中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཞིང་ཆེན་ཁོངས་གཏོགས་ཁེ་ལས་ཀྱིས་བདེ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་པ།

ཁྱབ་བསྒྲགས་དུས་ཚོད་:2026-03-25 15:28:05

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ3པའི་ཚེས24ཉིན། བདེ་ཆེན་ཁུལ་གྱིས་ཡུན་ནན་མ་འཇོག་ཚོགས་པ་དང་ཡུན་ནན་མཁའ་འགྲུལ་ཐོན་ལས་མ་འཇོག་ཚོགས་པ།ཞིང་ཆེན་འཛུགས་སྐྲུན་མ་འཇོག་ཚོགས་པ།ཞིང་ཆེན་དེང་རབས་ཞིང་ལས་འཕེལ་རྒྱས་ཚོགས་པ།ཁང་ལུའི་ཚོགས་པ།ཞིང་ཆེན་ནུས་རྒྱུ་ཚོགས་པ།ཡུན་ནན་པའེ་ཡའོ་ཚོགས་པ།ཁུན་ཡའོ་ཚོགས་པ་བཅས་དང་ཁ་གཏད་རོགས་སྐྱོར་ལས་དོན་བཞུགས་མོལ་ཚོགས་འདུ་ཁུན་མིང་དུ་འཚོགས་པ་རེད།

   ཞིང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ། ཞིང་ཨུའི་བོད་འབྲེལ་གཞུང་དོན་ཁང་གི་ཀྲུའུ་རེན་ཝུའུ་ཡུན་སན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཞུས་སི་སི་ཚོགས་འདུར་ཕེབས་ཡོད། 

ཚོགས་འདུའི་ཐོག ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གིས་2025ལོའི་ཁ་གཏད་རོགས་སྐྱོར་ལས་དོན་སྤེལ་ཚུལ་དང་དེ་བཞིན་མཐུན་སྦྱོར་རྒྱབ་སྐྱོར་བྱེད་དགོས་པའི་དོན་ཚན་སྙན་སེང་ཞུས་པ་དང་། ཞིང་ཆེན་ཁོངས་གཏོགས་ཀྱི་ཁེ་ལས་8ཀྱིས་2025ལོའི་རོགས་སྐྱོར་ལས་འགན་གྱི་གསལ་ཐོ་དོན་འཁྱོལ་བྱས་ཚུལ་དང་དེ་བཞིན་གོམ་སྟབས་རྗེས་མའི་ལས་ཀའི་འཆར་གཞི་ངོ་སྤྲོད་བྱས་པ་རེད།

   ཝུའུ་ཡུན་སན་གྱིས་ཞིང་ཨུ་བོད་འབྲེལ་གཞུང་དོན་ཁང་གི་ཚབ་ཞུས་ཏེ་ཞིང་ཆེན་ཁོངས་གཏོགས་ཁེ་ལས་8ཀྱིས་བདེ་ཆེན་ལ་རོགས་སྐྱོར་ཤུགས་ཆེན་བྱས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་བསྟན་དོན། དུས་ཡུན་རིང་པོའི་ནང་།ཞིང་ཆེན་ཁོངས་གཏོགས་ཀྱི་ཁེ་ལས་8ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཨུའི་ལས་ཀའི་བླང་བྱ་ལག་བསྟར་གཏིང་ཟབ་བྱས་ཏེ།ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་།སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་འཁུར་བ།བདེ་ཆེན་གྱི་དོན་དངོས་དང་གཞི་ཚུགས་ནས་དམངས་ཕན་རྣམ་གྲངས་ཁག་ཅིག་ལག་བསྟར་བྱས་ཏེ།བདེ་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་ཡོད་ལ།བདེ་ཆེན་དུ་ཁྲོམ་ར་རྒྱ་སྐྱེད་བཏང་བ་དང་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་ཏེ།ཕྱོགས་གཉིས་སུ་ཕན་ཁེ་བྱུང་ཡོད།ཁེ་ལས་ཀྱིས་དམངས་འཚོ་ལེགས་གཏོང་ལ་དམིགས་ནས་བྱ་བ་དངོས་ཏན་ཏིག་ངང་བསྒྲུབ་རྒྱུ་དང་ཞིང་ལས་ཐོན་རྫས་ཉོ་སྒྲུབ་དང་ཕྱིར་ཚོང་དང་།རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན།གྲོང་གསེབ་དར་རྒྱས།ལས་ཞུགས།སློབ་གསོ།སྨན་བཅོས་སོགས་ཀྱི་ཐད་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ་བདེ་ཆེན་གྱི་མི་རིགས་ཁག་གི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་རོགས་རམ་བྱེད་རོགས་ཞུ་བ།རང་སྟེང་གི་དགེ་མཚན་འདོན་སྤེལ་གང་ལེགས་དང་།བདེ་ཆེན་གྱི་གཙོ་གནད་ཐོན་ལས་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ་གནད་སྨིན་ཤུགས་འདོན་དང་།རོགས་སྐྱོར་གྱི་ཁྱབ་ཁོངས་རྒྱ་བསྐྱེད།རོགས་སྐྱོར་གྱི་སྤུས་ཚད་དང་ཕན་འབྲས་ཆེར་གཏོང་བཅས་བྱས་ཏེ།བདེ་ཆེན་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བར་རོགས་རམ་བྱ་དགོས། ཞིང་ཨུའི་བོད་འབྲེལ་གཞུང་ལས་ཁང་གིས་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་བཏང་སྟེ།བདེ་ཆེན་གྱི་རེ་ཞུ་དོན་ཚན་གསལ་ཐོ་བཟོ་བ་དང་།བྱེད་ཐབས་ཞིབ་ཕྲ་བཟོ་བ།དོན་འཁྱོལ་ཡོང་བར་སྐུལ་འདེད།ཕྱོགས་སོ་སོའི་བར་འབྲེལ་གཏུག་དང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ།བདེ་ཆེན་ལ་མཁོ་བའི་ཁེ་ལས་དང་ལས་ཆོད་ཆེ་བའི་འབྲེལ་མཐུད་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ།ཁ་གཏད་རོགས་སྐྱོར་ལས་ཀའི་འགྲིལ་ཤུགས་ཟམ་མི་ཆད་པར་གཅིག་ཏུ་སྒྲིལ་དགོས་པའི་རེ་བ་བཏོན་པ་རེད།

ལུའོ་ཁྲའོ་ཧྥེང་གིས་བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་ཞིང་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་དང་།ཞིང་ཨུའི་བོད་འབྲེལ་གཞུང་དོན་ཁང་།ཞིང་ཆེན་ཁོངས་གཏོགས་ཁེ་ལས་བཅས་ཀྱིས་བདེ་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་བསྟན་དོན།2025ལོར།བདེ་ཆེན་ཁུལ་གྱིས་བརྟན་ལྷིང་འཕེལ་རྒྱས་ཀྱི་སྤྱི་ཡོངས་རྒྱུན་མཐུད་སྲ་བརྟན་དུ་བཏང་བ་དང་།སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་བ།དམངས་འཚོའི་བདེ་སྐྱིད་ཟམ་མི་ཆད་པར་ལེགས་སུ་བཏང་བ།“ལོ་ལྔ་ཚན་བཅུ་བཞི་པ”ཕུན་སུམ་ཚོགས་པོའི་ངང་མཇུག་བསྡུ་བ།འབྲས་བུ་འདི་དག་ཐོབ་ཐུབ་པ་ནི་ཁེ་ལས་8ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད།“ལོ་ལྔ་ཚན་བཅོ་ལྔ་པའི་”རིང་།བདེ་ཆེན་གྱིས་རང་ངོས་ཀྱི་ཁྱད་ཆོས་ལྡན་པའི་“4+2+N”ཡི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གང་མགྱོགས་བཙུགས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་གྱི་ཚད་ཤིང་དང་།སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་གདོང་དམག ཡུན་ནན་གྱི་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་བགྲོད་ལམ་གལ་ཆེན།འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་”ཡུལ་སྐོར་བྱ་ཡུལ་བཅས་ཧུར་ཐག་གཏོད་རྒྱུ་ཡིན་པས། ཞིང་ཆེན་གྱི་ཁོངས་གཏོགས་ཁེ་ལས་ཁག་གིས་རང་ངོས་ཀྱི་ལེགས་ཆར་གཞི་ཚུགས་ནས་བདེ་ཆེན་འཕེལ་རྒྱས་ཀྱི་ངེས་གནས་ལ་དམིགས་ཏེ་ཐོན་ལས་འཕེལ་རྒྱས་དང་།རྣམ་གྲངས་གལ་ཆེན་འཛུགས་སྐྲུན།ཞིང་ལས་ཁྱད་ལྡན་ཐོན་རྫས་ཐོན་སྐྱེད་དང་ཕྱིར་ཚོང་།འཛད་སྤྱོད་རོགས་སྐྱོར།ལས་ཞུགས་བསྡུ་ལེན་སོགས་ཐད་རྒྱབ་སྐྱོར་དེ་བས་ཆེ་བ་བྱ་རྒྱུའི་རེ་བ་ཡོད་ལ།དེ་དང་ཆབས་ཅིག་ཞིང་ཆེན་ཁོངས་གཏོགས་ཁེ་ལས་ཁག་གིས་བདེ་ཆེན་དུ་བརྟག་ཞིབ་བྱེད་པར་གདན་ཞུ་ཞུས་ནས་བདེ་ཆེན་གྱི་ཐོན་ཁུངས་ཀྱི་ཁྱད་ཆོས་དང་མ་འཇོག་ཁོར་ཡུག་བཟང་པོ་མྱོང་ཚོར་ཟབ་མོ་ཡོང་བ་དང་།སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་བ།གཉིས་ཁེ་གཉིས་ཕན་ཡོང་བ་བཅས་བྱས་ཏེ་བདེ་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས།

   ཁུལ་གྱི་འགོ་ཁྲིད་ལིའོ་ཝུན་ཚའེ་ཚོགས་འདུར་ཞུགས།

  • བདེ་ཆེན་གསར་འགྱུར།

ལུའོ་ཁྲའོ་ཧྥེང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གཏོད་པའི་ལས་དོན་ལ་བརྟག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། ནུས་ཤུགས་ཡོད་རྒུས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་ཚད་ཤིང་སྐྲུན་དགོས།

ཁུལ་ཡོངས་ཀྱི་སྤྱི་ཚོགས་ལས་དོན་པུའུ་ཀྲང་གི་ཚོགས་འདུ་འཚོགས་པ།

ཇ་ཞིང་ར་བར་ཇ་ལོ་འཐུ་བའི་ལས་ལ་བྲེལ།

སྐབས་དགུ་བའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས་152པ་འཚོགས་པ།

ལུའོ་ཁྲའོ་ཧྥེང་གིས་རུ་སྣེ་ཁྲིད་ནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་བརྟག་ཞིབ་གནང་།

འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི”སྐབས་གསུམ་པའི་རིག་གནས་ཡུལ་སྐོར་བྱེད་སྒོ་སྤེལ་བ།

ཞིང་ཆེན་ཁོངས་གཏོགས་ཁེ་ལས་ཀྱིས་བདེ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་པ།

བདེ་ཆེན་ཁུལ་གྱིས་བོད་འབྲེལ་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com