བདེ་ཆེན་ཁུལ་གྱིས་བོད་འབྲེལ་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
“ལོ་ལྔ་ཚན་བཅུ་བཞི་པ་”ནས་བཟུང་། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད། བོད་འབྲེལ་ལས་དོན་གྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ། བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ་བྱེད། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག ཞིང་ཨུའི་“3815”འཐབ་ཇུས་འཕེལ་རྒྱས་ཀྱི་དམིགས་ཚད་གཏན་འཁེལ་བྱེད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས། ནུས་ཤུགས་ཡོད་རྒུས་བརྟན་བརླིང་། འཕེལ་རྒྱས།སྣོད་བཅུད་དང་མཐའ་མཚམས་བརྟན་ལྷིང་བཅས་དོན་ཆེན་བཞི་དམ་འཛིན་བྱེད། བརྟན་ལྷིང་ལ་བརྟེན་ནས་འཕེལ་རྒྱས་འགན་ལེན་བྱེད།, འཕེལ་རྒྱས་ལ་བརྟེན་ནས་བརྟན་ལྷིང་ལ་སྐུལ་འདེད་གཏོང་། ནུས་ཤུགས་ཡོད་རྒུས་བོད་འབྲེལ་ཁུལ་དང་རྫོང་ཡུན་རིང་བདེ་འཁོད་ཀྱི་རྨང་གཞི་བརྟན་དུ་གཏོང་བ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལག་ལེན་ཐད་གོམ་སྟབས་བརྟན་པོ་སྤོས་ཡོད།

ཆབ་སྲིད་དང་སྤྱི་ཚོགས་ཀྱི་རྣམ་པ་སྔར་བས་བརྟན་པོ་བྱུང་ཡོད། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ཏང་གི་གསར་གཏོད་གཞུང་ལུགས་མི་སེར་དཀྱུས་མའི་ཁྱིམ་དུ་འཁྱེར་བ་བརྗོད་བྱ་གཙོ་བོར་བྱེད་པའི་“བློ་སྦྱོང་”འདུ་འགོད་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་“ལྟ་བ་བརྒྱད་དང་བསྡུར་བ་ལྔ”ཡི་བྱེད་སྒོ་ཏན་ཏིག་སྤེལ་དགོས།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དེ་བས་བརྟན་དུ་ཕྱིན། ཞིང་ཆེན་ཡོངས་ཀྱི་སྔོན་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཞིབ་འཇུག་དང་སློབ་གསོ་ལག་ལེན་ལྟེ་གནས་སོགས་བྱེད་སྒོའི་སྤུས་རྟགས་གཏོད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་གཏིང་ཟབ་སྤེལ་བ། རྒྱལ་ཁབ་རིམ་པ་5དང་། ཞིང་ཆེན་རིམ་པ་43 ཁུལ་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་(ཚན་པ)273བཅས་བཏོད་པ། ཞིང་ཆེན་ཡོངས་སུ་སྔོན་ལ་ཁུལ་དང་རྫོང་(གྲོང་ཁྱེར)རིམ་པ་གཉིས་ལ་ཁྱབ་པ་བཅས་བྱས་ནས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་བཏོད་ཡོད།
གཞི་རིམ་གྱི་བཅོས་སྐྱོང་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་ཕྱིན་ཡོད། “13344”ཡི་གཞི་རིམ་བཅོས་སྐྱོང་ལས་དོན་གྱི་བསམ་ཕྱོགས་འཚོལ་ཞིབ་བྱས་ནས་བཙུགས་ཏེ་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་ལ་བློ་ཡིད་ཚིམ་ཚད་2020ལོའི་95.8%ནས་2025ལོའི་98.3%བར་འཕར་ནས་ཞིང་ཆེན་ཡོངས་ཀྱི་ཨང་གཉིས་པར་སླེབས་པ་དང་དུས་བདེའི་འཛུགས་སྐྲུན་གྱི་དཔྱད་ཞིབ་ཞིང་ཆེན་ཡོངས་ཀྱི་མཐའ་མཚམས་མིན་པའི་ཁུལ་(གྲོང་ཁྱེར)བརྒྱད་ཀྱི་ཨང་དང་པོར་སླེབས་ཡོད།
འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་གསར་པ་བྱུང་ཡོད།ཁུལ་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་300ལས་བརྒལ་བ་དང་2025ལོར་སྒོར་དུང་ཕྱུར་316.65ཟིན་ནས་མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་(GDP)ཞིང་ཆེན་ཡོངས་ཀྱི་ཨང་བཞི་པར་སླེབས་ཡོད། 2025ལོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་གདེང་འཇོག་ཞིང་ཆེན་ཡོངས་ཀྱི་ཨང་ལྔ་པར་སླེབས་ཤིང་། མ་འཇོག་གྲུབ་ཆ་རྒྱུན་མཐུད་ལེགས་སུ་ཕྱིན་ནས་ཐོན་ལས་མ་འཇོག་གིས་གཏན་འཇགས་རྒྱུ་ནོར་མ་འཇོག་ཁྲོད་བཟུང་བའི་བསྡུར་ཚད་2020ལོའི་27.7%ནས་2025ལོའི་55.6%བར་མཐོ་རུ་ཕྱིན་ནས་ཞིང་ཆེན་ཡོངས་ཀྱི་52.1%གི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད་པ་རེད།
ཐོན་ལས་འཕེལ་རྒྱས་ལ་ཚད་བརྒལ་གསར་པ་བྱུང་།2025ལོར་ཁུལ་ཡོངས་ཀྱིས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་3636.01ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་གྱི་སྤྱིའི་འགྲོ་གྲོན་སྒོར་དུང་ཕྱུར་296.27བཏང་བ་རེད།ས་མཐོའི་ཁྱད་ལྡན་དེང་རབས་ཞིང་ལས་གསར་གཏོད་འཕེལ་རྒྱས་ལ་སེམས་ཀྱི་ཉི་ཟླའི་བེ་ཤ་ལོ་གཉིས་བསྟུད་མར་ཀྲུང་གོའི་བཟའ་བཅའི་ཤ་མོ་རིགས་ཀྱི་ས་ཁོངས་སྤུས་རྟགས་ཀྱི་ཨང་དང་པོར་སླེབས་ནས་སྤུས་རྟགས་ཀྱི་རིན་ཐང་སྒོར་དུང་ཕྱུར་43.32ཟིན་ཡོད། ལྗང་མདོག་ནུས་རྒྱུ་འཕེལ་རྒྱས་མྱུར་པོ་ཕྱིན་ནས་2025ལོར་སྤྱི་ཚོགས་ཡོངས་སུ་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་272.67ཟིན་པ་དེ་2020ལོའི་ལྡབ་6.2ཡིན་པ་རེད།
ལྗང་མདོག་གཏེར་ལས་ཀྱི་ཐོན་འབབ་བརྟན་ལ་སྤུས་ཚད་ལེགས་པ་དང་། ཕུ་ལང་ཟངས་གཏེར་དང་། ཧྲེན་ཁྲོན་གཏེར་ལས་ཞིང་ཆེན་རིམ་པའི་ལྗང་མདོག་གཏེར་རི།ཕུ་ལང་ཟངས་གཏེར་བཅས་རྒྱལ་ཡོངས་ཀྱི་5Gབཟོ་ལས་སུ་སྤྱོད་པའི་མདོག་ལྡན་ལྕགས་རིགས་གཏེར་རི་དང་པོར་གྱུར་ཡོད།སེམས་ཀྱི་ཉི་ཟླའི་ཐོན་ལས་གླིང་དང་ཁུན་མིང་དཔལ་འབྱོར་གསར་སྤེལ་ཁུལ་ཧྲང་ཧའེ་དང་།ཡུན་ནན།ལིན་ཀང་། ཁུན་མིང་བཅས་ཀྱི་ཚན་རྩལ་གྲོང་དང་མཉམ་ལས་བྱས་ཏེ་“ས་གྲོལ་གླིང”བསྐྲུན་ནས་ཞིང་ཆེན་ནང་ཁུལ་གྱི་ཁུལ་(གྲོང་ཁྱེར)སྒྲོལ་བའི་“ས་གྲོལ་རོགས་ལས”ཀྱི་གླིང་དང་པོར་གྱུར་ཡོད།
རྨང་གཞིའི་འཛུགས་སྐྲུན་ལ་མཆོང་སྐྱོད་གསར་པ་བྱུང་ཡོད།འཇོལ་རྫོང་དང་འབའ་ལུང་ལི་སུའུ་རིགས་རང་སྐྱོང་རྫོང་གི་སྲིད་འཛིན་ཁུལ་དབྱེ་འབྱེད་ལེགས་སྒྲིག་བདེ་བླག་ངང་ལེགས་གྲུབ་བྱུང་ནས་2022ལོའིའཆར་འགོད་བྱས་པའི་འཇོལ་རྫོང་གི་ཉེན་གཡོལ་གནས་སྤོ་འཛུགས་སྐྲུན་མགྱོགས་སུ་གཏོང་བའི་དུས་མཚམས་སུ་སླེབས་ཡོད།སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་དང་། ཡུན་ནན་ནས་བོད་ལྗོངས་བར་གྱི་ལྕགས་ལམ་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་དུམ་བུ།སྟག་མཆོང་གྲོག་རོང་ནས་སེམས་ཀྱི་ཉི་ཟླ་བར་གྱི་གཞུང་ལམ།འབའ་ལུང་ནས་ཐུང་ཏན་བར་གྱི་གཞུང་ལམ།འཇོལ་རྫོང་ནས་འབའ་ཐང་བར་གྱི་གཞུང་ལམ་སོགས་གཞུང་ལམ་9བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དང་།ཁུལ་ཡོངས་ཀྱི་གཞུང་ལམ་ལམ་ཐག་སྤྱི་ལེ་9764.82ཟིན་པ་དེ་2020ལོ་ལས་སྤྱི་ལེ་1279.45མང་དུ་ཕྱིན་ཡོད།རྨང་གཞིའི་སྒྲིག་བཀོད་གསར་པ་“5Gདུས་རབས”སུ་སླེབས་ནས་ཁྱིམ་ཚང་དུ་ཀྲའོ་སྟོང་གི་འོད་སྐུད་ཁྱབ་ཚད་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།
འཕེལ་རྒྱས་ཀྱི་ཁོར་ཡུག་སྐས་རིམ་གསར་པ་ཞིག་ཏུ་སླེབས།“ཕྱི་ནས་ནང་འདྲེན་”དང་“ནང་དུ་གསོ་སྦྱོང་”གི་བྱེད་ཐབས་ཆེན་པོ་གཉིས་ལག་བསྟར་ཤུགས་ཆེན་བྱས་ནས་འཛད་སྤྱོད་ཀྱི་གསོན་ཤུགས་རྒྱུན་མཐུད་ངང་འཕེལ་བར་བྱས་པས་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་ལོར་ཆ་སྙོམས་འཕར་ཚད་6.5%ཟིན་ནས་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཁུལ་(གྲོང་ཁྱེར)ཨང་དང་པོ་དང་རྒྱལ་ཡོངས་ཀྱི་བོད་འབྲེལ་ས་ཁུལ་གྱི་ཁུལ་(གྲོང་ཁྱེར)ཨང་གཉིས་པར་སླེབས་ཡོད་པ་རེད།
དམངས་འཚོའི་བདེ་སྐྱིད་ལ་ལེགས་བཅོས་གསར་པ་བྱུང་ཡོད། 2023ལོར་ཞིང་ཆེན་ཡོངས་སུ་སྔོན་ལ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི་1ལས་དམའ་བ་མ་ཟད།ངལ་རྩོལ་ནུས་ཤུགས་ལྡན་པའི་དབུལ་སྒྲོལ་དུད་ཚང་དང་ལྟ་ཞིབ་ཚད་ལེན་བྱ་ཡུལ་འགུལ་རྣམ་ཐོག་མེད་པ་བཟོས་པ་དང་།“ཐེངས་གཅིག་གསུམ”གྱི་ལས་ཀའི་བྱེད་ཐབས་ཀྱིས་ཞིང་པའི་འབབ་འཕར་གྱི་“དྲི་བ་ལྔ”ལ་ལན་ཡག་པོ་བརྒྱབ་པས་ཞིང་ཨུ་ཞིང་ལས་གཞུང་དོན་ཁང་གིས་དཔེ་མཚོན་ཉམས་མྱོང་དུ་བརྩིས་ནས་ཞིང་ཆེན་ཡོངས་སུ་ཁྱབ་གདལ་བཏང་བ་རེད། གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དང་གྲོང་གསེབ་ཀྱི་རྒྱུན་སྡོད་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོར་ཆ་སྙོམས་འཕར་ཚད་6.9%དང་9.2%སོ་སོར་ཟིན་ནས་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་ལས་ཞུགས་མི་གྲངས་ཁྲི་13ཡས་མས་བརྟན་པོ་བྱུང་ཡོད།མང་ཚོགས་ཀྱི་“སྒོ་འགྲམ”གྱི་སྨན་ཁང་དང་སློབ་གྲྭ་ཡག་པོ་གཉེར་ནས་ཞིང་ཆེན་ཡོངས་སུ་ལོ་15ཡི་སློབ་ཡོན་མི་དགོས་པའི་སློབ་གསོ་སྔོན་ལ་ཁྱོན་ཡོངས་ལ་ཁྱབ་པ་བྱས། ཞིང་ཆེན་སྨན་རྩིས་ཁང་བདེ་ཆེན་དུ་གཞིས་ཆགས་པ་དང་ཁུལ་མི་དམངས་སྨན་ཁང་གིས་“ཀ་པ་རིམ་པ་གསུམ་པའི་སྨན་ཁང”གྲུབ་འབྲས་ཐོབ་པའི་ངང་བཙུགས་པས་དམངས་འཚོ་ལེགས་སུ་ཕྱིན་ནས་གངས་ལྗོངས་ས་མཐོའི་བདེ་སྐྱིད་ཀྱི་རྨང་གཞི་དེ་བས་ལེགས་སུ་ཕྱིན་ཡོད།
སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྔར་བས་བརྟན་དུ་ཕྱིན་པ།
བདེ་ཆེན་ཁུལ་གྱི་ནགས་ཚལ་ཁྱབ་ཚད་63.98%ཟིན་པ་དང་། སྣོད་བཅུད་དམར་ཐིག་གི་རྒྱ་ཁྱོན་གྱིས་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་63.26%བཟུང་བ།རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་གྱིས་རྒྱལ་ཁབ་ས་ཆའི་སྤྱིའི་རྒྱ་ཁྱོན་གྱི་43.32%བཟུང་བ།“གཙང་གསུམ་མཉམ་བཞུར་”འཛམ་གླིང་རང་བྱུང་ཤུལ་བཞག་ས་ཆའི་རྒྱ་ཁྱོན་གྱི་55.1%བདེ་ཆེན་དུ་ཡོད་པ་དང་། རྒྱལ་ཡོངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྔོན་ལ་གཙོ་གནད་སྲུང་སྐྱོང་བྱེད་པའི་འགག་རྩའི་ས་ཁུལ་17གྱི་གྲས་ཤིག་ཡིན།
སྣོད་བཅུད་ཁོར་ཡུག་ཉིན་བཞིན་ཇེ་ལེགས་སུ་སོང་བ།གནམ་སྔོན་པོ་དང་ཆུ་དྭངས་མོ།ས་གཙང་མ།རི་སྔོན་པོ་བཅས་སྲུང་སྐྱོབ་ཀྱི་དམག་འཐབ་ལ་སྐུལ་འདེད་གཏིང་ཟབ་བཏང་བ།སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་ལོ་5བསྟུད་མར་ཞིང་ཆེན་རིམ་པའི་དཔྱད་ཞིབ་ཕུལ་བྱུང་རིམ་པ་ཐོབ་པ།ཀྲུང་དབྱང་དང་ཞིང་ཆེན་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་གནད་དོན་དག་ཐེར་ལ་དམ་འཛིན་བྱས་པ།གྲོང་ཁྱེར་གྱི་ཁོར་ཡུག་མཁའ་རླུང་སྤུས་ཚད་ལེགས་ཚད་ལོ་5བསྟུད་མར་100%རྒྱུན་འཁྱོངས་ཐུབ་པ།རྒྱལ་ཁབ་དང་ཞིང་ཆེན་གྱིས་ཚོད་འཛིན་བྱས་པའི་ས་ངོས་ཀྱི་ཆུའི་ལྟ་ཞིབ་ཚད་ལེན་གྱི་ཆུ་སྤུས་ལེགས་ཚད་94.4%ཟིན་པ།སྤྱི་དམངས་ཀྱི་སྣོད་བཅུད་ཁོར་ཡུག་བློ་ཡིད་ཚིམ་ཚད་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་རེད། སེམས་ཀྱི་ཉི་ཟླ་རྒྱལ་ཁབ་སྤྱི་གླིང་དེ་རྒྱལ་ཁབ་ཀྱི་ཁག་གཉིས་པའི་བཙུགས་པའི་འོས་མིའི་མིང་ཐོའི་ནང་བཅུག་པ་དང་།འབའ་ལུང་རྫོང་དང་འཇོལ་རྫོང་སོ་སོར་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་གྱི་མཚན་སྙན་ཐོབ་པ།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དེ་ཞིང་ཆེན་རིམ་པའི་སྔོ་ལྗང་མཛེས་ལྡན་གྲོང་ཁྱེར་དུ་བདམས་པ་རེད།
ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་སུ་བཏང་བ།2025ལོར་ནགས་འོག་དཔལ་འབྱོར་འདེབས་འཛུགས་གསོ་ཚགས་རྒྱ་ཁྱོན་མུའུ་ཁྲི་2.66ཟིན་པ་དང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་8.5ཟིན།ལོ་ལྟར་ནགས་ཚལ་སྣོད་བཅུད་ཕན་འབྲས་ཀྱི་ཁ་གསབ་དངུལ་སྒོར་དུང་ཕྱུར་1.05ཟིན་པ་དང་མང་ཚོགས་ཁྲི་1.6ནགས་སྲུང་བར་གྱུར་ནས་མི་རེར་ལོ་རེར་འབབ་འཕར་སྒོར་ཁྲི་1བྱུང་ཡོད། མང་ཚོགས་ཀྱིས་བེ་ཤ་བཏུས་ནས་ལས་གཉེར་མི་སྣར་མི་རེར་ཆ་སྙོམས་འབབ་འཕར་སྒོར་3000ཡན་བྱུང་ཡོད།དབྱར་རྩྭ་དགུན་འབུ་སྔོག་འཐུ་བྱས་པ་བརྒྱུད་ལས་ཞུགས་མི་སྣར་མི་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་1ཙམ་བྱུང་ནས་ཞིང་ཆེན་དེ་ཡོངས་ཀྱི་ཐཱན་འབུད་དབང་གཏའ་མར་བཞག་པའི་དངུལ་བུན་ཐོག་མ་དེ་བཏང་བ་རེད།
ཏང་གི་སྲིད་སྐྱོང་རྨང་གཞི་སྔར་བས་བརྟན་དུ་ཕྱིན་པ།
བདེ་ཆེན་ཁུལ་གྱིས་ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་རྩ་འཛུགས་ཚགས་དམ་དང་སྟོབས་ཆེར་བཏང་སྟེ་ཁུལ་ཡོངས་ཀྱི་ཏང་ཡོན་གྲངས་འབོར་2020ལོའི་ཁྲི་4.04ནས་2025ལོའི་ཁྲི་4.42བར་མང་དུ་སོང་བ་དེས་བསྡུར་གྲངས་11.19%བཟུང་ནས་ཞིང་ཆེན་དེ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།
ཆབ་སྲིད་འཛུགས་སྐྱོང་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་གི“འགག་རྩ་གཉིས”དམ་འཛིན་ཏན་ཏིག་བྱས།“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྫོང་བརྒྱ་ཤང་སྟོང་གྲོང་ཚོར་ཁྲིར་སྐྱོད་པ”སོགས་ཀྱི་བྱེད་སྒོ་རིགས་དབྱེ་ནས་སྤེལ་བ་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི“ཆབ་སྲིད་ཀྱི་རྩ་བའི་ཆ་རྐྱེན་དང་པོ”ལག་བསྟར་དོན་འཁྱོལ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས།“སྣང་ཆེན་བཞིའི”མི་སྤྱོད་ཕྱོགས་སྟོན་ཁ་གསལ་བཟོ་བ་བཅས་བྱས་ཡོད།
སྤྱོད་ཚུལ་གསར་བརྗེ་དང་ཕན་ནུས་གསར་བརྗེ།སྤྱོད་གཙང་ཡུན་ནན་བདེ་ཆེན་གྱིས“ཆེད་དོན་གཉིས”འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པ།ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་གཏིང་ཟབ་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ།ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་སྟེ་བདེ་ཆེན་འདི་ཉིད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས།
- བདེ་ཆེན་གསར་འགྱུར།
བདེ་ཆེན་ཁུལ་གྱིས་བོད་འབྲེལ་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
2026ལོའི་ཀྲུང་དབྱང་ཁེ་ལས་དང་ཞིང་ཆེན་རིམ་པའི་དམིགས་འཛུགས་གྱིས་བདེ་ཆེན་ལ་རོགས་སྐྱོར་བྱེད་པའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས།
ཞིང་ཆེན་ཁོངས་གཏོགས་ཁེ་ལས་ཀྱིས་བདེ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་པ།
2025/2026ལོའི་ཧྥུ་ཏན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་འགྲན་བསྡུར་ཁྲོད་བདེ་ཆེན་རུ་ཁག་གི་ཟླ་བ་བཞི་པའི་འགྲན་བསྡུར་དུས་ཚོད་གཏན་འཁེལ་བྱས།
ཡུན་ནན་ཞིང་ཆེན་རིམ་གྱི་ཁང་པ་ཉོ་བའི་ཁ་གསབ་རོགས་དངུལ་རིམ་བསགས་ནས་མ་དངུལ་སྒོར་དུང་ཕྱུར་གཉིས་ལས་བརྒལ།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྤྱི་བདེ་ཅུས་ལ་ཞིང་ཡོངས་ཁྲིམས་ལུགས་ཁྱབ་གདལ་རྨང་གཞི་བརྟན་དུ་གཏོང་བའི་ཆེད་དོན་ལས་ཀའི་ཕུལ་བྱུང་ལས་ཁུངས་ཀྱི་མཚན་སྙན་ཐོབ།
ཟླ་བ་2པར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གྲོང་མིའི་འཛད་སྤྱོད་རིན་གོང་ཟླ་བསྡུར་དང་དུས་མཚུངས་ལས་འཕར།
སྡེ་ཚན་མང་པོས་མཉམ་དུ་སློབ་གྲྭ་རུ་དྲིལ་ལུགས་དྲིལ་བསྒྲགས་བྱས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108