ཐོན་ལས་འཁོར་འབྲེལ་སྟོད་སྨད་ཀྱི་འགག་གནད་དེ་བས་གནད་སྨིན་ངང་ཤེས་དགོས།
“འཐུས་མི་ཁྲེན་ལགས། ང་ཚོར་སྲིད་ཇུས་བཟང་པོ་དེ་བས་མང་བ་ཡིན་གཅིག་བརྩོན་ལེན་གནང་རོགས། ‘གནམ་ལ་རེ་རྒྱུ’ཉེན་ཁ་ཆེ་དྲགས་འདུག རྒྱ་མཚོའི་རླུང་འཚུབ་ཆེན་པོ་རྒྱག་ཐེངས་གཅིག་ལ་ལོ་མང་རིང་དཀའ་ལས་བརྒྱབ་པ་དག་སྟོང་པར་འགྱུར་འགྲོ་གི་འདུག” འདི་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཀོང་ཏུང་ཡུའེ་ཆུན་རྒྱ་མཚོའི་སྐྱེ་དངོས་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིའི་ཐོན་སྐྱེད་ལྟེ་གནས་ཀྱི་སྤུས་ཚད་ཞིབ་བཤེར་པ་ཁྲེན་དབྱང་གིས་འདས་པའི་ལོ་གཅིག་རིང་གི་བརྟག་ཞིབ་བྱེད་རིང་། ཆུ་ཐོན་དངོས་རིགས་གསོ་སྤེལ་བྱེད་མཁན་གྱིས་ཁོང་ལ་བརྗོད་མང་ཤོས་ཀྱི་སྐད་ཆ་ཡིན།
“མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ཕྱོགས་གཉིས་ནས་བསམ་བློ་གཏོང་དགོས། ཕྱོགས་གཅིག་ནས་གཞི་རིམ་གྱི་གནས་ཚུལ་དག་ཇི་མ་ཇི་བཞིན་གོང་རིམ་ལ་སྙན་སེང་ཞུ་དགོས་པ་དང་། ཕྱོགས་གཞན་ཞིག་ནས་གཞི་རིམ་ལ་སྲིད་ཇུས་བརྩོན་ལེན་གང་ལེགས་བྱེད་དགོས”ཞེས་ཁྲེན་དབྱང་གིས་གསུངས། 2025ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་རིང་། ཁྲེན་དབྱང་གིས་ཆུ་ཐོན་དངོས་རིགས་གསོ་སྤེལ་གྱི་འགན་བཅོལ་ཀུན་ཕན་ཡོངས་ཁྱབ་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་གྲོས་འགོ་བཏོན་པར། ཞིང་ལས་གྲོང་གསེབ་པུའུ་ཡིས། ནོར་སྲིད་པུའུ་དང་དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་ལ་གཞོགས་འདེགས་བྱས་ཏེ། ཉ་ལས་སྲིད་ཇུས་རང་བཞིན་གྱི་འགན་བཅོལ་མ་ལག་འཛུགས་སྐྱོང་ལ་སྔར་བས་ཞིབ་འཇུག་དང་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ལན་ཁ་གསལ་བརྒྱབ་པ་རེད།
བརྡ་ལན་འབྱོར་རྗེས། ཁྲེན་དབྱང་ལ་སྐུལ་མ་ཆེན་པོ་ཐེབས། ད་ལོ། ཁོང་གིས་ཆུ་ཐོན་དངོས་རིགས་གསོ་སྤེལ་གྱི་འགན་བཅོལ་ཀུན་ཕན་ཡོངས་ཁྱབ་ལ་སྐུལ་འདེད་བཏང་ནས་ཆུ་ཐོན་དངོས་རིགས་གསོ་སྤེལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་སྐོར་གྱི་གྲོས་འགོ་འདོན་རྩིས་ཡོད་པ་རེད།
ཁ་ཕྱོགས་གཏན་འཁེལ་རྗེས། དེའི་ཕྱོགས་སུ་ཤུགས་རྒྱག་པའི“གཟབ་ནན”གྱི་གཤིས་ཀ་ནི་ཁྲེན་དབྱང་རང་ཉིད་ཀྱི་སྤུས་ཚད་ཞིབ་བཤེར་བའི་རང་འཁྲིའི་ལས་ཀ་ནས་བྱུང་བ་ཡིན། “ཁེ་ལས་སུ་ངས་སྤུས་ཚད་ཚོད་འཛིན་གྱི་ལས་ཀ་བྱེད་ཀྱི་ཡོད་པས། ཉིན་ལྟར་ཉ་སོགས་ཀྱི་གཟན་ཆག་ལ་ལྟ་བཞིན་ཡོད། གཟན་ཆག་གི་སྤུས་ཚད་ཡག་པོ་ཡོད་མེད་དེ་གསོ་སྤེལ་དུད་ཚང་ཚོའི་ལོ་གཅིག་གི་ཡོང་འབབ་དང་ཐད་ཀར་འབྲེལ་བས། ངས་ངེས་པར་དུ་གནད་སྨིན་ཞིབ་ཚགས་བྱེད་དགོས། ཁག་ཐེངས་རེ་རེའི་ཞིབ་དཔྱད་ཚད་ལེན་གྱི་གྲངས་གཞི་ནི་གསོ་སྤེལ་དུད་ཚང་ལ་བཞག་པའི་ཁས་ལེན་ཡི་གེ་དང་གཉིས་སུ་མེད”ཅེས་ཁྲེན་དབྱང་གིས་གསུངས།
“རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཐོབ་ཐང་འདིས། ང་རང་ཐོན་སྐྱེད་བཟོ་འཁོར་དང་ཁེ་ལས་ཤིག་ནས་བརྒལ་ཏེ། དེ་བས་རྒྱ་ཆེ་བའི་ལས་རིགས་ཁྲོད་དུ་ཁྲིད་བྱུང་བས། ནམ་རྒྱུན་འཁོར་ཁང་ནང་དང་རྫིང་བུའི་འགྲམ་ནས་ཐོས་པའི་རེ་འདོད་དག་ཚང་མས་ཐོས་པ་དང་། མཐོང་ཆེན་བྱེད་པ། ཐག་གཅོད་བཅས་ཐུབ་པར་བྱ་རྒྱུའི་འགན་འཁྲི་ཡོད” འདས་ཟིན་པའི་ལོ་གཅིག་ནང་། ཁྲེན་དབྱང་གིས་ཀོང་ཏུང་གི་ས་ཆ་མང་པོར་ཕེབས་ཏེ། མཚོ་ཐོག་ཟོག་ར་འཛུགས་སྐྲུན་དང་། ལྗང་མདོག་མཛེས་ལྡན་གྱི་ཀོང་ཏུང་སྐྱེ་ཁམས་འཛུགས་སྐྲུན། རྒྱུན་འཁོར་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཆེད་དོན་བརྟག་ཞིབ་གནང་ཡོད། མིག་སྔར། ཁྲེན་དབྱང་གིས་སྐྱོན་བྲལ་གསོ་སྤེལ་དང་། སྐྱེ་ཁམས་སྙོམས་སྒྲིག སྤྱོད་དངོས་ཉེན་མེད་བཅས་ཀྱི་ཐད་ནུས་ཤུགས་དེ་བས་ཆེན་པོ་འདོན་གྱི་ཡོད་པ་རེད།
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
བདེ་ཆེན་ཁུལ་གྱི་འགོ་ཁྲིད་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་འཛིན་གྲྭ་དང་ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་གཅིག་སྡུད་སློབ་སྦྱོང་བྱས།
《ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སློབ་སྦྱོང་གི་དྲི་བ་དྲིས་ལན》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།
ནགས་ཕག་མཚོ་དང་ཁྲུང་ཁྲུང་སྐེ་ནག
ལུའོ་ཁྲའོ་ཧྥེང་གིས་གཞི་རིམ་གྱི་འཐབ་ཕྱོགས་དང་པོ་དང་དེ་བཞིན་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་དུ་བརྟག་ཞིབ་བྱེད་པར་སྐྱོད་སྐབས། གཞི་རིམ་གྱི་བཅོས་སྐྱོང་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ནས་སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
[ངའི་འགན་སྒྲུབ་ཀྱི་གཏམ་རྒྱུད།] རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡུས་ཧྥེ་ཞ་ཡིས་དམངས་ཀྱི་འདོད་བློ་ཚོགས་འདུ་གཉིས་ལ་བསྐྱལ་ནས་དངོས་སྒྲུབ་ལ་བརྟེན་ཏེ་གྲོང་གསེབ་ལ་བཀྲགས་མདངས་བསྣན་པ།
ལུའོ་ཁྲའོ་ཧྥེང་སུམ་རྩེན་གླིང་དུ་བརྟག་ཞིབ་གནང་བ།
ཁུལ་ཁོངས་སུ་གཏོགས་པའི་རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱི་འགོ་ཁྲིད་ཚན་པའི་བཞུགས་མོལ་ཚོགས་འདུ་འཚོགས་པ།
ཡུན་ནན་དུ་དཔྱིད་དཔལ་རབ་ཏུ་བཞད།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108