དོམ་ཁྲ“ཕིང་ཕིང”དང“ཧྥུའུ་ཧྲོང”ཨ་རིར་འབྱོར་བ།
ཤིན་ཧྭ་གསར་འགྱུར་ཁང་ཨ་རིའི་ཡཱ་ཐེ་ལན་ཏ་ནས་ཟླ་9ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས་27ཉིན་གྱི་ཞོགས་པར། ཀྲུང་གོའི་དོམ་ཁྲ“ཕིང་ཕིང”དང“ཧྥུའུ་ཧྲོང”གཙང་གླས་གནམ་གྲུར་བསྡད་དེ་ཨ་རིའི་ཡཱ་ཐེ་ལན་ཏའི་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་བ་རེད། ཀྲུང་ཨ་ཕྱོགས་གཉིས་པོའི་བཀོད་སྒྲིག་གཞིར་བཟུང་དོམ་ཁྲ་དེ་གཉིས་ཡཱ་ཐེ་ལན་ཏ་སྲོག་ཆགས་གླིང་དུ་བྱེས་སྡོད་འཚོ་བ་ལོ་10སྐྱེལ་རྒྱུ་རེད།
དོམ་ཁྲ“ཕིང་ཕིང”ནི་ཕོ་ཡིན་ཞིང་2020ལོའི་ཟླ་3ཚེས་17ཉིན་སྐྱེས་པ་དང་། “ཧྥུའུ་ཧྲོང”ནི་མོ་ཡིན་ཞིང་2020ལོའི་ཟླ་10ཚེས་18ཉིན་སྐྱེས་པ་རེད།
ཀྲུང་གོ་ཕྱོགས་ཀྱིས་ཕྱུགས་རིགས་སྨན་པ་དང་གསོ་ཚགས་མི་སྣ་ཁག་གཉིས་སྔ་སྣུར་དུ་ཡཱ་ཐེ་ལན་ཏ་སྲོག་ཆགས་གླིང་དུ་མངགས་ནས་གྲ་སྒྲིག་ཁག་ཨང་བསར་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱི་མི་སྣས་སྲོག་ཆགས་གླིང་དུ་བསྐྱལ་བའི་དོམ་ཁྲ་གཉིས་ལ་ལོགས་འཇོག་ནད་བཤེར་བྱེད་རིང་ལྟ་རྟོག་བྱས་ནས་ས་ཆུ་འཕྲོད་མིན་དང་འགུལ་སྐྱོད་ཀྱི་སྦྱོང་བརྡར་བྱས་ཏེ། ཁོ་གཉིས་གང་མགྱོགས་ཁོར་ཡུག་གསར་པར་འཕྲོད་པར་རོགས་རམ་བྱ་རྒྱུ་རེད།
ཡཱ་ཐེ་ལན་ཏ་སྲོག་ཆགས་གླིང་གི་ཡོན་ཀྲང་གཞོན་པ་ཅི་ནཱ·ཧྥེ་ལེ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། སྲོག་ཆགས་གླིང་གིས་དོམ་ཁྲ་གཉིས་ལ་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུ་རྒྱུ་མ་ཟད། དོམ་ཁྲ་ཁང་རིམ་སྤོར་སྒྱུར་བཀོད་བྱས་པ་དང་འབྲེལ། ཕྱོགས་ཁག་གི་གྲ་སྒྲིག་ཨང་བསར་བྱས་ཏེ་དོམ་ཁྲ་འཚམ་འཕྲོད་ཀྱི་དུས་ཡུན་ཟླ་གཅིག་ལྷག་ཙམ་ཐིམ་རྗེས་དེ་ཡུལ་སྐོར་བར་དངོས་སུ་བསྟན་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་བཤད།
- བདེ་ཆེན་གསར་འགྱུར།
ལག་རྩལ་ཧུར་ཐག་སྦྱངས། ཕན་ཚུན་དཔྱད་གཞིར་འཛིན།
《བདེ་ཆེན་ཉིན་རེའི་ཚགས་པར》ཐོག་དཔྱད་གཏམ་པའི་རྩོམ་ཡིག་འགོད་པ། ཡུལ་བབ་དང་བསྟུན་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ།——བདེ་ཆེན་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།
བདེ་ཆེན་ཁུལ་གྱིས་ཅིན་ཏུང་ཚོགས་པ་དང་ཧྭ་ཀྲི་ཆང་ལས། སེམས་ཀྱི་ཉི་ཟླའི་ཆང་ལས་བཅས་དང་མཉམ་དུ་ཁུན་མིང་དུ་བཞུགས་མོལ་ཚོགས་འདུ་འཚོགས།
གྲུབ་འབྲས་འདི་ཉིད་རྨང་གཞིར་བྱས་ནས་སླར་ཡང་མདུན་སྐྱོད་ཀྱི་ལམ་ལ་ཆས།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ།
སྐབས་བཅུ་བའི་ཁུལ་ཨུས་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་པ།ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ནས།བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་སྔར་བས་དམ་འཛིན་བྱེད།
ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས།
ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་སྙན་ཞུའི་སྐོར་གྱི་ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་གྲོས་ཆོད།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108