བདེ་ཆེན་ཁུལ་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ།
ཉེ་བའི་ལོ་ཤས་རིང་།རང་ཁུལ་གྱིས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་གྱི་འཐབ་ཇུས་ངེས་གནས་ལ་དམ་པོར་དམིགས་པ་དང་།རྩེ་རིམ་ཇུས་འགོད་དང་ཚན་རྩལ་ནུས་འདོན། སྡེ་ཁུལ་དོ་དམ་སོགས་མཉམ་ལས་བྱེད་ཐབས་བརྒྱུད་ནས།འཆར་འགོད་སྣེ་ཁྲིད་དང་རྣམ་གྲངས་ཀྱི་འདེགས་སྐྱོར། གྲངས་འཛིན་ལྟ་སྐུལ་དོ་དམ་བཅས་ཀྱིས་མཉམ་དུ་ཤུགས་འདོན་སྤེལ་གྱིས་ས་མཐོའི་ཁྱད་ཆོས་ལྡན་པའི་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་གྱི་ལམ་བུ་ཞིག་བཏོད་པ་རེད།
འཆར་འགོད་ཀྱིས་ཁྲིད་སྟོན་བྱེད་པར་ཤུགས་སྣོན་དང་།རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་ཚད་ལྡན་དུ་གཏོང་བ། ཁུལ་ཡོངས་ཀྱི་རྒྱལ་ཁབ་ཀྱི་ས་ཁྱོན63.26%།སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་ཁོངས་སུ་བཅུག་པའི་དོན་དངོས་ལ་དམིགས་ནས།རང་ཁུལ་གྱིས་ཕུགས་ལ་གཞི་ཚུགས་ཏེ་གཙོ་ནུས་ཐོན་ཁུལ་གྱི་འཐབ་ཇུས་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་སྟེ།རྒྱལ་ཁབ་ཀྱིས་བཏོན་པའི《རྒྱལ་ཁབ་སྤྱི་གླིང་སོགས་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་གི་ལས་གྲྭ་གལ་ཆེན་འཛུགས་སྐྲུན་གྱི་འཆར་འགོད(2021ནས་2035ལོ་བར)》དང《ཡུན་ནན་ཞིང་ཆེན་གྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་འཕེལ་རྒྱས་འཆར་འགོད(2021ནས་2035ལོ་བར)》གཞིར་བཟུང་།ཁུལ་ཡོངས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་ལ་ཚན་རིག་དང་མཐུན་པའི་བཀོད་སྒྲིག་སྔར་བས་ཡག་པོ་བྱས་ཏེ།སྣོད་བཅུད་སྲུང་སྐྱོང་དང་རྒྱལ་ཁབ་ཀྱི་ས་ཆའི་བར་མཐོངས་བེད་སྤྱོད་མཐུན་སྦྱོར་དང་གོ་རིམ་ལྡན་པའི་འགན་ལེན་བྱས་ཡོད།
རང་བྱུང་སྲུང་སྐྱོང་ཁུལ་གྱི་ཐོན་ཁུངས་བེད་སྤྱོད་ཚད་ལྡན་དུ་གཏོང་བ།སྲུང་སྐྱོང་སྔོན་ལ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཚོད་འཛིན་ཁུལ་དུ་འོས་འཚམ་གྱི་ས་ཁོངས་གཏན་འཁེལ་བྱས་ཏེ་སྣོད་བཅུད་སློབ་གསོ་དང་།རང་བྱུང་མྱོང་རོལ།སྣོད་བཅུད་ཡུལ་སྐོར་སོགས་ཀྱི་བྱེད་སྒོ་སྤེལ་བ་དང་།མིག་སྔར་པད་མ་གངས་རིའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དང་ནགས་ཕག་མཚོའི་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྣོད་བཅུད་ཤེས་དཔལ་སློབ་གསོའི་རྟེན་གཞི་སྒོ་བྱང་བཀལ་ནས་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྣོད་བཅུད་མ་ལག་ཞབས་ཞུ་དང་སྣོད་བཅུད་ཐོན་རྫས་མཁོ་སྤྲོད་སོགས་ཐད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ“སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི”རང་བྱུང་སྲུང་སྐྱོང་ཁུལ་གྱི་དམངས་ཡོངས་ཀྱིས་མཉམ་སྤྱོད་དང་རྒྱུན་མཐུད་བེད་སྤྱོད་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བ་བྱས་པ་རེད།
སྲུང་སྐྱོང་རྣམ་གྲངས་ཚད་ལྡན་དུ་གཏོང་བ་དང་སྲུང་སྐྱོང་ནུས་པ་ཆེ་རུ་གཏོང་བ། ཞིང་ཆེན་རིམ་པའི་གཙོ་གཉེར་སྡེ་ཚན་གྱི་རྒྱབ་སྐྱོར་ཤུགས་ཆེན་འོག་རང་བྱུང་སྲུང་སྐྱོང་ཁུལ་གྱི་ནུས་པ་འཛུགས་སྐྱོང་དང་།འདམ་རའི་སྣོད་བཅུད་ཕན་འབྲས་ཁ་གསབ།འདམ་ར་སྲུང་སྐྱོང་དང་སླར་གསོ་སོགས་ཀྱི་རྣམ་གྲངས་ཁག་གཅིག་ལག་བསྟར་འགན་ལེན་ཐུབ་པ་དང་།རང་བྱུང་སླར་གསོ་གཙོ་བོར་བྱེད་པ་དང་འབྲེལ་དགོས་ངེས་ཀྱི་མིས་བཟོས་བྱ་ཐབས་སྤྱད་དེ་ཁུལ་དབྱེ་ཁག་བགོས་ཀྱིས་གཏོར་སྐྱོན་ཕོག་པའི་རང་བྱུང་སྣོད་བཅུད་མ་ལག་ཉམས་གསོ་བྱེད་པ་དང་།སྣོད་བཅུད་བར་ཁྱམས་སྐྲུན་པ་དང་འཚོ་གནས་ཁུལ་ཉམས་གསོ་བྱེད་པ།སྲུང་སྐྱོང་དོ་དམ་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་ཆེན་པོ་རྒྱག་པ།རང་བྱུང་སྲུང་སྐྱོང་ཁུལ་གྱི་སྡེ་ཁུལ་སྣོད་བཅུད་ཐོན་རྫས་མཁོ་སྤྲོད་ནུས་པ་ཆེ་རུ་གཏོང་བ།རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་སྲུང་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས།
སྲུང་སྐྱོང་ཁུལ་གྱི་རང་བྱུང་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་མ་ལག་དང་གྲངས་འཛིན་ཅན་གྱི་དོ་དམ་ལས་སྟེགས་རགས་ཙམ་བཙུགས་ཡོད།ད་ཡོད་ཀྱི་སྲུང་སྐྱོང་ས་ཚིགས་དང་ལྟ་ཞིབ་ཚད་ལེན་ས་ཚིགས་རྨང་གཞིར་བྱེད་པ་དང་།སྲུང་སྐར་རྒྱང་ཚོར་དང་དམར་ཕྱིའི་ལག་རྩལ་སྒྲིག་ཆས་ཁ་གསབ་ཏུ་བྱས་ཏེ།པད་མ་གངས་རིའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དང་ནགས་ཕག་མཚོའི་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་སོགས་ས་ཁོངས་ཁ་ཤས་ཀྱི་ལྟ་ཞིབ་ཚད་ལེན་གྱི་ལྟ་སྐུལ་དོ་དམ་མ་ལག་རགས་ཙམ་བཙུགས་པ་དང་། རང་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་འཕེལ་རྒྱས་དང་འགྱུར་ལྡོག་ལ་ཚན་རིག་དང་མཐུན་པའི་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ།རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་བྱེད་ནུས་དང་སྐྱེ་ཁམས་མ་ལག་གི་བརྟན་ལྷིང་རང་བཞིན་ཤུགས་ཆེར་བཏང་སྟེ།ཁུལ་དེའི་སྐྱེ་ཁམས་འཛུགས་སྐྱོང་གི་ཆེས་མདུན་གྲལ་གྱི་གཡུལ་ས་དང་ཆེས་ལྟེ་བའི་ས་ཁོངས་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་ཡོད།ནགས་ཚལ་མེ་ཟོན་ལྟ་ཞིབ་ཚད་ལེན་མ་ལག་དང་གྲངས་འཛིན་ཅན་གྱི་དོ་དམ་ལས་སྟེགས་སོགས་ལ་བརྟེན་ནས། གྲངས་འཛིན་ཅན་གྱི་བྱ་ཐབས་སྤྱད་དེ་ཡུན་ནན་ནགས་ལས་ཀྱི་གྲངས་གཞི་ཆེ་མོའི་ལྟེ་གནས་ལ་བརྟེན་ནས།རང་བྱུང་སྲུང་སྐྱོང་ཁུལ་གྱི་རིགས་ཁག་གི་ཐོན་ཁུངས་དང་དེ་བཞིན་སྲུང་སྐྱོང་ཁུལ་ནང་གི་མིའི་རིགས་ཀྱི་བྱེད་སྒོར་ཕྱོགས་ཡོངས་ནས་ལྟ་ཞིབ་ཚད་ལེན་དང་ཚོད་སྐོར་བྱས་པ་དང་།རང་བྱུང་སྲུང་སྐྱོང་ཁུལ་གྱི་སྣོད་བཅུད་མ་ལག་གི་གྲུབ་ཆ་དང་།ཁྱབ་ཚུལ།འགུལ་ཚུལ་བཅས་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ།སྣོད་བཅུད་ཉེན་ཁར་དུས་ཐོག་ཏུ་ཚོད་སྐོར་དང་སྔོན་ཚུད་བྱས་པ།སྣོད་བཅུད་ཁོར་ཡུག་གི་གནས་ཚུལ་ལ་ལྟ་ཞིབ་ཚོད་སྐོར་གྱི་སྙན་ཞུ་ཁྱབ་བསྒྲགས་བྱས་པ་རེད།
责任编辑:仁欠才让
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
བདེ་ཆེན་ཁུལ་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀའོ་ཅི་ལན་གྱིས་མཐའ་མཚམས་ཀྱི་གླེང་སྟེགས་སུ་གཞི་ཚུགས་ནས་སློབ་མ་འཚར་ལོངས་ཡོང་རྒྱུར་སྲུང་སྐྱོང་བྱེད་ཅེས་བཤད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀྲང་ཝུའེ་ཏུང་གིས་བདེ་ཆེན་གྱིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱ་བར་གྲུབ་འབྲས་མངོན་གསལ་ཐོབ་པ་བཤད།
ཞི་ཅིན་ཕིང་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་སྐབས་ནན་བཤད་གནང་དོན། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་གི་དམིགས་བསལ་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་སེམས་ཤུགས་གཅིག་ཏུ་བསྒྲིལ་ནས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་བརྟན་བགྲོད་རྒྱང་འཁྱོལ་ཐུབ་པར་སྐུལ་འདེད་གཏོང་དགོས།
【ངའི་འགན་སྒྲུབ་གཏམ་རྒྱུད་】རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀྲང་ཝུའེ་ཏུང་གིས་བདེ་ཆེན་གྱིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱ་བར་གྲུབ་འབྲས་མངོན་གསལ་ཐོབ་པ་བཤད།
བདེ་ཆེན་ཁུལ་གྱི་འགོ་ཁྲིད་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་འཛིན་གྲྭ་དང་ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་གཅིག་སྡུད་སློབ་སྦྱོང་བྱས།
《ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སློབ་སྦྱོང་གི་དྲི་བ་དྲིས་ལན》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།
ནགས་ཕག་མཚོ་དང་ཁྲུང་ཁྲུང་སྐེ་ནག
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108