རྒྱལ་ཐང་རྒྱལ་བདེ་གྲོང་ཚོའི་སྲོལ་རྒྱུན་དཔྱིད་རྨོད་ཀྱི་མཐོང་ཐོས།
དྭངས་གསལ་དུས་ཚིགས་སྐབས་ཀྱི་སེམས་ཀྱི་ཉི་ཟླར་ད་དུང་བསིལ་རླུང་ལྡང་དུས་རེ་མཆིས་མོད། འོན་ཀྱང་དཔྱིད་ཀྱི་སྐྱེ་སྟོབས་རབ་ཏུ་རྒྱས། ཟླ་4ཚེས་5ཉིན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་རྒྱལ་བདེ་གྲོང་ཚོའི་གྲོང་མི་ཚོས་གཟབ་མཆོར་ལེགས་པར་སྤྲས་ཏེ་གཟབ་རྒྱས་ཆེ་ཞིང་གནའ་བོའི་སྲོལ་རྒྱུན་ལྟར་ནས་འདེབས་པའི་དཔྱིད་རྨོད་བྱེད་སྒོ་བསྡུས་ཡོད།

བྱེད་སྒོ་སྤེལ་བའི་ལས་ཡུལ་དངོས་སུ་རྒན་རྒོན་ཚོས་སྣེ་ཁྲིད་དེ་སྨོན་གླུ་བླངས་པ་དང་། ཕོ་མོ་རྒན་གཞོན་ཚང་མ་རང་འགུལ་ངང་གྲལ་བསྒྲིགས་ནས་གླུ་ལེན་གར་འཁྲབ་སྟོན་བྱས་ཡོད།“གླུ་གཞས་དེ་ནི་ང་ཚོས་ཆུང་དུས་ནས་ད་ལྟ་བའི་ཉན་ནས་ཡོང་བ་དང་། དེས་ནས་འབྲུ་ལ་བསྟོད་གླུ་ལེན་པ་མཚོན། འདི་ནི་ཕ་མེས་ཡང་མེས་ཚོ་ནས་བརྒྱུད་དེ་ཡོང་བའི་ཉིན་བཟང་ཞིག་ཀྱང་རེད། ང་ཚོའི་མི་རབས་ནས་མི་རབས་བར་གྱི་ཉིན་མོ་ཞིག་ཀྱང་རེད། ལོ་ན་མཐོ་བའི་རྒན་པོ་ཞིག་གིས་ཞབས་བྲོའི་སྟངས་སྟབས་མངོན་ཞོར་ཉེ་འགྲམ་གྱི་གཞོན་ནུ་ཞིག་ལ་འདི་ལྟར་བརྗོད་བྱུང་། སྙན་འཇེབས་ལྡན་པའི་གདངས་དབྱངས་ནི་གངས་རི་དང་རྩྭ་ཐང་དུ་བརྒྱུད་ནས་བྲག་ཅ་འཁོར་བ་དང་། གླུ་གཞས་ཁྲོད་དཔྱིད་ཆར་གྱིས་ཞིང་ས་བརླན་པ་དང་། སོན་བཟང་འདེབས་པ། ནས་ཀྱི་མྱུ་གུ་སྐྱེ་བ། སྙེ་མ་ཐོན་པ། དེ་ནས་གསེར་མདོག་གི་སྙེ་མས་ཁེངས་པ། བཙས་མ་བརྔ་བ་དང་ཉི་མར་སྐམ་པ། ནས་ཆང་ཞིམ་པོས་སྐུ་མགྲོན་ལ་སྣེ་ལེན་ཞུ་བ་སོགས་གླུ་ཚིག་ཚང་མའི་ནང་ས་མཐོའི་སོ་ནམ་གྱི་བློ་གྲོས་དང་བརྩེ་སེམས་འདུས་ཡོད།
གླུ་ལེན་གར་རྩེད་བྱས་ནས་དཔྱིད་རྨོད་ཀྱི་དུང་བརྡ་དངོས་སུ་གྲགས་བྱུང་། གྲོང་མི་ཚོས་ཞིང་ལས་འཕྲུལ་ཆས་སྤྱོད་པ་དང་ཡང་འཇོར་བཟུང་སྟེ་ནས་ཀྱི་སོན་བཟང་བླུགས་པའི་སྨྱུག་སླེས་འཁྱེར་ནས་ཞིང་ནང་དུ་བསྐྱོད། གྲོང་ཚོའི་ནང་གི་ཞིང་པ་ཚོས་འདྲུད་འཐེན་འཁོར་ལོ་གཏོང་བཞིན་ཞིང་ནང་དུ་ཕར་འགྲོ་ཚུར་འོང་བྱེད་པ་དང་། གྲོང་མི་ཚོས་དེ་རྗེས་ས་སློག་རྒྱག་པ་དང་། ས་སོབ་སོབ་བཟོ་བ། ཁོད་སྙོམས་པ་བཅས་བྱས་ཏེ་ནས་ཀྱི་ས་བོན་འདེབས་ཀྱི་ཡོད། འཕྲུལ་འཁོར་གྱི་ལྡིར་སྒྲ་དང་འཇོར་སྒྲ། གྲོང་མི་ཚོའི་འབོད་སྒྲ་བཅས་ལས་རེ་བས་ཁེངས་པའི་ས་མཐོའི་དཔྱིད་རྨོད་ཀྱི་མཉམ་སྒྲོག་རོལ་དབྱངས་ཤིག་གྲུབ་ཡོད། “ང་ཚོས་ཆེད་དུ་ཉིན་མ་ཡག་པོ་ཞིག་བདམས་ནས་དཔྱིད་རྨོད་ཀྱི་བྱེད་སྒོ་གཉེར་དོན་ནི་ད་ལོ་ཆར་ཆུ་དུས་སུ་འབབ་པ་དང་ནས་ལ་ཐོན་འབབ་ཡག་པོ་ཡོང་བའི་སྨོན་འདུན་ཞུ་ཆེད་ཡིན་ཞེས་རྒྱལ་བདེ་གྲོང་ཚོའི་གྲོང་མི་བསམ་གཏན་གྱིས་བཏབ་མ་ཐག་པའི་ས་ཞིང་གི་འགྲམ་དུ་ལངས་ནས་རེ་སྒུག་གིས་གསར་བ་ཞིག་ལ་རེ་ལྟོས་བཅངས་བཞིན་ཡོད་པ་དང་།ཁོང་གིས་བྱེད་སྒོ་འདི་ནི་མི་རབས་ནས་མི་རབས་བར་བརྒྱུད་སྤེལ་བྱས་པ་དང་ཁོང་གིས་དམངས་སྲོལ་དེ་རྒྱུན་མཐུད་ཡག་པོ་བྱེད་དགོས་པ་མ་ཟད། ད་དུང་གཞོན་ནུ་ཚོར་རྐང་འོག་གི་ས་ཞིང་ལ་གུས་བཀུར་བྱེད་དགོས་པ་དང་འབྲུ་རིགས་རྡོག་རེ་རེ་ལས་སླ་པོར་བྱུང་བ་ཞིག་མིན་པ་དེ་བས་ཤེས་སུ་འཇུག་དགོས་ཟེར།
ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་བདེ་གྲོང་ཚོའི་དཔྱིད་རྨོད་བྱེད་སྒོར་ལོ་ངོ་བརྒྱ་གྲངས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པ་དང་། དེ་ནི་ས་གནས་དེ་གའི་བོད་པ་ཚོས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པའི་དམངས་སྲོལ་བྱེད་སྒོ་གཟབ་རྒྱས་ཤིག་ཡིན་ལ་ས་མཐོའི་བུ་ཕྲུག་ཚོའི་རུས་པའི་གཏིང་དུ་བརྐོས་པའི་རིག་གནས་ཀྱི་རྟགས་མཚན་ཞིག་ཀྱང་རེད། ཐོག་མཐའ་བར་གསུམ་དུ་ས་གཞི་དེའི་ཐོག་འཚོ་བ་སྐྱེལ་བཞིན་པའི་བོད་མི་ཚོས་ས་མཐོའི་གནམ་གཤིས་ཀྱི་འགྱུར་ཁུག་དང་བསྟུན་ནས་དཔྱིད་རྨོད་དཔྱིད་འདེབས་དང་འཚམ་པའི་དུས་བཟང་དང་ཉིན་བཟང་བདམས་ནས་གཟབ་རྒྱས་ཀྱི་བྱེད་སྒོར་བརྟེན་ནས་ལོ་ལྟར་གྱི་ཞིང་ལས་ངལ་རྩོལ་བྱེད་འགོ་ཚུགས་ཡོད། གོམས་སྲོལ་དེས་མི་རྣམས་ཀྱིས་ལོ་ལེགས་ལ་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། རང་བྱུང་ཁམས་ལ་གུས་བཀུར་དང་ས་ཞིང་ལ་བཅངས་པའི་དྲིན་ཚོར་གྱི་རྒྱུན་བསྐྱངས་ཡོད་པས་སྲོལ་རྒྱུན་གྱི་རྨོ་འདེབས་རིག་གནས་ཀྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད།
- བདེ་ཆེན་གསར་འགྱུར།
རྒྱལ་ཐང་རྒྱལ་བདེ་གྲོང་ཚོའི་སྲོལ་རྒྱུན་དཔྱིད་རྨོད་ཀྱི་མཐོང་ཐོས།
ཞོཊ་པ་བདེ་ལེཊ།འཛམ་གླིང་གི་སེམས་ཀྱི་ཉི་ཟླ།བོད་ཁང་འགྲམ་གྱི་ཁམ་སྡོང་།
དྲི་བར་ལྔར་ལན་བསྐྱོན་ནས་འབབ་འཕར་ལ་སྐུལ་འདེད་གཏོང་བ།ཉི་ཤར་ཤང་གིས་ཞིང་ལས་དང་། རིག་གནས་ཡུལ་སྐོར་མཉམ་འདྲེས་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་པ་བཏོད་པ།
ཁུལ་སྲིད་གཞུང་གིས་རྒྱུན་ལས་ཚོགས་འདུ་ཐེངས་84པ་འཚོགས་པ།
ཞོགས་པ་བདེ་ལེགས།འཛམ་གླིང་གི་སེམས་ཀྱི་ཉི་ཟླ། རྣང་ཞིང་གི་མཛེས་སྡུག
ཀྲང་ཝེ་ཏུང་གིས་རུ་སྣེ་ཁྲིད་དེ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ།
ཁུལ་མི་དམངས་སྲིད་གཞུང་སྐབས་བཅུ་བཞི་བའི་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་77པ་བསྡུས་པ།
ལུའོ་ཁྲའོ་ཧྥེང་གིས་“བློ་སྦྱོང”ལས་གྲྭར་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས་འགན་འཁྲི་དང་ལས་འགན་ལ་དམིགས་ནས་རྩ་བ་བརྟན་སྲུང་དང་གསར་གཏོད་མཐའ་འཁྱོངས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་གནང་བ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108