中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ལུའོ་ཁྲའོ་ཧྥེང་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་བརྟག་ཞིབ་བྱེད་པར་བསྐྱོད་དེ་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ།

རྩོམ་པ་པོ་:何雨桐 ཁྱབ་བསྒྲགས་དུས་ཚོད་:2026-03-12 17:31:33


ཟླ་3ཚེས་7ཉིན་ནས་ཚེས་11ཉིན་བར་ཁུལཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེངའཇོལ་རྫོང་དང་འབའ་ལུང་རྫོང་དུ་སོང་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་དང་། དགོན་སྡེ་དོ་དམ། ཕྱོགས་བསྡུས་བརྟན་ལྷིང་སྲུང་སྐྱོང་སོགས་གཙོ་གནད་ལས་དོན་ལ་བརྟག་ཞིབ་གནང་བ་རེད། ཁོང་གིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ་དང་།དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང་”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ།གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ནས་ཁུལ་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་

ཁུལཨུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་པའོ་ཧྥུའུ་བརྟག་ཞིབ་ནང་ཞུགས་པ་རེད།

ཟླ་3ཚེས་10ཉིན་ལུའོ་ཁྲའོ་ཧྥེང་དང་བཅས་པས་འཇོལ་རྫོང་ཡུན་ལིང་དངུལ་ཕུ་གྲོང་སྡེ་དགའ་ལྡན་ཡངས་པ་ཅན་དུ་བརྟག་ཞིབ་གནང་བ་རེད།

འཇོལ་རྫོངཀོང་རྩེད་ར་གྲོང་རྡལ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་དང་མངགས་གཏོང་ཁང་།འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་མངགས་གཏོང་ཁང་བཅས་སུ་ལུའོ་ཁྲའོ་ཧྥེང་གིས་ས་གནས་ས་ཐོག་ཏུ་ལྟ་ཞིབ་དང་།རྩིས་ཐོར་ལྟ་ཞིབ།སྙན་སེང་ཉན་པ་སོགས་ཀྱི་བྱེད་ཐབས་བརྒྱུད་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་འདུམ་འགྲིག་དང་།དྲ་མིག་ཅན་གྱི་ཞབས་ཞུ་དོ་དམ།དམིགས་བསལ་ཚོགས་སྤྱིའི་ཞབས་ཞུ་དོ་དམ་སོགས་ཀྱི་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།ཀོང་རྩེད་ར་གྲོང་རྡལ་ཡེ་དབྱང་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་དུ་ཁོང་གིས་གྲོང་ཚོའི་ལས་བྱེད་པ་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་ཕྱོགས་བསྡུས་བཅོས་སྐྱོང་དང་། དྲ་མིག་ཅན་གྱི་དོ་དམ། འགན་གཙང་ལམ་སྲོལ་དོན་འཁྱོལ་སོགས་ཀྱི་ལས་དོན་སྤེལ་ཚུལ་གཙོ་གནད་ཐོག་བཀའ་འདྲི་གནང་བ་རེད།

ལུའོ་ཁྲའོ་ཧྥེང་གིས་ནན་བཤད་གནང་དོན།ཁུལ་དང་རྫོངགྲོང་ཁྱེརདང་ཤངགྲོང་རྡལབཅས་རིམ་པ་གསུམ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་མཉམ་འགུལ་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་འབྲེལ་ཡོད་སྡེ་ཚན་གྱི་ཆ་འཕྲིན་སྤེལ་རེས་དང་།ཐོན་ཁུངས་མཉམ་སྤྱོད།ལས་དོན་མཉམ་འགུལ་བཅས་ཀྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་།དབང་འགན་གསལ་ཐོ་ཁ་གསལ་བཟོ་བ།ལས་ཀའི་བརྒྱུད་རིམ་ལེགས་སུ་གཏོང་བ་བཅས་བྱས་ཏེ“མངག་བཀོད་དང་།སྒྲུབ་སྐུལ།ལྡོག་ལན་སྤྲོད་པ”བཅས་ཀྱི་བཀག་སྡོམ་དོ་དམ་བྱེད་སྟངས་ཤིག་ཆགས་པ་བྱེད་དགོས་པ།ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་།ལས་བྱེད་པས་འགན་གཙང་སྤྲོད་པའི་ལམ་སྲོལ་དོན་འཁྱོལ་གཏིང་ཟབ་བྱེད་པ།དྲ་མིག་ཅན་གྱི་དོ་དམ་མ་ལག་འཐུས་ཚང་དུ་གཏོང་བ།དྲ་མིག་ཅན་གྱི་དོ་དམ་མི་སྣ་དང་།གྲོང་སྡེ་ཚོགས་པའི་ལས་བྱེད་པ།ཏང་ཡོན་མང་ཚོགས་སོགས་གཞི་རིམ་གྱི་སྟོབས་ཤུགས་གཅིག་གྱུར་འཆར་འགོད་དང་བེད་སྤྱོད་ཡག་པོ་བྱེད་པ།ཞབས་ཞུ་དོ་དམ་ལ་བར་གསེང་མེད་པ་དང་ཁྱོན་ཡོངས་ལ་ཁྱབ་རྒྱུ་འགན་ལེན་བཅས་བྱས་ཏེ་གཞི་གྲངས་གསལ་པོ་དང་།གནས་ཚུལ་གསལ་བ།འཕེལ་ཕྱོགས་གནད་ལ་འཁེལ་བ་བཅས་ཐུབ་པ་བྱེད་དགོས།འགལ་ཟླ་དང་རྩོད་གཞིའི་འབྱུང་རྩ་བཅོས་སྐྱོང་ལ་རྒྱུན་མཐུད་ངང་ཤུགས་སྣོན་རྒྱག་པ་དང་།གཙོ་གནད་ཁྱབ་ཁོངས་དང་།གཙོ་གནད་མི་ཚོགས།གཙོ་གནད་དུས་མཚམས་བཅས་ལ་དམ་པོར་དམིགས་པ།མཐིལ་རྟོགས་གྲལ་བཤེར་དང་།དབྱེ་ཞིབ།སེལ་བ།ཚོད་འཛིན་བཅས་དམ་འཛིན་ཏན་ཏིག་བྱས་ཏེ།འགལ་ཟླའི་ཉེན་ཁ“སྔོན་ལ་སྔོན་འགོག་དང་།སྔ་ཙམ་ཤེས་རྟོགས།ཆུང་ཐོག་ཐག་གཅོད་བཅས་བྱེད་དགོས”ཐུབ་པ་བྱེད་དགོས།

ཟླ་3ཚེས་8ཉིན་ལུའོ་ཁྲའོ་ཧྥེང་དང་བཅས་པས་འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་དགོན་སྡེ་དོ་དམ་ཅུས་སུ་བརྟག་ཞིབ་གནང་བ་རེད།

འབའ་ལུང་རྫོང་འ་ཆུ་གྲོང་རྡལ་དགོན་སྡེ་དོ་དམ་ཅུས་དང་འཇོལ་རྫོང་ཡུན་ལིང་ཤང་དངུལ་ཕུ་གྲོང་ཚོའི་ཧུང་ཧོར་དགའ་ལྡན་ཡངས་པ་ཅན་དུལུའོ་ཁྲའོ་ཧྥེང་གིས་དགོན་སྡེ་དོ་དམ་གྱི་ལས་བྱེད་པ་དང་དགེ་འདུན་པའི་འཐུས་མི་དང་ངོ་ཐུག་ནས་སྤེལ་རེས་བྱས་ཏེ་དགོན་པའི་རྒྱུན་གཏན་གྱི་དོ་དམ་དང་ཆོས་ལུགས་བྱེད་སྒོ་སྤེལ་ཚུལ་དང་དེ་བཞིན་ལམ་ལུགས་ཁག་དོན་འཁྱོལ་བྱས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།ཁོང་གིས་དགེ་འདུན་པའི་འཚོ་བའི་ཆ་རྐྱེན་དང་།ལས་ཀའི་གནས་ཚུལ།དཀའ་ངལ་དངོས་བཅས་བཀའ་འདྲི་གནང་བ་དང་འབྲེལ་ནས་ཁོ་ཚོའི་བསམ་འཆར་དང་གྲོས་འགོ་ལ་ཡང་ནན་ཏན་གྱིསན་པ་རེད།

ལུའོ་ཁྲའོ་ ཧྥེང ་གིས་ནན་བཤད་གནང་དོན་དགེ་འདུན་པར་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་ཧུར་ཐག་བསྟར་རྒྱུར་ཁྲིད་སྟོན་བྱས་ཏེ་བོད་བརྒྱུད་ནང་བསྟན་གྱི་འདུལ་ཁྲིམས་དེ་དུས་རབས་འཕེལ་རྒྱས་དང་འཚམ་པའི་འཆད་འགྲེལ་བྱས་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་མཁན་དང་ལག་ལེན་བསྟར་མཁན་ཞིག་ཏུ་འགྱུར་བ་བྱེད་དགོས། ཞབས་ཞུ་དང་དོ་དམ་གལ་ཆེ་མཉམ་བརྩི་རྒྱུན་འཁྱོངས་བྱས་ཏེ།ཁྲིམས་ལྟར་དགོན་སྡེ་ཚད་ལྡན་ཅན་གྱི་དོ་དམ་ལ་ཤུགས་སྣོན་དང་།དགོན་པའི་འགུལ་རྣམ་དོ་དམ་ལམ་སྲོལ་ཕྱོགས་ཡོངས་ནས་དོན་འཁྱོལ།ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་མཐོར་འདེགས།གྲྭ་བཙུན་གྱི་རྒྱུན་ལྡན་འཚོ་བར་སེམས་ཁུར་དང་གཅེས་སྐྱོང་།དགོན་སྡེ་དང་གྲྭ་བཙུན་ལ་ཕན་པའི་སྲིད་ཇུས་ཁག་དོན་འཁྱོལ་བཅས་བྱས་ཏེ།དཀའ་ངལ་དངོས་ཐག་གཅོད་བྱེད་པར་རོགས་རམ་ཧུར་ཐག་བྱ་དགོས།ཆོས་ལུགས་ལས་རིགས་ཀྱིས་ཐོག་མཐའ་བར་གསུམ་དུ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་དང་།ཏང་གི་བཀའ་དྲིན་ཚོར་བ་དང་།ཏང་གི་བཀའ་ལ་ཉན་པ།ཏང་གི་རྗེས་སུ་འབྲང་བ།“ཚད་གཞི་བཞི་”ལག་བསྟར་ཧུར་ཐག་བྱེད་པ།“ངོས་འཛིན་གཅིག་མཐུན་ལྔ་”ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱ་དགོས།རང་ངོས་སློབ་སྦྱོང་དང་དོ་དམ་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ་དང་།ཆོས་ལུགས་བློ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ།དུས་བསྟུན་མདུན་སྐྱོད་ཀྱིས་འདུལ་ཁྲིམས་དང་བསྟན་དོན་འཆད་འགྲེལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་མི་རིགས་འཆམ་མཐུན་དང་།ཆོས་ལུགས་འཆམ་མཐུན།སྤྱི་ཚོགས་འཆམ་མཐུན་བཅས་ཡོང་བར་སྐུལ་སྤེལ་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས།

ལིའོ་ཝུན་ཚའེ་དང་ཞུང་ཝུན་པིན།འཇོལ་རྫོང་དང་འབའ་ལུང་རྫོང་གི་འགོ་ཁྲིད་གཙོ་བོ་བཅས་སོ་སོར་བརྟག་དཔྱད་ཞིབ་འཇུག་བྱེད་པར་ཞུགས།



责任编辑:仁欠才让

  • ཀྲོའུ་ནང་ཁུལ་གྱི་མགོ་གཙོ་

ལུའོ་ཁྲའོ་ཧྥེང་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་བརྟག་ཞིབ་བྱེད་པར་བསྐྱོད་དེ་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ།

བདེ་ཆེན་ཁུལ་གྱི་འབྲུ་རིགས་ཐོན་སྐྱེད་འཕར་ཚད་ཞིང་ཆེན་ཡོངས་ཀྱི་སྔོན་ལ་སླེབས་པ་དང་ཞིང་ལས་ཐོན་རྫས་མཁོ་སྤྲོད་འགན་ལེན་ནུས་པ་རྒྱུན་མཐུད་ངང་ཆེ་རུ་ཕྱིན།

བདེ་ཆེན་ ཁུལ་གྱི ་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་བགྲོ་གླེང་འཛིན་གྲྭ་འགོ་ཚུགས་པ།

བདེ་ཆེན་ཁུལ་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀའོ་ཅི་ལན་གྱིས་མཐའ་མཚམས་ཀྱི་གླེང་སྟེགས་སུ་གཞི་ཚུགས་ནས་སློབ་མ་འཚར་ལོངས་ཡོང་རྒྱུར་སྲུང་སྐྱོང་བྱེད་ཅེས་བཤད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀྲང་ཝུའེ་ཏུང་གིས་བདེ་ཆེན་གྱིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱ་བར་གྲུབ་འབྲས་མངོན་གསལ་ཐོབ་པ་བཤད།

ཞི་ཅིན་ཕིང་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་སྐབས་ནན་བཤད་གནང་དོན། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་གི་དམིགས་བསལ་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་སེམས་ཤུགས་གཅིག་ཏུ་བསྒྲིལ་ནས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་བརྟན་བགྲོད་རྒྱང་འཁྱོལ་ཐུབ་པར་སྐུལ་འདེད་གཏོང་དགོས།

【ངའི་འགན་སྒྲུབ་གཏམ་རྒྱུད་】རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀྲང་ཝུའེ་ཏུང་གིས་བདེ་ཆེན་གྱིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱ་བར་གྲུབ་འབྲས་མངོན་གསལ་ཐོབ་པ་བཤད།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com