བདེ་ཆེན་ཁུལ་གྱི་འབྲུ་རིགས་ཐོན་སྐྱེད་འཕར་ཚད་ཞིང་ཆེན་ཡོངས་ཀྱི་སྔོན་ལ་སླེབས་པ་དང་ཞིང་ལས་ཐོན་རྫས་མཁོ་སྤྲོད་འགན་ལེན་ནུས་པ་རྒྱུན་མཐུད་ངང་ཆེ་རུ་ཕྱིན།

2025ལོར། བདེ་ཆེན་ཁུལ་གྱིས་རྒྱལ་ཡོངས་ཀྱི་ས་རྒྱུ་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། འབྲུ་སྣུམ་སྐྱེ་དངོས་འདེབས་ཁྱོན་ཆེ་རུ་གཏོང་བ་སོགས་ཀྱི་བྱ་ཐབས་སྤྱད་པ་བརྒྱུད་དེ་འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་བརྟན་པོ་དང་བདེ་འཇགས་ཡོང་བར་མུ་མཐུད་ཤུགས་སྣོན་རྒྱག་པ། ཁུལ་ཡོངས་ཀྱི་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི་65.12ཟིན་པ་དང་། ཐོན་ཚད་ཏུན་ཁྲི་17.48ཟིན་པས་དུས་མཚུངས་ལས་0.09%དང་1.53%འཕར་ཡོད། འཕར་ཚད་དེ་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས། འབྲུ་རིགས་མུའུ་རེའི་ཐོན་ཚད་སྤྱི་རྒྱ་268བར་མཐོ་རུ་ཕྱིན་པ་དེ་དུས་མཚུངས་ལས་1.44%འཕར་བས་མཐོ་སྒང་གི་ཁྱད་ལྡན་དེང་རབས་ཞིང་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་བྱུང་བར་རྨང་གཞི་བརྟན་པོ་བཏིང་ཡོད།

རྨོ་ཞིང་སྤུས་ཚད་མཐོ་འདེགས་ཐད། རྒྱལ་ཡོངས་ཀྱི་ས་རྒྱུ་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། རྒྱལ་ཁབ་ཀྱིས་གཤམ་དུ་སྤྲོད་པའི་ས་རྒྱུའི་མ་དཔེ་3507གྱི་བརྟག་དཔྱད་ལས་འགན་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱུང་། ལེགས་གྲུབ་བྱུང་ཚད་100%ཟིན། དུས་མཚུངས་སུ། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས་རིམ་རྩིས་བྱས་ན་འཛུགས་སྐྲུན་རྒྱ་ཁྱོན་མུའུ་ཁྲི་3.06ལེགས་སྒྲུབ་བྱས་པ་དང་། ཞིང་ཆེན་རིམ་པའི་གཤམ་སྤྲོད་ལས་འགན་གྱི་278%ཟིན། རྨོ་ཞིང་གི་སྤུས་ཚད་སྔར་བས་མཐོ་རུ་ཕྱིན་ཡོད།
འབྲུ་སྣུམ་ཐོན་སྐྱེད་ཐད། ནུས་ཤུགས་ཡོད་རྒུས་འབྲུ་རིགས་ཐོན་སྐྱེད་དམ་འཛིན་བྱས་ཏེ་སྲན་ཆེན་དང་སྣུམ་རྒྱུ་ལོ་ཏོག་གི་འདེབས་འཛུགས་གཞི་ཁྱོན་མུ་མཐུད་དུ་རྒྱ་བསྐྱེད་པ། 2025ལོར། ཁུལ་ཡོངས་ཀྱི་སྲན་ཆེན་འདེབས་ཁྱོན་མུའུ་ཁྲི་1.92ཟིན་པ་དང་ཐོན་ཚད་ཏུན་ཁྲི་0.39ཟིན་པ་དེ་དུས་མཚུངས་ལས་2.63%འཕར་བ། སྣུམ་རྒྱུ་ལོ་ཏོག་འདེབས་ཁྱོན་མུའུ་ཁྲི་3.60ཟིན་པ་དང་། དེའི་ནང་ཡུངས་དཀར་འདེབས་ཁྱོན་མུའུ་ཁྲི་3.56ཟིན་བས། དམིགས་ཚད་ལས་བརྒལ་ནས་ཞིང་ཆེན་རིམ་པའི་གཤམ་སྤྲོད་ལས་འགན་ལེགས་གྲུབ་བྱུང་ཡོད།

དཔལ་འབྱོར་སྐྱེ་དངོས་ཀྱི་ཐོན་ནུས་ཐད། ཀྲུང་ལུགས་སྨན་རྒྱུ་དང་སྔོ་ཚལ་སོགས་འདེབས་ཁྱོན་མུའུ་ཁྲི་33.5ཟིན་པ་དེ་དུས་མཚུངས་ལས་5.73%འཕར་ནས་ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་འགན་ལེན་བྱེད་ནུས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད། བྱེད་ཐབས་སྣ་མང་སྤྱད་ནས་ཕྱུགས་ལས་ཐོན་རྫས་མཁོ་སྤྲོད་འགན་ལེན་བྱས་ཏེ། མིག་སྔར་ཐོ་འགོད་སྙན་སེང་ཡོད་པའི་གཞི་ཁྱོན་ལྡན་པའི་ཕག་པ་གསོ་སྤེལ་ར་བ78ཡོད་པ་དེ་མ་མཐའི་བདག་ཡོད་གྲངས་ཚད་ལས་དུད་ཚང་54ལྷག་པ། ལོ་ནང་ཞིང་ཆེན་རིམ་པའི་ཕག་པ་ཐོན་ནུས་སྙོམས་སྒྲིག་རྟེན་གཞི་3གསར་དུ་ངོས་འཛིན་བྱས་པས་ཐོན་ནུས་སྙོམས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
2025ལོར། བདེ་ཆེན་ཁུལ་གྱི་ནད་སློང་རང་བཞིན་མཐོ་བའི་འདབ་ཆགས་ཆམ་རིམས་དང་འཇམ་ནད་སོགས་བཙན་ཤེས་རིམས་ཐར་ནད་རིགས་ཀྱི་རིམས་ཐར་སྟུག་ཚད་90%ཡན་ཟིན་པ་དང་། རིམས་ཐར་འགོག་རྫས་ཚད་ལོན་ཚད་70%ཡན་ཟིན་པ། རིམས་འགོག་ལས་དོན་ཏན་ཏིག་དང་ནུས་ལྡན་སྒྲུབ་པ་བརྒྱུད་ཕྱུགས་ལས་ཐོན་སྐྱེད་བདེ་འཇགས་དང་ཕྱུགས་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་འགན་ལེན་ནུས་ལྡན་བྱས་པ་དང་། བདེ་ཆེན་ཁུལ་གྱི་ཞིང་ལས་ཐོན་རྫས་བརྟན་པོའི་ངང་ཐོན་སྐྱེད་དང་མཁོ་སྤྲོད་བྱས་པ་ལ་འགན་ལེན་སྲ་བརྟན་མཁོ་འདོན་བྱས་ཡོད།
责任编辑:仁欠才让
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
ལུའོ་ཁྲའོ་ཧྥེང་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་བརྟག་ཞིབ་བྱེད་པར་བསྐྱོད་དེ་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ།
བདེ་ཆེན་ཁུལ་གྱི་འབྲུ་རིགས་ཐོན་སྐྱེད་འཕར་ཚད་ཞིང་ཆེན་ཡོངས་ཀྱི་སྔོན་ལ་སླེབས་པ་དང་ཞིང་ལས་ཐོན་རྫས་མཁོ་སྤྲོད་འགན་ལེན་ནུས་པ་རྒྱུན་མཐུད་ངང་ཆེ་རུ་ཕྱིན།
བདེ་ཆེན་ ཁུལ་གྱི ་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་བགྲོ་གླེང་འཛིན་གྲྭ་འགོ་ཚུགས་པ།
བདེ་ཆེན་ཁུལ་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀའོ་ཅི་ལན་གྱིས་མཐའ་མཚམས་ཀྱི་གླེང་སྟེགས་སུ་གཞི་ཚུགས་ནས་སློབ་མ་འཚར་ལོངས་ཡོང་རྒྱུར་སྲུང་སྐྱོང་བྱེད་ཅེས་བཤད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀྲང་ཝུའེ་ཏུང་གིས་བདེ་ཆེན་གྱིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱ་བར་གྲུབ་འབྲས་མངོན་གསལ་ཐོབ་པ་བཤད།
ཞི་ཅིན་ཕིང་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་སྐབས་ནན་བཤད་གནང་དོན། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་གི་དམིགས་བསལ་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་སེམས་ཤུགས་གཅིག་ཏུ་བསྒྲིལ་ནས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་བརྟན་བགྲོད་རྒྱང་འཁྱོལ་ཐུབ་པར་སྐུལ་འདེད་གཏོང་དགོས།
【ངའི་འགན་སྒྲུབ་གཏམ་རྒྱུད་】རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀྲང་ཝུའེ་ཏུང་གིས་བདེ་ཆེན་གྱིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱ་བར་གྲུབ་འབྲས་མངོན་གསལ་ཐོབ་པ་བཤད།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108