中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

དུས་ཚིགས་དང་པོར་གློག་ཤུགས་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་བ།

རྒྱལ་ཁབ་གློག་དྲ་ལྷོ་ཕྱོགས་གློག་དྲས་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་གྲངས་གནས་གཉིས་འཕར་ལེགས་གྲུབ་བྱུང་བ།

ཁྱབ་བསྒྲགས་དུས་ཚོད་:2026-04-08 11:58:57 འབྱུང་ཁུངས་:中国西藏新闻网

ལྷོ་ནུབ་ས་ཁུལ་གྱི་ཕན་ཤིས་ཀྱི་ཆན་ཧྥུའུ་1000གི་ཆེས་མཐོ་གནོན་སྤེལ་རྒྱུག་ལས་གྲྭ་ལས་འགོ་ཚུགས་ནས་སི་ཁྲོན་ལེང་ཧྲན་དང་། དབྱི་པིན། ལེ་ཧྲན་བཅས་བརྒྱུད་གསར་སྐྲུན་སྐུད་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་994ཟིན་པ་དང་། ལམ་རྒྱུད་ཀྱི་ས་བབ་མཐོ་ཤོས་སྨི་3600ལྷག་ཙམ་ཟིན་པ། བསྐྲུན་རྗེས་ཕན་ཤིས་ས་ཁུལ་གྱི་ནུས་རྒྱུ་གཙང་མའི་ཕྱིར་འདྲེན་ནུས་པ་མངོན་གསལ་དོད་པོས་ཆེ་རུ་འགྲོ་རྒྱུ་ཡིན་པ་དང་། བྱང་རྒྱུད་མཚོ་ཁུལ་གྱི་དབུས་རྒྱུད་དུ་ཆན་ཧྥུའུ་220ཡི་མཚོ་སྒྲོལ་དྲ་སྦྲེལ་ལས་གྲྭ་བེད་སྤྱོད་གཏོང་འགོ་ཚུགས་པ་དེ་ཐོག་ནས་ཀོང་ཤིས་ཝུའེ་ཀྲོའུ་གླིང་ཕྲན་གྱི་གློག་མཁོ་འདོན་དེ་དྲ་རྒྱ་རྐྱང་པས་གཉེར་སྐྱོང་བྱེད་མཇུག་འགྲིལ་ནས་གློག་དྲ་གཙོ་བོ་དང་འབྲེལ་མཐུད་ཐུབ་པ་མཚོན་ཡོད། ད་ལོ་ནས་བཟུང་། གཙོ་གནད་གློག་ཤུགས་ལས་གྲྭ་ཁག་གཅིག་གི་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད།

དུས་ཚིགས་དང་པོར། རྒྱལ་ཁབ་གློག་དྲས་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་སྒོར་དུང་ཕྱུར་1290ལྷག་ཙམ་ལེགས་གྲུབ་ཟིན་པ་དེ་དུས་མཚུངས་ལས་37%འཕར་ནས་ཐོན་ལས་འཁོར་འབྲེལ་གྱི་གོང་འོག་ལ་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་2500ལྷག་ཙམ་ཟིན་ཡོད། དེའི་ནང་། ནུས་རྒྱུ་གསར་པའི་དྲ་སྦྲེལ་ལས་གྲྭར་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་100ལྷག་ཙམ་ལེགས་གྲུབ་ཟིན་པ་དེ་དུས་མཚུངས་ལས་50%ལྷག་ཙམ་འཕར་བ་དང་། གློག་བགོས་དྲ་རྒྱར་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་568ལེགས་གྲུབ་ཟིན་ཏེ་རིམ་ཁག་གློག་དྲར་མ་འཇོག་བྱེད་པའི་བསྡུར་ཚད་ཀྱི་55%བཟུང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གློག་མཁོ་འདོན་གྱི་བློས་འཁེལ་རང་བཞིན་དང་ཞབས་ཞུའི་སྤུས་ནུས་རྒྱུན་མཐུད་མཐོ་རུ་ཕྱིན་ཡོད།

དུས་ཚིགས་དང་པོར། ལྷོ་ཕྱོགས་གློག་དྲས་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་སྒོར་དུང་ཕྱུར་384.5ལེགས་གྲུབ་བྱས་པ་དེ་དུས་མཚུངས་ལས་49.5%འཕར་ཡོད། དེའི་ནང་། བོད་ཀྱི་ཤར་ལྷོ་ནས་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་བར་གྱི་ཐད་རྒྱུག་ལས་གྲྭས་དུས་ཚིགས་དང་པོར་མ་འཇོག་ལེགས་གྲུབ་བྱེད་ཚད་ཐོག་མའི་འཆར་གཞི་ལས་ལྡབ་གཅིག་འཕར་ཡོད། མིག་སྔར། བོད་ཀྱི་ཤར་ལྷོ་ནས་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་བར་གྱི་ཐད་རྒྱུག་ལས་གྲྭའི་གློག་རྒྱུན་བསྒྱུར་ཚིགས་ཆུང་གྲས་དང་དབུས་རྒྱུད་ཀྱི་གློག་རྒྱུན་བསྒྱུར་ཚིགས་ཀྱི“གསུམ་ཁྲིད་གཅིག་སྙོམས”ཀྱི་སྤྱི་ཡོངས་ཀྱི་མྱུར་ཚད་20%ལེགས་གྲུབ་ཟིན་པ་དང་། ཧུའུ་ནན་དང་ཀུའེ་ཀྲོའུ་ཡི་གློག་རྒྱུན་རྒྱབ་སྤྲོད་བརྗེ་སའི“གསུམ་ཁྲིད་གཅིག་སྙོམས”ཀྱི་སྤྱི་ཡོངས་ཀྱི་མྱུར་ཚད་25%ལྷག་ཙམ་ལེགས་གྲུབ་ཟིན་པ། ཧའེ་ནན་ནས་ཀོང་ཏུང་བར་གྱི་གློག་ཤུགས་སྟབས་བསྟུན་ཕན་གསབ་ལས་གྲྭར་ཞིབ་དཔྱད་ཆོག་འཐུས་དང་ས་ཆུ་སྲུང་འཛིན་གྱི་མཆན་བཀོད་བཀའ་ལན་སྔ་སྣུར་དུ་ཐོབ་ཡོད་པ་རེད།

  • བདེ་ཆེན་གསར་འགྱུར།

དཔྱིད་དཔལ་ལ་རོལ་བ།

ལུའོ་ཁྲའོ་ཧྥེང་གིས་ཁུལ་ཡོངས་གྲོང་གསེབ་ཀྱི་བཙོག་ཆུ་གཙང་སེལ་ལས་དོན་ལ་བརྟག་ཞིབ་གནང་སྐབས་བྱ་ཐབས་དངོས་སྒྲུབ་ལ་བརྟེན་ནས་གྲོང་གསེབ་ཀྱི་བཙོག་ཆུ་གཙང་སེལ་ལ་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུང་གནང་།

ཁུལ་ཨུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2026ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་བཞི་པ་དང་“བདེ་ཆེན་གྱི་སློབ་ཁང་ཆེན་མོའི་སློབ་ཁྲིད་གཉིས་པ་”སྤེལ།

ཀྲང་ཝེ་ཏུང་གིས་རུ་སྣེ་ཁྲིད་དེ་པེ་ཅིང་གྲོང་ཁྱེར་དུ་ཚོང་འགུགས་རྟོག་ཞིབ་གནང་བ།

བདེ་ཆེན་དུ་དམངས་ཆེན་གྱི་ལྟ་སྐུལ་འོག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་གསང་སྤྱོད་ཀྱི་རྣམ་པ་གསར་པ་མངོན་ཡོད།

ལུའོ་ཁྲའོ་ཧྥེང་གིས་རྒན་གསོ་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་བརྟག་ཞིབ་གནང་།

དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་རིང་རྡོ་མཁར་རྫོང་དུ་བོད་ཆས་ཡུལ་སྐོར་བས་དགའ་བསུ་ཆེན་པོ་ཐོབ་པ།

བདེ་ཆེན་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་སྔོན་ལ DRG དངུལ་སྤྲོད་གཙང་རྩིས་བརྒྱབ་པ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com