中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་འབད་འཐབ་ལྷོད་མེད་བྱས་ནས་གྲུབ་འབྲས་རླབས་པོ་ཆེ་བཏོད་ཡོད།

—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

ཁྱབ་བསྒྲགས་དུས་ཚོད་:2026-07-06 15:05:47 འབྱུང་ཁུངས་:中国西藏新闻网
    “རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་འབད་འཐབ་ལྷོད་མེད་ཀྱིས་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་གྲུབ་འབྲས་རླབས་པོ་ཆེ་བཏོད་དེ། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ཐོག་ཆེས་རྔམ་བརྗིད་ལྡན་པའི་ལོ་རྒྱུས་སྙན་ངག་བརྩམས་ཡོད”
   ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས་རང་རེའི་ཏང་བསྐྱོད་མྱོང་བའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུར་ཐུགས་བརྩེ་ཟབ་མོས་ཕྱིར་དྲན་གནང་བ་དང་ཆབས་ཅིག རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་བྱས་ནས་བཏོད་པའི་གྲུབ་འབྲས་རླབས་པོ་ཆེ་དག་ལ་ཕྱོགས་བསྡུས་གནད་འཕིགས་གནང་ནས། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མི་ཡོངས་ལ་དེ་བས་རང་རྟོགས་ངང་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་བ་དང་དེ་བས་བློ་བརྟན་འགྱུར་མེད་ངང་མདུན་དུ་སྐྱོད་དགོས་པའི་ལྕག་སྐུལ་ཡང་གནང་བ་རེད།
   ལོ་105ཡི་རིང་། ངལ་བ་ཁྱད་བསད་དང་དཀའ་གནད་གཙང་སེལ་བྱས་པས་ཏང་དང་མི་དམངས་ཀྱི་བྱ་གཞག་རྒྱུན་ཆད་མེད་པར་རྒྱལ་ཁ་ནས་རྒྱལ་ཁ་གསར་པའི་ཕྱོགས་སུ་བསྐྱོད་ཡོད། “ཀྲུང་གོ་མི་དམངས་ཀྱི་མདུན་ལམ་དང་ལས་དབང་ལ་རྩ་བའི་ཆ་ནས་འགྱུར་ལྡོག་བཏང་བ”དང་། “ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་བགྲོད་ལམ་ཡང་དག་བཏོད་པ” “མར་ཁེ་སི་རིང་ལུགས་ཀྱི་གསོན་ཤུགས་ཆེན་པོ་མངོན་པ” “འཛམ་གླིང་གི་ལོ་རྒྱུས་འཕེལ་རིམ་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་པ” “སྟོབས་དང་ལྡན་པའི་ཀྲུང་གོ་གུང་ཁྲན་ཏང་བཙུགས་པ”བཅས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་རྒྱུས་ཀྱི་མཐོང་རྒྱ་ཡངས་པོར་བརྟེན་ནས་ཕྱོགས་ལྔའི་ཐད་ནས་རང་རེའི་ཏང་གིས་ལོ་105ཡི་རིང་འབད་འཐབ་ལྷོད་མེད་བྱས་ནས་བཏོད་པའི་གྲུབ་འབྲས་རླབས་པོ་ཆེར་ཕྱོགས་སྡོམ་གཏིང་ཟབ་གནང་ཡོད།
    ཕྱོགས་ལྔའི་ཐད་ཀྱི་ཕྱོགས་བསྡོམས་འདིས་ཏང་གིས་ཀྲུང་གོ་མི་དམངས་དང་། ཀྲུང་ཧྭ་མི་རིགས། མར་ཁེ་སི་རིང་ལུགས། མིའི་རིགས་ཡར་ཐོན་བྱ་གཞག མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་འཛུགས་སྐྱོང་བཅས་ཀྱི་ཐད་ཕུལ་བའི་ལོ་རྒྱུས་རང་བཞིན་གྱི་ལེགས་སྐྱེས་ལ་རྒྱས་བཤད་གཏིང་ཟབ་བྱས་ཡོད་པ་མ་ཟད། ད་དུང་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་དང་། ཀྲུང་ཧྭ་མི་རིགས་དབར་གྱི་འབྲེལ་བ་དང་། ཀྲུང་གོ་གུང་ཁྲན་ཏང་དང་མར་ཁེ་སི་རིང་ལུགས་དང་། འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་དང་། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་བཅས་དབར་གྱི་འབྲེལ་བ་ཡང་མཚོན་ནས། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་105ཡི་རིང་འབད་འཐབ་བྱས་པའི་ལོ་རྒྱུས་ཀྱི་གཏན་ཚིགས་དང་། རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས། ལག་ལེན་གྱི་གཏན་ཚིགས་བཅས་མཉམ་དུ་སྦྲེལ་ཡོད།
   ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་འགྲོ་ལམ་ནི་ཆེས་རྩ་བའི་གནད་དོན་ཡིན།
   ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་དཀའ་སྡུག་ཚད་མེད་མྱངས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གསར་གཏོད་དང་མཐའ་འཁྱོངས་བྱེད་པའི་ཁྲོད། ང་ཚོས་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་བཏོད་པའི་གྲུབ་འབྲས་རླབས་པོ་ཆེར་ལོ་རྒྱུས་ཀྱི་དོན་སྙིང་དང་འཛམ་གླིང་གི་དོན་སྙིང་ལྡན་དོན་དང་། ཀྲུང་གོ་གུང་ཁྲན་ཏང་ནི“རླབས་ཆེ་བ་དང་། གཟི་བརྗིད་དང་ལྡན་པ། ཡང་དག་པ་བཅས་ཀྱི་ཏང་ཞིག་ཡིན་པ་སྨོས་མེད་ཡིན”དོན་དེ་བས་གསལ་པོར་རྟོགས་ཐུབ།
ལོ་105ཡི་རིང་། གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས། དུས་རབས་གསར་པ་བཅས་ཀྱི་ལག་ལེན་རླབས་པོ་ཆེའི་ཁྲོད། ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་གྲུབ་འབྲས་ཐོབ་པའི་ངང་གསར་གཏོད་དང་མཐའ་འཁྱོངས་བྱས་པའི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགྲོ་ལམ་ནི། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ཡང་དག་པའི་འགྲོ་ལམ་འབའ་ཞིག་དེ་ཡིན་པས། ཀྲུང་གོའི་རྒྱལ་བབ་དང་དུས་རབས་ཀྱི་རླབས་རྒྱུན་དང་མཐུན་ཞིང་མི་དམངས་མང་ཚོགས་ཀྱི་བརྩི་བཀུར་དང་རྒྱབ་སྐྱོར་ཐོབ་ཡོད།
   ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་སྐྲུན་ཐུབ་ལ་འཛམ་གླིང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་ཀྱང་གཏོང་ཐུབ་པའི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་གསར་གཏོད་བྱེད་པ་ནི་མིའི་རིགས་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་འགྲོ་ལམ་གསར་པ་དང་མིའི་རིགས་ཀྱི་ཤེས་དཔལ་གྱི་རྣམ་པ་གསར་པ་ཞིག་རེད། “ང་ཚོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བའི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཡིན་ལ། ཀྲུང་གོས་མིའི་རིགས་ཡར་ཐོན་དང་སྤྱི་སྙོམས་ཆེན་པོའི་འཛམ་གླིང་དོན་གཉེར་བྱེད་པའི་ལྡོག་མེད་ཀྱི་འགྲོ་ལམ་ཡང་ཡིན”
   ལྷག་པར་དུ་དུས་རབས་གསར་པར་སླེབས་པ་ནས་བཟུང་། རང་རེའི་ཏང་གིས“སྤྱི་ཡོངས་གཉིས”བློ་ལ་བཅངས་ནས་ལོ་རྒྱུས་ཀྱི་རང་རྟོགས་སྟངས་འཛིན་བྱས་པས། རིགས་པའི་གཞུང་ལུགས་དང་ལག་ལེན་ཐད་རྒྱུན་ཆད་མེད་པར་གསར་གཏོད་དང་ཚད་བརྒལ་བྱུང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གྲུབ་འབྲས་ཐོབ་པའི་ངང་སྐུལ་འདེད་དང་རྒྱ་སྐྱེད་བཏང་བ་དང་། དབུལ་སྒྲོལ་འགག་སྒྲོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ལོ་རྒྱུས་ཀྱི་ལས་འགན་ལེགས་སྒྲུབ་བྱས་པ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་རྒྱང་ལམ་གསར་པའི་འགོ་ཡག་པོ་བཙུགས་པ་བཅས་བྱས་ནས། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བའི་བྱ་གཞག་རླབས་པོ་ཆེའི་ཆེད་དེ་བས་འཐུས་སྒོ་ཚང་བའི་ལམ་ལུགས་ཀྱི་འགན་ལེན་དང་། དེ་བས་སྲ་ཞིང་བརྟན་པའི་དངོས་པོའི་རྨང་གཞི། དེ་བས་རང་རྟོགས་ཀྱི་བསམ་པའི་སྟོབས་ཤུགས་བཅས་མཁོ་འདོན་བྱས་ཡོད།
    ད་ཆ། ཀྲུང་གོའི་མི་དམངས་ཀྱིས་རང་ཉིད་ཀྱི་ལས་དབང་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་ཡོད་པས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་གོམ་སྟབས་སུ་ཞིག་གིས་ཀྱང་འགོག་ཐབས་མེད་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལའང་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་དེང་རབས་ཅན་ལ་སྐྱོད་པའི་ཐབས་ལམ་རྒྱ་ཆེར་བཏང་བ་སོགས་རང་རེའི་ཏང་འདི་ཉིད་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཆེན་པོ་ལྡན་པའི་འཛམ་གླིང་གི་སྲིད་སྐྱོང་ཏང་ཆེ་ཤོས་སུ་གྱུར་ཡོད།
   ཀྲུང་གོ་གུང་ཁྲན་ཏང་གི་གྲུབ་འབྲས་དང་ལེགས་སྐྱེས་ནི་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་ཡིན་པ་མ་ཟད། ད་དུང་འཛམ་གླིང་རང་བཞིན་ལྡན་པ་ཞིག་ཀྱང་ཡིན། ཕྱི་རྒྱལ་གྱི་མཁས་དབང་ཞིག་གིས“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཚོལ་ཞིབ་དང་གྲུབ་འབྲས་ཀྱིས་འཛམ་གླིང་དེང་རབས་ཅན་གྱི་ལོ་རྒྱུས་དེབ་ཐེར་དུ་ཤར་ཕྱོགས་ཀྱི་མཆན་འགྲེལ་གསོན་ཉམས་དོད་པོ་བཀོད་ནས། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ཡུན་རིང་གི་དྲང་ཕྱོགས་སྒུལ་ཤུགས་སྣོན་བཞིན་ཡོད་པའི”ངོས་འཛིན་བྱས་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། “ཀྲུང་གོ་གུང་ཁྲན་ཏང་གི་ལོ་105ཡི་འོད་སྟོང་འབར་བའི་ལོ་རྒྱུས་ནི་མི་རྣམས་སྤོབས་པ་སྐྱེ་འོས་པ་ཞིག་ཡིན་ན་ཡང་། ང་ཚོས་ང་རྒྱལ་ཁེངས་དྲེགས་མི་བྱེད་པ་དང་མདུན་སྐྱོད་ཀྱི་གོམ་མཚམས་གཏན་ནས་འཇོག་མི་ཉན” རྒྱང་ལམ་གསར་པར་ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་དང་གྲུབ་འབྲས་རླབས་པོ་ཆེའི་ཁྲོད་ནས་ཡིད་ཆེས་དང་སྟོབས་ཤུགས་བསྡུ་ལེན་བྱས་ཏེ་མི་དམངས་ལ་དམ་པོར་བརྟེན་ནས་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་གཏོད་དགོས། ང་ཚོས་ཕུལ་བྱུང་གི་རྒྱུགས་ལན་གསར་པ་ཕུལ་ནས་ལོ་རྒྱུས་ཀྱི་འོད་སྟོང་གསར་པ་གཏོད་ཐུབ་ངེས་ཡིན།
  • བདེ་ཆེན་གསར་འགྱུར།

བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་ཧྲང་ཧའེ་གྲོང་ཁྱེར་པའོ་ཧྲན་ཆུས་སུ་བསྐྱོད་ནས་རོགས་སྐྱོར་ལས་དོན་འབྲེལ་མཐུད་བྱས་པ།

བདེ་ཆེན་ཁུལ་ཏང་སྲིད་འཐུས་མི་ཚོགས་པ་ཧྲང་ཧའེ་གྲོང་ཁྱེར་དབྱང་ཕུའུ་ཆུས་སུ་རོགས་སྐྱོར་ལས་དོན་འབྲེལ་མཐུད་བྱེད་པར་བསྐྱོད་པ།

དངོས་སྒྲུབ་ལ་བརྟེན་ནས་ཐོག་མའི་བསམ་འདུན་ལག་བསྟར་བྱེད་པ་དང་འབད་འཐབ་ལ་བརྟེན་ནས་དྲིས་ལན་བཏབ་པ། ——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ལྕག་སྐུལ་གནང་བ་རེད།

གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་གྱིས་དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར། ——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ལྕག་སྐུལ་གནང་བ་རེད།

ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཨ་པུའུ་ཅི་མཚོ་རུ་བརྟག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། སྐྱེ་ཁམས་བདེ་འཇགས་ཀྱི་མ་མཐའི་མཚམས་ཐིག་བརྟན་དུ་བཏང་ནས་གཉེར་སྐྱོང་དོ་དམ་ཚད་ལྡན་དུ་བཏང་སྟེ་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

ལུའོ་ཁྲའོ་ཧྥེང་གིས་བདེ་ཆེན་ཁུལ་སྤྱི་བདེ་ཅུས་སུ་བརྟག་ཞིབ་གནང་བ།

གཞི་རིམ་གྱི་དམག་འཐབ་མཁར་རྫོང་སྟོབས་ཆེར་བཏང་ནས་ཏང་ཡོན་གྱི་གདོང་ལེན་གྱི་མཐིལ་གསལ་པོ་ཕྱིས་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105་འཁོར་བའི་བདེ་ཆེན་ཁུལ་གྱི་“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག་”གི་གཟེངས་བསྟོད་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ།

བདེ་ཆེན་ཁུལ་གྱིས་“སྲོག་ཤིང་ལ་བརྩི་བཀུར། བློ་ཁ་པེ་ཅིང་ལ་གཏོད་”ཅེས་པའི་སྤྱོད་གཙང་རིག་གནས་འཆད་ཁྲིད་སྤེལ་བ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com