中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

2026ལོའི་ཀྲུང་དབྱང་ཁེ་ལས་དང་ཞིང་ཆེན་རིམ་པའི་དམིགས་འཛུགས་གྱིས་བདེ་ཆེན་ལ་རོགས་སྐྱོར་བྱེད་པའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས།

རྩོམ་པ་པོ་:黄晓丽 ཁྱབ་བསྒྲགས་དུས་ཚོད་:2026-03-25 16:03:25


སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་3པའི་ཚེས་24ཉིན་གྱི་ཕྱི་དྲོར། 2026ལོའི་ཀྲུང་དབྱང་ཁེ་ལས་དང་ཞིང་ཆེན་རིམ་པའི་དམིགས་འཛུགས་ཀྱིས་བདེ་ཆེན་ཁུལ་ལ་རོགས་སྐྱོར་བྱེད་པའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཁུན་མིང་དུ་འཚོགས།

ཁུལ་ཨུ་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་ཚོགས་འདུ་རུ་ཞུགས་པ་མ་ཟད་གསུང་བཤད་གནང་། ཁུལ་ཨུ་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་གིས་ཚོགས་འདུ་གཙོ་སྐྱོང་གནང་། ཁུལ་ཨུ་ཧྲུའུ་ཅི་གཞོན་པ་ཞུས་སི་སི་ཚོགས་འདུ་རུ་ཞུགས།

ལུའོ་ཁྲའོ་ཧྥེང་གིས་བདེ་ཆེན་ཁུལ་ཨུ་དང་།ཁུལ་སྲིད་གཞུང་།ཁུལ་ཡོངས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཚབ་མཛད་དེ་དམིགས་འཛུགས་རོགས་སྐྱོར་ལས་ཁུངས་ཀྱིས་བདེ་ཆེན་ལ་སེམས་ཁུར་བྱེད་པར་ཐུགས་རྗེ་ཆེ་ཞུས།ཁོང་གིས།ད་བར་དུ།ཀྲུང་དབྱང་ཁེ་ལས་2དང་ཞིང་ཆེན་ནང་ཁོངས་ཀྱི་དམིགས་འཛུགས་རོགས་སྐྱོར་ལས་ཁུངས་18ཀྱིས་རོགས་སྐྱོར་གྱི་ཆབ་སྲིད་འགན་འཁྲི་ནན་ཏན་གྱིས་ལག་བསྟར་བྱས་ཏེ་ཐོག་མཐའ་བར་གསུམ་དུ་བདེ་ཆེན་གྱི་ལས་དོན་དེ་རང་ཉིད་ཀྱི་ལས་དོན་དུ་བརྩིས་ནས་རང་ཉིད་ཀྱི་ལེགས་ཆ་དང་ཟུང་འབྲེལ་བྱས་ཏེ་རོགས་སྐྱོར་བྱས།ལོ་ལྔ་ཚན་བཅུ་བཞི་པའི་རིང་དམིགས་འཛུགས་རོགས་སྐྱོར་ལས་ཁུངས་ཁག་གིས་ཁྱོན་བསྡོམས་རྣམ་གྲངས་539ལག་བསྟར་བྱས་པ་དང་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་3.07བཏང་ནས་རྨང་གཞིའི་སྒྲིག་ཆས་དང་། ཐོན་ལས་འཕེལ་རྒྱས།དམངས་འཚོ་ལེགས་བཅོས།ལས་ཞུགས་རོགས་སྐྱོར་སོགས་ཀྱི་ཐད་ཕྱོགས་ཡོངས་ནསརྒྱབ་སྐྱོར་བྱས་ཏེ་བདེ་ཆེན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་སྣོན།དམིགས་འཛུགས་རོགས་སྐྱོར་ལས་ཁུངས་དང་ཁེ་ལས་གྱི་སེམས་ཁུར་དང་རྒྱབ་སྐྱོར་འོག་བདེ་ཆེན་གྱིས་སྤྱི་ཚོགས་བརྟན་བརླིང་དང་དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། དམངས་འཚོ་ལེགས་བཅོས་ཀྱི་རྣམ་པ་བཟང་པོ་བསྐྲུན་པ་རྒྱུན་འཁྱོངས་བྱས་ནས་ལོ་ལྔ་ཚན་བཅུ་བཞི་པའི་དམིགས་ཡུལ་ལས་འགན་བདེ་བླག་ངང་ལེགས་གྲུབ་བྱུང་བ་ཅེས་བསྟན།

ལུའོ་ཁྲའོ་ཧྥེང་གིས།ལོ་ལྔ་ཚན་ཅོལྔ་པའི་དུས་རིམ་ནི་བདེ་ཆེན་ཁུལ་གྱིས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་བའི་རྨང་གཞི་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཤུགས་རྒྱག་པའི་དུས་རིམ་འགག་རྩ་ཤིག་རེད། ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་ཐོག་ལོ་ལྔ་ཚན་ཅོལྔ་པའི་དུས་རིམ་གྱི་བདེ་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཡུལ་གཙོ་བོ་དང་ལས་འགན་གཙོ་གནད་གསལ་པོ་བཟོཡོད།དམིགས་འཛུགས་རོགས་སྐྱོར་ལས་ཁུངས་ཁག་གིས་མུ་མཐུད་ནས་བདེ་ཆེན་གྱི་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་།རོགས་སྐྱོར་ལས་དོན་གཏིང་ཟབ་ཏུ་གཏོང་བ།ཐོན་ལས་ཀྱི་སྒུལ་ནུས་ཆེ་རུ་གཏོང་བ་དང་།ཤེས་ལྡན་མི་སྣའི་རྨང་གཞི་བརྟན་དུ་གཏོང་བ། ལས་ཞུགས་རོགས་སྐྱོར་གྱི་ཕན་འབྲས་ཆེ་རུ་གཏོང་བ།འཛད་སྤྱོད་རོགས་སྐྱོར་གྱི་སྤུས་ཚད་མཐོ་རུ་གཏོང་བ།ཕན་ཡུན་རིང་བའི་རོགས་སྐྱོར་ནང་རྐྱེན་འཐུས་སྒོ་ཚང་དུ་གཏོང་བ་དང་ཚོང་འགུགས་མ་འདྲེན་ལ་ཤུགས་སྣོན་རྒྱག་སྟེ་བདེ་ཆེན་གྱི་ལོ་ལྔ་ཚན་ཅོལྔ་པའགོ་ཡག་པོ་ཚུགས་པ་དང་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་དུ་གཏོང་བའི་རེ་བ་ཡོད་ཅེས་བསྟན། 

དམིགས་འཛུགས་རོགས་སྐྱོར་ལས་ཁུངས་ཁག་གི་འབྲེལ་ཡོད་འགན་འཁུར་བས་རོགས་སྐྱོར་གྱི་འགན་འཁྲི་ནན་དུ་གཏོང་བ་དང་། རོགས་སྐྱོར་གྱི་ཕན་ཡུན་རིང་བའི་ནང་རྐྱེན་འཐུས་སྒོ་ཚང་དུ་གཏོང་བ།རོགས་སྐྱོར་ཐབས་ལམ་རྒྱ་ཆེར་གཏོང་། འབྲེལ་གཏུག་མཉམ་ལས་གཏིང་ཟབ་ཏུ་གཏོང་སྟེ་བདེ་ཆེན་གྱི་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་ནས་སྐས་རིམ་གསར་པ་རུ་སླེབས་པར་སྐུལ་འདེད་གཏོང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་གཏོད་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཞེས་སྟོན།

ཚོགས་འདུའི་ཐོགརྫོང་གྲོང་ཁྱེརགསུམ་གྱི་འགན་འཁུར་བློ་མཐུན་གྱིས་ཀྲུང་དབྱང་ཁེ་ལས་དང་ཞིང་ཆེན་རིམ་པའི་དམིགས་འཛུགས་རོགས་སྐྱོར་ཕན་འབྲས་སྙན་སེང་ཞུས། ཀྲུང་གོ་མི་དམངས་སྲོག་རྟེན་འགན་བཅོལ་མ་རྐང་ཚད་ཡོད་ཀུང་སི་ཡུན་ནན་ཞིང་ཆེན་ཡན་ལག་ཀུང་སི་དང་། ཀྲུང་གོ་ལྷོ་ཕྱོགས་གློག་དྲ་ཚད་ཡོད་འགན་འཁྲི་ཀུང་སི། ཡུན་ནན་ཞིང་ཆེན་ཇུས་འགོད་ཁང་ཚོགས་པ་ཚད་ཡོད་ཀུང་སི། ཡུན་ནན་ཞིང་ཆེན་ལྕགས་རིགས་རྩ་ཆེན་རྒྱུ་ཆ་གསར་པའི་མ་རྐང་ཚོད་འཛིན་ཚོགས་པ་ཚད་ཡོད་ཀུང་སི། ཡུན་ནན་སྨན་དཀར་ཚོགས་པ་མ་རྐང་ཚད་ཡོད་ཀུང་སི་བཅས་ཀྱིས་རོགས་སྐྱོར་བྱ་ཐབས་གཙོ་བོ་དང་ཕན་འབྲས། དུས་རིམ་རྗེས་མའི་ལས་ཀའི་བསམ་ཕྱོགས་ཐད་སྤེལ་རེས་གཏམ་བཤད་བྱས། 

ཞིང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ། ཞིང་ཨུ་བོད་འབྲེལ་གཞུང་དོན་ཁང་གི་ཀྲུའུ་རེན་ཝུའུ་ཡུན་སན་དང་། ཞིང་ཆེན་འཕེལ་རྒྱས་བསྒྱུར་བཅོས་ཨུ་ལྷན་གྱི་ཏང་ཙུའུ་ཁོངས་མི། ཀྲུའུ་རེན་གཞོན་པ་ཀྲོའུ་མིང་ཤིན། རང་ཁུལ་གྱི་འགོ་ཁྲིད་ཧོང་ལུང་ཤིན། ཀྲུང་དབྱང་ཁེ་ལས་དང་ཞིང་ཆེན་རིམ་པའི་དམིགས་འཛུགས་རོགས་སྐྱོར་ལས་ཁུངས་ཀྱི་འགན་འཁུར་བ་བཅས་ཚོགས་འདུར་ཞུགས།

  • བདེ་ཆེན་གསར་འགྱུར།

འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི”སྐབས་གསུམ་པའི་རིག་གནས་ཡུལ་སྐོར་བྱེད་སྒོ་སྤེལ་བ།

བདེ་ཆེན་ཁུལ་གྱིས་བོད་འབྲེལ་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

2026ལོའི་ཀྲུང་དབྱང་ཁེ་ལས་དང་ཞིང་ཆེན་རིམ་པའི་དམིགས་འཛུགས་གྱིས་བདེ་ཆེན་ལ་རོགས་སྐྱོར་བྱེད་པའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས།

ཞིང་ཆེན་ཁོངས་གཏོགས་ཁེ་ལས་ཀྱིས་བདེ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་པ།

2025/2026ལོའི་ཧྥུ་ཏན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་འགྲན་བསྡུར་ཁྲོད་བདེ་ཆེན་རུ་ཁག་གི་ཟླ་བ་བཞི་པའི་འགྲན་བསྡུར་དུས་ཚོད་གཏན་འཁེལ་བྱས།

ཡུན་ནན་ཞིང་ཆེན་རིམ་གྱི་ཁང་པ་ཉོ་བའི་ཁ་གསབ་རོགས་དངུལ་རིམ་བསགས་ནས་མ་དངུལ་སྒོར་དུང་ཕྱུར་གཉིས་ལས་བརྒལ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྤྱི་བདེ་ཅུས་ལ་ཞིང་ཡོངས་ཁྲིམས་ལུགས་ཁྱབ་གདལ་རྨང་གཞི་བརྟན་དུ་གཏོང་བའི་ཆེད་དོན་ལས་ཀའི་ཕུལ་བྱུང་ལས་ཁུངས་ཀྱི་མཚན་སྙན་ཐོབ།

ཟླ་བ་2པར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གྲོང་མིའི་འཛད་སྤྱོད་རིན་གོང་ཟླ་བསྡུར་དང་དུས་མཚུངས་ལས་འཕར།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com