中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས།

ཁྱབ་བསྒྲགས་དུས་ཚོད་:2026-09-02 10:05:01 འབྱུང་ཁུངས་:中国西藏新闻网

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་1ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་17པའི་ཐོག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས》ཞེས་པ་བཀོད་ཡོད། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་2013ལོའི་ཟླ་6པ་ནས་2026ལོའི་ཟླ་7པའི་བར་གྱི་འབྲེལ་ཡོད་རྣམ་བཤད་གལ་ཆེན་གྱི་གནད་བསྡུས་ཤིག་རེད།

རྩོམ་ཡིག་ནང་ནན་བཤད་བྱས་དོན། ཏང་གིས་ཏང་ལ་དོ་དམ་བྱས་ན་གཞི་ནས་ཏང་ལ་དོ་དམ་ཡག་པོ་བྱེད་ཐུབ། ཏང་ནན་པོས་བསྐྱངས་ན་གཞི་ནས་ཏང་ལེཌ་པར་སྐྱོང་ཐུབ། འགན་འཁྲི་གསལ་པོ་མེད་པ་དང་། འགན་འཁྲི་དོན་འཁྱོལ་མི་བྱེད་པ། འགན་འཁྲི་བདའ་འདེད་མི་གཏོང་བ་བཅས་བྱས་ན་ཏང་ནན་པོས་སྐྱོང་མི་ཐུབ། ཏང་ནན་པོས་སྐྱོང་བར་ངེས་པར་དུ་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་དོན་འཁྱོལ་བྱེད་དགོས། རིམ་ཁག་ཏང་རྩ་འཛུགས་དང་དེ་བཞིན་ཏང་ཡོན་དང་ལས་བྱེད་པ་ཡོངས་ཀྱིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་དགོས་ཤིང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱ་རྒྱུ་དེ་ཆེས་རྩ་བའི་ཆབ་སྲིད་ཀྱི་འགན་འཁྲི་ཞིག་ལ་བརྩིས་ཏེ་འགན་འཁྲི་ཤེས་པ་དང་། འགན་འཁྲི་འཁུར་བ། འགན་འཁྲི་སྒྲུབ་པ་བཅས་ཀྱི་ཐོག་ནས་ཏང་ཡོངས་ཀྱིས་མཉམ་དུ་དམ་འཛིན་བྱེད་པའི་རྣམ་པ་ཡག་པོ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས།

རྩོམ་ཡིག་ནང་བསྟན་དོན། བྱེད་པོ་དང་བླང་བྱ་ཁ་གསལ་བའི་འགན་འཁྲིའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་ནི་ཏང་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་རེད། ཏང་རྩ་འཛུགས་དང་འགོ་ཁྲིད་ལས་བྱེད་པ་སུ་ཞིག་ཡིན་རུང་སེམས་ཁུར་མི་བྱེད་པར་སྡོད་མི་རུང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲིའི་ཁོངས་སུ་བྱེད་པོའི་འགན་འཁྲི་དང་། ལྟ་སྐུལ་གྱི་འགན་འཁྲི། འགན་འཁུར་བ་ཨང་དང་པོའི་འགན་འཁྲི། “ལས་གནས་གཅིག་ལ་འགན་འཁྲི་གཉིས”སོགས་ཡོད། དེ་དག་ལས་འགན་འཁྲིའི་འབྲེལ་ཐག་ཆ་ཚང་ཞིག་གྲུབ་ཅིང་། འགན་འཁྲི་ཚང་མ་ཧ་ཅང་གལ་ཆེན་ཡིན་པས་ཚང་མ་དོན་འཁྱོལ་ནན་པོ་བྱེད་པ་ལས་ཁྲལ་སེལ་སླ་བཅོས་བྱེད་མི་རུང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ལས་བྱེད་པ་འདེམས་སྒྲུག་དང་བཀོལ་སྤྱོད་ཡག་པོ་བྱེད་པ། དབང་ཆ་འཁོར་རྒྱུག་ལ་ལྟ་སྐུལ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། མང་ཚོགས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་བྱེད་པ་སོགས་ལ་དམིགས་ནས་ཏང་ཨུད(ཏང་ཙུའུ)ཀྱི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་ཁ་གསལ་བཟོ་དགོས་པ་དང་། ལས་ཕྱོད་ཆེན་པོས་ལྟ་སྐུལ་དང་། སྒྲིག་ཁྲིམས་ལག་བསྟར་ནན་པོ། འགན་འཁྲི་རྩད་གཅོད་གནད་འཁེལ་སོགས་ལ་དམིགས་ནས་རིམ་ཁག་སྒྲིག་ཨུད་ཀྱི་ལྟ་སྐུལ་འགན་འཁྲི་ཁ་གསལ་བཟོ་དགོས། ཚན་ཁག་ལ་དམ་འཛིན་ཡག་པོ་བྱེད་པ་དང་། དཔུང་ཁག་ལ་སྣེ་ཁྲིད་ཡག་པོ་བྱེད་པ། དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་ལ་དམིགས་ནས་ཏང་ཨུད(ཏང་ཙུའུ)ཀྱི་ཧྲུའུ་ཅིའི་འགན་འཁུར་བ་ཨང་དང་པོའི་འགན་འཁྲི་ཁ་གསལ་བཟོ་དགོས། འགན་འཁྲི་དང་ལས་འགན་ཁག་བགོས་ཟུང་འབྲེལ་བྱས་ཏེ“ལས་གནས་གཅིག་ལ་འགན་འཁྲི་གཉིས”ཀྱི་བླང་བྱ་ལྟར་འགོ་ཁྲིད་ཚན་ཁག་གི་ཁོངས་མི་གཞན་དག་གི་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་ཁ་གསལ་བཟོ་དགོས། རང་གཅུན་ནན་པོ་དང་ཕན་ཚུན་ལྟ་སྐུལ་དང་། ཕན་ཚུན་དྲན་སྐུལ་དང་ཕན་ཚུན་རོགས་རམ་བྱེད་པར་དམིགས་པའི་ཁར། ཏང་ཡོན་དང་ལས་བྱེད་པའི་ལས་གནས་ཀྱི་ཁྱད་ཆོས་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཏང་ཡོན་དང་ལས་བྱེད་པའི་ཞིབ་ཕྲའི་འགན་འཁྲི་ཁ་གསལ་བཟོ་དགོས།

རྩོམ་ཡིག་ནང་བསྟན་དོན། “འགན་འཁྲི”ཞེས་པའི་ཡིག་འབྲུ་གཉིས་དམ་པོར་འཛིན་པ་དང“འགན་འཁྲི་རྩད་གཅོད”ཅེས་པའི་གནད་འགག་དམ་པོར་བཟུང་སྟེ། དབང་འགན་འདྲ་མཚུངས་དང་འགན་འཛོལ་རྩད་གཅོད་ངེས་པར་དུ་བྱེད་དགོས། འགན་འཁྲི་དོན་འཁྱོལ་གྱི་དཔྱད་བསྡུར་ལམ་སྲོལ་ལེགས་སུ་བཏང་སྟེ། རིམ་པ་ཁག་དང་སྡེ་ཚན་ཁག་གི་ཏང་རྩ་འཛུགས་ཀྱི་འགན་འཁུར་བ་དང་ལྷག་པར་དུ་ཏང་ཨུད(ཏང་ཙུའུ)ཀྱི་ཧྲུའུ་ཅིར་དཔྱད་ཞིབ་བྱེད་པར། ཐོག་མར་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་པའི་ཕན་འབྲས་ལ་ལྟ་དགོས་པ་དང་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་གཞན་དག་གི་ལས་ཀར་དཔྱད་ཞིབ་བྱེད་པར་དེའི་ཐད་ཀྱི་གནས་ཚད་ལའང་ཤུགས་སྣོན་རྒྱག་དགོས། ཚན་རིག་དང་མཐུན་པའི་འགན་འཁྲི་རྩད་གཅོད་ལམ་སྲོལ་འཐུས་སྒོ་ཚང་དུ་གནད་སྨིན་བཏང་སྟེ། འགན་འཁྲིའི་བྱེད་པོ་དམིགས་སར་འབྱོར་བ་དང་། འགན་འཁྲིའི་བླང་བྱ་དམིགས་སར་འབྱོར་བ། དཔྱད་ཞིབ་རྩད་གཅོད་དམིགས་སར་འབྱོར་བ་བཅས་ལ་བརྟེན་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས།

རྩོམ་ཡིག་ནང་། ས་གནས་དང་སྡེ་ཚན་གཅིག་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་རྣམ་པ་ཇི་ལྟར་ཡིན་མིན་གྱི་འགག་རྩ་ནི། ཏང་རྩ་འཛུགས་དང་། འགོ་ཁྲིད་ལས་བྱེད་པ། ལྷག་པར་དུ“གཙོ་འགན་འཁུར་མཁན”བཅས་ཀྱིས་འགན་འཁྲི་ཡག་པོ་བསྒྲུབས་ཡོད་མེད་ལ་ཐུག་ཡོད། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཏང་འཛུགས་སྐྱོང་བྱེད་མཁན་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ། འགན་འཁྲི་གཙོ་བོ་འཁུར་བ་དང་། ལས་དོན་གཙོ་བོར་དམ་འཛིན་ཡག་པོ་བྱེད་པ། འགན་འཁུར་བ་གཙོ་བོ་ཡག་པོ་བཅས་བྱས་ནས་འཐབ་ཕྱོགས་ཚང་མ་དང་། ཁྱབ་ཁོངས་ཚང་མ། ལྷུ་ཚིགས་ཚང་མ་བཅས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་ཞིབ་ཕྲ་དང་དམ་འཛིན་གཏིང་ཟབ་བྱེད་དགོས། ཏང་ཨུད་ཀྱི་ཧྲུའུ་ཅིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་མཁན་གྱི་ཧྲུའུ་ཅི་བྱས་ཏེ་ཏང་དང་། ས་ཁུལ་དེ་ག་དང་ཚན་པ་དེ་གའི་ཆབ་སྲིད་ཁོར་ཡུག ལས་བྱེད་པ་སྐྱོན་བྲལ་ངང་འཚར་ལོངས་བཅས་ལ་འགན་ཁུར་དགོས། ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱ་རྒྱུ་དེ་རང་འཁྲིའི་ལས་ཀ་དང་ངེས་པར་དུ་འཁུར་དགོས་པའི་འགན་འཁྲིར་བརྩི་དགོས། “ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱ་རྒྱུ་ནི་རང་འཁྲིའི་ལས་འགན་ཡིན་པ་དང་། ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་མ་བྱས་ན་འགན་འཛོལ་ཡིན་པ། ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་མ་བྱུང་ན་ལས་གོ་མི་འཕེར་བ་ཡིན་པ”བཅས་ཀྱི་འདུ་ཤེས་བརྟན་པོར་བཙུགས་ནས་ཏང་འཛུགས་སྐྱོང་གི་འགན་འཁྲི་རིམ་པ་བཞིན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས། “འགག་རྩའི་ཉུང་ཤས”ཡིན་པའི་རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཏང་ལ་དགའ་ཞེན་དང་། ཏང་ལ་སེམས་ཁྲལ། ཏང་ལ་སྲུང་སྐྱོང་། ཏང་དར་རྒྱས་བཅས་ཀྱི་ཆབ་སྲིད་ཀྱི་ལྷག་བསམ་ཐོག་ནས་རང་གཅུན་ནན་པོ་དང་། རང་འགན་གཙང་སྒྲུབ། ཁོངས་གཏོགས་ལ་དོ་དམ་ནན་པོ་བཅས་བྱས་ཏེ། རིམ་པ་བཞིན་གནོན་ཤུགས་བརྒྱུད་སྤྲོད་ཀྱིས་ནན་པའི་ཁོར་ཡུག་དང་དྲང་བའི་གོམས་སྲོལ་ཏན་ཏིག་གཏོད་དགོས་པའི་ནན་བཤད་བྱས་ཡོད།

  • བདེ་ཆེན་གསར་འགྱུར།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་བཞི་པ་པེ་ཅིང་དུ་གྲོལ་བ།

“གསང་ཡུལ་བདེ་ཆེན། ཚོན་མདངས་སྣ་བརྒྱ་བཀྲ་བ།” 2026ལོའི་རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་(ཚོད་ལྟ)ཁུལ་འཛུགས་སྐྲུན་གྱི་སྤེལ་རེས་འགྲེམས་སྟོན་བྱེད་སྒོའི་ཐུན་མོང་ངོས་འཛིན་མཉམ་སྐྲུན་གྱི་གན་འཇོག་མཛད་སྒོ་དང་རིག་གནས་དང་རང་བྱུང་གླེང་མོལ་གྱི་ཆེད་དོན་རིག་གཞུང་མཉམ་སྤྱོད་ཚོགས་འདུ་འཚོགས་པ།

རྒྱལ་ཡོངས་ཕུལ་བྱུང་གི་མང་ཚོགས་རིག་རྩལ་རོལ་དབྱངས་དཔེ་སྟོན་རང་བཞིན་གྱི་འགྲེམས་འཁྲབ་ཡུན་ནན་བདེ་ཆེན་དུ་སྐྱོད།

ལི་ཡན་ལན་གྱིས་རུ་ཁག་སྣེ་ཁྲིད་དེ་ནགས་ཕག་མཚོའི་ཆུའི་སྤུས་ཚད་མཐོ་རུ་གཏོང་བའི་ལས་དོན་ལ་བརྟག་ཞིབ་གནང་བ།

“ཆུ་བོའི་མགོ་ཁུངས་གཉིས་ཀྱི་སྟོད།གཙང་གསུམ་མཉམ་བཞུར།——ཚེ་འདིའི་བརྩེ་སེམས་གཏན་འཁེལ་G214”གཞུང་ལམ་ཡུལ་སྐོར་བྱེད་སྒོ་སྤེལ་འགོ་ཚུགས་པ།

འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི”རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཞི་པའི་རིམ་སྤེལ་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ།

ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་2026ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་བདུན་པ་འཚོགས་པ་རེད།

དམངས་ཕན་ཆེད་དོན་འཁྲབ་སྟོན་མི་རིགས་གླུ་གར་ལོ་རྒྱུས་སྙན་རྩོམ་《མི་རིགས་དར་རྒྱས་གཏོང་བ》འཁྲབ་སྟོན་བྱས་པ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com