中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀའོ་ཅི་ལན་གྱིས་མཐའ་མཚམས་ཀྱི་གླེང་སྟེགས་སུ་གཞི་ཚུགས་ནས་སློབ་མ་འཚར་ལོངས་ཡོང་རྒྱུར་སྲུང་སྐྱོང་བྱེད་ཅེས་བཤད།

ཁྱབ་བསྒྲགས་དུས་ཚོད་:2026-03-12 17:28:43

   འབའ་ལུང་ལི་སུའུ་རིགས་རང་སྐྱོང་རྫོང་གི་སློབ་འབྲིང་གཉིས་པའི་དངོས་ལུགས་སློབ་ཁྲིད་སྟེང་།ཀའོ་ཅི་ལན་གྱིས་ལི་སུའུ་རིགས་ཀྱི་སྲོལ་རྒྱུན་འཕྲུལ་གཞི་བཟུང་ནས། སློབ་མ་ཚོར་ཤུགས་རིག་པའི་རྩ་བའི་རིགས་པ་འགྲེལ་བཤད་བྱས། “མདའ་གཞུ་རྒྱུད་ཀྱི་འཐེན་ཤུགས་ཀྱིས་མདའ་མདའི་ཐོག་མའི་མྱུར་ཚད་ཐག་གཅོད་བྱས།དེ་ནི་ང་ཚོས་བསླབས་པའི་ལྡེམ་ཤུགས་སྤྱི་འགྲོས་དང་འདྲ་བར།འཚོ་བའི་ཁྲོད་ཀྱི་ག་ས་གང་ནི་དངོས་ལུགས་ཤེས་བྱ་ཡིན་པ་རེད།”འདི་འདྲའི་གསོན་ཉམས་ལྡན་པའི་སློབ་ཁྲིད་ཁོ་མོས་ལོ་ངོ་20ལ་བརྟན་སྲུང་བྱས།

   མི་དམངས་དགེ་རྒན་ཞིག་གི་ངོས་ནས་བརྗོད་ན།ཀའོ་ཅི་ལན་གྱིས“ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་བ་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི”འགན་འཁྲི་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ཡོད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཞིག་ཡིན་པའི་ངོས་ནས། ཁོང་གིས་གངས་ལྗོངས་ས་མཐོའི་སློབ་གསོའི་བསམ་འདུན་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་སུ་དྲིལ་བསྒྲགས་བྱས་ཏེ། སྲིད་ཇུས་ཀྱི་དྲོ་སྐྱིད་མཐའ་མཚམས་མང་ཚོགས་ཀྱི་སེམས་སུ་བརྒྱུད་བསྒྲགས་བྱས་པ་དང་།གོམ་སྟབས་ཀྱིས་འགན་འཁྲི་སྒྲུབ་པའི་ལམ་བུའི་ཐོག་སྐྱོད་པ། དངོས་སྒྲུབ་ལ་བརྟེན་ནས་དམངས་ཀྱི་གནས་ཚུལ་མཚོན་པར་བྱས་ཡོད།

   “མི་རིགས་ས་ཁུལ་གྱི་དགེ་རྒན་ཞིག་ནས་གྲངས་ཉུང་མི་རིགས་ལས་རིགས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གཞན་ཞིག་བར་ང་འཚར་ལོངས་བྱུང་རིམ་བཞིན་ཏང་དང་མང་ཚོགས་ཀྱི་ཡིད་ཆེས་དང་འབྲལ་ཐབས་མེད། ཡིད་ཆེས་དེ་ནི་ངས་འགན་འཁྲི་སྒྲུབ་པའི་སྒུལ་ཤུགས་ཆེ་ཤོས་དེ་རེད”ཅེས་ཀའོ་ཅི་ལན་གྱི་སྐད་ཆ་བབ་ཆགས་ལ་བློ་རྩ་བརྟན་པ་དང་།ཁོང་གིས་སློབ་གསོའི་འཐབ་ས་དང་པོར་འབད་འབུངས་བྱས་ནས་ཐོག་མཐའ་བར་གསུམ་དུ“མི་རིགས་ཁག་ཁྱིམ་ཚང་གཅིག་ལྟར་འཆམ་པའི”འདུ་ཤེས་མཐའ་འཁྱོངས་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་དཔེ་ཁྲིད་མི་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ཡོད།

   ཀའོ་ཅི་ལན་གྱིས་འགན་སྒྲུབ་ལས་དོན་གྱི་གཙོ་གནད་དེ་མཐའ་མཚམས་མི་རིགས་ས་ཁུལ་གྱི་སློབ་གསོ་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ཐད་བཞག་ཡོད།གཞི་རིམ་གྱི་སློབ་ཞུགས་གོང་གི་སློབ་གསོའི་དོན་དངོས་གནས་ཚུལ་གསལ་རྟོགས་བྱ་ཆེད།ཀའོ་ཅི་ལན་གྱིས་སློབ་གསེང་གི་དུས་ཚོད་སྤྱད་དེ་འབའ་ལུང་རྫོང་གི་རི་ཆུ་ཀླུང་གསུམ་དུ་བསྐྱོད་དེ་གྲོང་ཚོ་རིམ་པའི་བུ་བཅོལ་ཁང་མང་པོར་འཚམས་འདྲི་བྱས་པ་དང་།དགེ་རྒན་དང་ཁྱིམ་བདག་གི་བསམ་ཚུལ་ཉན་པ།རྒྱལ་ཁབ་ཀྱི་སྲིད་ཇུས་ཕྱོགས་སྟོན་དང་ཟུང་འབྲེལ་བྱས་ཏེ་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཐོག་མཐའ་མཚམས་མི་རིགས་ས་ཁུལ་གྱི་སློབ་ཞུགས་གོང་གི་སློབ་གསོ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་གྲོས་གཞི་ཐེངས་མང་བཏོན་པ་རེད།

   སློབ་གསོར་དོ་སྣང་བྱེད་པ་ཕུད།ཁོང་གིས་ད་དུང་མིག་རྒྱང་“རྒན་རྒོན་གཅིག་དང་ལོ་ཆུང་གཅིག”གི་དམངས་འཚོའི་བདེ་སྐྱིད་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སོགས་ཁྱབ་ཁོངས་སུ་ཕྱོགས་ཡོད།“རྒན་རྒོན་གཅིག་དང་ལོ་ཆུང་གཅིག”གི་སྨན་བཅོས་ཞབས་ཞུའི་ཐད་ཁོང་གིས་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་རོགས་སྐྱོར་རྫོང་ལ“རྒན་རྒོན་གཅིག་དང་ལོ་ཆུང་གཅིག”གི་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་ཁ་གསབ་བྱེད་པའི་རྣམ་གྲངས་ལག་བསྟར་བྱས་ཏེ་རྒས་དུས་གསོ་རྒྱུ་ཡོད་པ་དང་ཕྲུ་གུ་གསོ་རྒྱུ་ཡོད་པའི་དམིགས་ཚད་མངོན་འགྱུར་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་གྲོས་འགོ་བཏོན་གནང་བ་རེད།སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཐད་རྒྱུན་གཏན་གྱི་སློབ་ཁྲིད་ཁྲོད་ཁོང་གིས་སློབ་མར་རང་བྱུང་ལ་བརྩི་འཇོག་དང་སྣོད་བཅུད་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཟབ་ཏུ་བཏང་ནས་ཧུར་བརྩོན་གྲོན་ཆུང་དང་ཐཱན་དམའ་ཁོར་ཡུག་སྲུང་སྐྱོང་གི་འཚོ་བའི་གོམས་གཤིས་འཇགས་པར་ཁྲིད་སྟོན་གནང་བ་རེད། འགན་འཁྲི་སྒྲུབ་པའི་ལམ་བར་དུ་ཀའོ་ཅི་ལན་གྱིས་ཐོག་མཐའ་བར་གསུམ་དུ་ཁེངས་སྐྱུང་དང་སློབ་སྦྱོང་ལ་དགའ་བའི་རྣམ་འགྱུར་རྒྱུན་འཁྱོངས་བྱས་ཤིང་།ཁོང་གིས་ལས་ཞོར་གྱི་དུས་ཚོད་སྤྱད་དེ་སྲིད་གྲོས་ཀྱི་ཤེས་བྱ་སློབ་སྦྱོང་དང་ཉམས་མྱོང་ལྡན་པའི་ཨུ་ཡོན་གྱི་ས་ནས་སློབ་སྦྱོང་བྱས་ཏེ་རང་ངོས་ཀྱི་ཤེས་བྱ་གསོག་འཇོག་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་བཏང་བ་རེད།

   “མི་དམངས་དགེ་རྒན་དང་སྲིད་གྲོས་ཨུ་ཡོན་གྱི་ངོས་ནས་བརྗོད་ན།ཐོབ་ཐང་གཉིས་དང་འགན་འཁྲི་གཅིག་རེད”དགེ་རྒན་ཞིག་ཡིན་པའི་ངོས་ནས་ཁོང་གིས་ཁྲིད་སྟེགས་བརྟན་སྲུང་དང་མཐའ་མཚམས་ཀྱི་ཤེས་ལྡན་མི་སྣ་དེ་བས་མང་བ་སྐྱེད་སྲིང་བྱེད་དགོས་པ་དང་།གྲངས་ཉུང་མི་རིགས་ལས་རིགས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཞིག་ཡིན་པའི་ངོས་ནས་ཁོང་གིས་རང་འགན་གཙང་སྒྲུབ་དང་མང་ཚོགས་ཀྱི་མགྲིན་ཚབ་པ་ཡག་པོ་ཞིག་བྱེད་དགོས།ལོ་ལྟར་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་མཇུག་འགྲིལ་རྗེས་རང་ཉིད་འཕྲལ་མར་སློབ་གྲྭ་དང་གྲོང་གསེབ་ཏུ་བསྐྱོད་དེ་འཛིན་གྲྭའི་ཚོགས་འདུ་དང་སྒྲོག་འགྲེལ་སོགས་ཀྱི་རྣམ་པའི་ཐོག་ནས་ཚོགས་འདུ་གཉིས་ཀྱི་དགོངས་དོན་དགེ་སློབ་དང་མང་ཚོགས་ཚང་མར་བརྒྱུད་བསྒྲགས་བྱེད་ཀྱི་ཡོད།

   “ད་ལོའི་ཚོགས་འདུ་གཉིས་ཀྱི་ཐོག་ངས་སྔར་བཞིན་མཐའ་མཚམས་མི་རིགས་ས་ཁུལ་གྱི་སློབ་གསོ་སྤུས་ཚད་མཐོ་རུ་གཏོང་བ་དང་དམངས་འཚོ་ལེགས་སུ་གཏོང་བའི་གནད་དོན་ལ་དམིགས་པ་ཡིན”འབྱུང་འགྱུར་ངས་མུ་མཐུད་མཐའ་མཚམས་སུ་གཞི་འཛུགས་པ་དང་སློབ་གསོ་གཏིང་ཟབ་བརྒྱབ་ནས་ཨུ་ཡོན་གྱི་འགན་འཁྲི་ཧུར་ཐག་སྒྲུབ་པ་དང་དེ་བས་དངོས་སྒྲུབ་ཀྱི་སྤྱོད་ཚུལ་ཐོག་ནས་མང་ཚོགས་ཀྱི་རེ་སྒུག་ལ་ལན་བརྒྱབ་སྟེ་གཅེས་སེམས་དང་།ངང་རྒྱུད་རིང་པོ།འགན་འཁྲི་འཁུར་སེམས་བཅས་ཀྱི་ཐོག་ནས་མཐའ་མཚམས་ཀྱི་ཕྲུ་གུ་འཚར་ལོངས་ཡོང་བའི་ཕུགས་འདུན་སྲུང་སྐྱོང་བྱས་ཏེ་མཐའ་མཚམས་མི་རིགས་ས་ཁུལ་གྱི་སློབ་གསོ་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་ཀའོ་ཅི་ལན་གྱིས་བཤད།




责任编辑:仁欠才让

  • ཀྲོའུ་ནང་ཁུལ་གྱི་མགོ་གཙོ་

བདེ་ཆེན་ཁུལ་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀའོ་ཅི་ལན་གྱིས་མཐའ་མཚམས་ཀྱི་གླེང་སྟེགས་སུ་གཞི་ཚུགས་ནས་སློབ་མ་འཚར་ལོངས་ཡོང་རྒྱུར་སྲུང་སྐྱོང་བྱེད་ཅེས་བཤད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀྲང་ཝུའེ་ཏུང་གིས་བདེ་ཆེན་གྱིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱ་བར་གྲུབ་འབྲས་མངོན་གསལ་ཐོབ་པ་བཤད།

ཞི་ཅིན་ཕིང་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་སྐབས་ནན་བཤད་གནང་དོན། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་གི་དམིགས་བསལ་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་སེམས་ཤུགས་གཅིག་ཏུ་བསྒྲིལ་ནས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་བརྟན་བགྲོད་རྒྱང་འཁྱོལ་ཐུབ་པར་སྐུལ་འདེད་གཏོང་དགོས།

【ངའི་འགན་སྒྲུབ་གཏམ་རྒྱུད་】རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀྲང་ཝུའེ་ཏུང་གིས་བདེ་ཆེན་གྱིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱ་བར་གྲུབ་འབྲས་མངོན་གསལ་ཐོབ་པ་བཤད།

བདེ་ཆེན་ཁུལ་གྱི་འགོ་ཁྲིད་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་འཛིན་གྲྭ་དང་ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་གཅིག་སྡུད་སློབ་སྦྱོང་བྱས།

《ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སློབ་སྦྱོང་གི་དྲི་བ་དྲིས་ལན》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

ནགས་ཕག་མཚོ་དང་ཁྲུང་ཁྲུང་སྐེ་ནག

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com