中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

བདེ་ཆེན་ ཁུལ་གྱི ་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་བགྲོ་གླེང་འཛིན་གྲྭ་འགོ་ཚུགས་པ།

རྩོམ་པ་པོ་:和泰君 何雨桐 ཁྱབ་བསྒྲགས་དུས་ཚོད་:2026-03-12 17:29:49

   ཟླ་3ཚེས་9ཉིན་བདེ་ཆེན་ཁུལ་གྱི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བགྲོ་གླེང་འཛིན་གྲྭ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་སློབ་འགོ་ཚུགས་པ་དང་།ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ།ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་འབད་བརྩོན་བྱེད་ཕྱོགས་སྔར་བས་གསལ་རྟོགས་དང་རྨང་གཞི་བརྟན་གཏོང་དང་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་ཀྲུང་གོའི་རྣམ་པ་ལྡན་པའི་བདེ་ཆེན་གྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས་པའི་ནན་བཤད་གནང་བ་རེད།

   ཁུལཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥུང་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་དང་འབྲེལ་སྐུལ་སློང་གསུང་བཤད་ཀྱང་གནང་བ་རེད།ཁུལཨུའི་ཧྲུའུ་ཅི་གཞོན་པ་ཞུས་སི་སིས་གཙོ་སྐྱོང་གནང་། ཁུལཨུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་པའོ་ཧྥུའུ་དང་།ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལི་ཡན་ལན།ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མིའོ་ཡིའུ་ཧྥ་བཅས་ཚོགས་འདུར་ཞུགས་པ་རེད།

   ལུའོ་ཁྲའོ་ཧྥེང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཆབ་སྲིད་ཀྱི་ལྷག་བསམ་རྣམ་དག་བརྟན་དུ་གཏོང་བ་དང་།གདེང་ཚོད་རང་ཚུགས་ཐུབ་པ།འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ།བསམ་ཕྱོགས་དང་བྱེད་ཐབས་ཁོང་དུ་ཆུད་པ་བཅས་བྱས་ཏེ“སྲོག་ཤིང་ལ་བརྩི་བཀུར་དང་། བློ་ཁ་པེ་ཅིང་ལ་གཏད་”རྩ་བ་བློ་ལ་བརྟན་པོར་ཟུག་པ་དང་།“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བཅས་བྱེད་དགོས།

   ལུའོ་ཁྲའོ་ཧྥེང་གིས་བརྟན་ལྷིང་དང་འཕེལ་རྒྱས་ལ་སྤྱི་འདོམས་ཡག་པོ་བྱ་རྒྱུ་ནི་རང་རེའི་ཁུལ་གྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པའི་ཉམས་མྱོང་གལ་ཆེན་ཞིག་རེད།“ལོ་ལྔ་ཚན་བཅོ་ལྔ་པའི”རིང་རྨང་གཞི་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པའི་འགག་རྩའི་དུས་སུ་བརྟན་ལྷིང་ལ་བརྟེན་ནས་འཕེལ་རྒྱས་འགན་ལེན་དང་འཕེལ་རྒྱས་ལ་བརྟེན་ནས་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུ་མུ་མཐུད་མཐའ་འཁྱོངས་བྱས་ཏེ་བརྟན་ལྷིང་གི་རྨང་གཞི་དེ་ཕྱོགས་ཡོངས་ནས་བརྟན་དུ་གཏོང་བ་དང་རང་ངོས་ཀྱི་བསྡུར་གཞི་ཡོད་པའི་ལེགས་ཆར་བརྟེན་ནས་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས་ཞེས་ནན་བཤད་གནང་བ་རེད།

   ལུའོ་ཁྲའོ་ཧྥེང་གིས་བརྟན་ལྷིང་ལ་བརྟེན་ནས་འཕེལ་རྒྱས་འགན་ལེན་བྱས་ཏེ་བསམ་བློའི་རྨང་གཞི་དང་། གཞི་རིམ་གྱི་རྨང་གཞི། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྨང་གཞི། ཆོས་ལུགས་ལས་དོན་གྱི་རྨང་གཞི། དམངས་འཚོའི་རྨང་གཞི།འཕྲལ་སྡོམ་ཐག་གཅོད་ཀྱི་རྨང་གཞི་བཅས་བརྟན་དུ་ཤུགས་ཆེན་གཏོང་བ་དང་། ཉེ་བའི་ལོ་ཤས་རིང་བརྟན་ལྷིང་ལས་དོན་ལ་དམ་འཛིན་བྱེད་པའི་ཉམས་མྱོང་དང་བྱེད་ཐབས་ནུས་ལྡན་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ། ཡུན་རིང་བདེ་འཁོད་ཀྱི་རྨང་གཞི་དེ་བས་བརྟན་དུ་གཏོང་བ་བཅས་བྱེད་དགོས། འཕེལ་རྒྱས་ལ་བརྟེན་ནས་བརྟན་ལྷིང་ལ་སྐུལ་འདེད་དང་། དོན་དངོས་ལ་གཞི་ཚུགས་པ།འགག་རྩར་དམ་འཛིན་བཅས་བྱས་ཏེ་གཙོ་གནད་ལས་དོན་ཚད་བརྒལ་ལ་བརྟེན་ནས་སྤྱི་ཡོངས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་དགོས། ཐོན་ཁུངས་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ“ཡུལ་སྐོར་”དང་།“ཞིང་ལས”“ནགས་ལས”“ཆུ”“གཏེར་ཁ”སོགས་ཐོན་ཁུངས་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས་པ་དང་།གླིང་ཁུལ་གྱི་དཔལ་འབྱོར་ཐད་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས་པ།གསོག་ཚད་དང་འཕར་ཚད་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ།སེམས་ཀྱི་ཉི་ཟླ་ཐོན་ལས་གླིང་ཁུལ་གྱི་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་དགོས་པ།“ས་གྲོལ་བའི་གླིང་ཁུལ”གསར་གཏོད་ཚད་བརྒལ་གང་མགྱོགས་བྱེད་དགོས་པ། རྣམ་གྲངས་དམ་འཛིན་གྱིས་མ་འཇོག་ལ་སྐུལ་འདེད་གཏོང་བའི་ཐད་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས་པ།གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་རྣམ་གྲངས་ཇུས་འགོད་ཏན་ཏིག་དང་། རྒྱུ་རྐྱེན་གཙོ་བོའི་འགན་ལེན། མ་འཇོག་བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ།མ་འཇོག་གྲུབ་ཆ་ལེགས་སུ་གཏོང་བ་བཅས་བྱེད་དགོས་པ།གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བའི་ཐད་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་འཆར་འགོད་དང་།འཛུགས་སྐྲུན།དོ་དམ།ནུས་པ་འཐུས་ཚང་དུ་གཏོང་བ་སོགས་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས་པ། མུ་མཐུད་དུ་བདེ་ཆེན་གྱི་རྩི་ཤིང་དང་རི་ཆུ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ།སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་སྐྱེད་གཏོང་དགོས།

   ལུའོ་ཁྲའོ་ཧྥེང་གིས་ནན་བཤད་གནང་དོན་ཉམས་སད་ཐེག་པའི་ལས་བྱེད་པའི་དཔུང་ཁག་སྦྱོང་བརྡར་བྱེད་པ་དང་།སློབ་སྦྱོང་ལ་བརྩོན་པ་དང་བསམ་བློ་གཏོང་མཁས་པོ་བྱས་ཏེ་འཇོན་ཐང་ཆེ་རུ་བཏང་ནས།ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ། སྣེ་ཁྲིད་དེ་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་ཕན་ནུས་ཆེ་རུ་གཏོང་བ། སྤྱོད་གཙང་གཞུང་དྲང་གི་རང་མདངས་རྒྱུན་འཁྱོངས་བཅས་བྱས་ཏེ་འཇོན་ཐང་དྲག་པོར་བརྟེན་ནས་བདེ་ཆེན་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

ཟླ་3པ་ནས་4པའི་བར་ཁུལ་ཡོངས་ཀྱི་ཁྲུའུ་རིམ་པ་ཡན་གྱི་ལས་བྱེད་པ་དང་ཤངགྲོང་རྡལཁག་གི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོར་རེས་སྐོར་གསོ་སྦྱོང་བྱ་རྒྱུ་རེད།

   ཁུལཨུའི་རྒྱུན་ཨུ་དང་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཁུལ་སྲིད་གཞུང་།ཁུལ་སྲིད་གྲོས་བཅས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི།ཁུལ་རིམ་པའི་སྡེ་ཁག་གི་ཁྲུའུ་རིམ་པ་ཡན་གྱི་ལས་བྱེད་པ།ཤངགྲོང་རྡལཁག་གི་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་སོགས་ཞུགས་ཡོད་པ་རེད།





责任编辑:仁欠才让

  • ཀྲོའུ་ནང་ཁུལ་གྱི་མགོ་གཙོ་

ལུའོ་ཁྲའོ་ཧྥེང་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་བརྟག་ཞིབ་བྱེད་པར་བསྐྱོད་དེ་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ།

བདེ་ཆེན་ཁུལ་གྱི་འབྲུ་རིགས་ཐོན་སྐྱེད་འཕར་ཚད་ཞིང་ཆེན་ཡོངས་ཀྱི་སྔོན་ལ་སླེབས་པ་དང་ཞིང་ལས་ཐོན་རྫས་མཁོ་སྤྲོད་འགན་ལེན་ནུས་པ་རྒྱུན་མཐུད་ངང་ཆེ་རུ་ཕྱིན།

བདེ་ཆེན་ ཁུལ་གྱི ་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་བགྲོ་གླེང་འཛིན་གྲྭ་འགོ་ཚུགས་པ།

བདེ་ཆེན་ཁུལ་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀའོ་ཅི་ལན་གྱིས་མཐའ་མཚམས་ཀྱི་གླེང་སྟེགས་སུ་གཞི་ཚུགས་ནས་སློབ་མ་འཚར་ལོངས་ཡོང་རྒྱུར་སྲུང་སྐྱོང་བྱེད་ཅེས་བཤད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀྲང་ཝུའེ་ཏུང་གིས་བདེ་ཆེན་གྱིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱ་བར་གྲུབ་འབྲས་མངོན་གསལ་ཐོབ་པ་བཤད།

ཞི་ཅིན་ཕིང་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་སྐབས་ནན་བཤད་གནང་དོན། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་གི་དམིགས་བསལ་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་སེམས་ཤུགས་གཅིག་ཏུ་བསྒྲིལ་ནས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་བརྟན་བགྲོད་རྒྱང་འཁྱོལ་ཐུབ་པར་སྐུལ་འདེད་གཏོང་དགོས།

【ངའི་འགན་སྒྲུབ་གཏམ་རྒྱུད་】རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀྲང་ཝུའེ་ཏུང་གིས་བདེ་ཆེན་གྱིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱ་བར་གྲུབ་འབྲས་མངོན་གསལ་ཐོབ་པ་བཤད།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com