ནན་སློབ་ཆེན་དུ་ཕེབས་ནས་སློབ་གྲྭ་དང་ས་གནས་བར་གྱི་མཉམ་ལས་དོན་དག་ལ་འབྲེལ་མཐུད་བྱས།
ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།
ཁུན་མིང་དང་བདེ་ཆེན་གྱིས་མཛའ་མཐུན་མཉམ་ལས་ཀྱི་ཚོགས་འདུ་འཚོགས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108