中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

དྲི་བར་ལྔར་ལན་བསྐྱོན་ནས་འབབ་འཕར་ལ་སྐུལ་འདེད་གཏོང་བ།ཉི་ཤར་ཤང་གིས་ཞིང་ལས་དང་། རིག་གནས་ཡུལ་སྐོར་མཉམ་འདྲེས་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་པ་བཏོད་པ།

ཁྱབ་བསྒྲགས་དུས་ཚོད་:2026-04-05 17:24:25
དཔྱིད་དུས་ཀྱི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་ཤར་ཤང་ཐང་སྨད་གྲོང་ཚོར་ཁམ་བུའི་མེ་ཏོག་རྣམ་པར་བཞད་ཅིང་རི་ལུང་གྱི་ཆུ་ཕྲན་དྭངས་ཤིང་གསལ་ལ་བཞུར་སྒྲ་སྙན། ཕྱོགས་དང་ཕྱོགས་སུ་བོད་ཀྱི་གྲོང་སྡེ་རིམ་བཞིན་ཆགས་ནས་མེ་ཏོག་གི་འཛུམ་ཞལ་ཁྲོད་ན་བོད་ཁང་རེ་རེ་མངོན་པའི་ཡིད་དུ་འོང་བའི་སྣང་བརྙན་དེ་དག་ནི་ཡུལ་སྐོར་བའི་པར་ལེན་ས་གཙོ་བོ་ཞིག་ཏུ་གྱུར་ཡོད་ལ། ལྷག་པར་མངོན་མིན་ཤུལ་བཞག་རིག་གནས་ཀྱི་རྫ་ནག་བཟོ་རྩལ་ཉམས་སུ་མྱོང་བ་དང་། ཉི་ཤར་གྱི་བྱ་ཤའི་བྲོ་བ་མྱོང་བ་སོགས་ཞིང་གྲོང་གི་མཛེས་སྡུག་ལྡན་པའི་ཁོར་ཡུག་ནས་སྲོལ་རྒྱུན་རིག་གནས་ལ་ཉེ་བར་བཅར་བའི་རྣམ་པ་ཞིག་མཐོ་སྒང་གི་ཡུལ་གྲུ་འདི་ན་གསོན་ཤུགས་འཕེལ་བཞིན་ཡོད།

ཉེ་བའི་ལོ་ཤས་རིང་། ཉི་ཤར་ཤང་གིས་འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི”སྤུས་རྟགས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་ཏང་འཛུགས་སྐྱོང་གིས་ཞིང་ལས་དང་། རིག་གནས ཡུལ་སྐོར་བཅས་མཉམ་འདྲེས་ལ་སྣེ་ཁྲིད་བྱ་རྒྱུ་ལྟེ་བར་བྱས་ནས་ཁམ་བུའི་མེ་ཏོག་དང་། རྫ་ནག ཉི་ཤར་བྱམས་གླུ་བཅས་ཁྱད་ལྡན་ཐོན་ཁུངས་ཆེན་པོ་གསུམ་གཏིང་ཟབ་བཏོད་དེ“རིག་གནས་དང་ཡུལ་སྐོར་+ཞིང་ལས་དང་། མངོན་མིན་ཤུལ་བཞག་རིག་གནས། གསར་བརྗེའི་རིག་གནས། གྲོང་གསེབ་འཛུགས་སྐྲུན”བཅས་ཀྱི་ཁྱད་ལྡན་འཕེལ་རྒྱས་ཀྱི་ལམ་བུ་གསར་གཏོད་བྱས་ནས་གྲོང་གསེབ་ཀྱི་ཡུལ་སྐོར་དང་ཡུལ་སྐོར་ཐོན་ལས་ཀྱིས་གྲོང་གསེབ་དར་རྒྱས་ལ་སྒུལ་ཤུགས་བསྩལ་ཡོད།

རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་རྨང་གཞི་བཏིང་ནས་ཁྱད་ལྡན་ཐོན་ཁུངས་ཀྱི་ནང་གནས་སྒུལ་ཤུགས་འཕེལ་བར་བྱས་པ།

ལོ་57ལ་སླེབས་པའི་རྫ་ནག་བཟོ་མཁན་སྟོབས་ལྡན་གྱིས་རྫ་ནག་འགྲེམས་ཁུལ་དུ་ཡུལ་སྐོར་བར་འགྲེལ་བཤད་རྒྱག་པ་དང་གྲོང་ཚོའི་ནང་ཉར་ཚགས་བྱས་པའི་ལོ་ངོ་150ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་འབྲས་ཆང་སྣོད་ཆས་ཀྱིས་ལག་རྩལ་རྒྱུན་འཛིན་ཐུབ་པའི་དཔང་པོ་བྱས་ཡོད། ན་གཞོན་བཟོ་པས་གསར་གཏོད་ཞིབ་བཟོ་བྱས་པའི་རྫ་ནག་གི་འཚིག་ཇའི་ཕོར་པ་དང་རིག་གནས་གསར་གཏོད་སྒྲིག་ཆས་སོགས་ཀྱི་ཐོན་རྫས་ལས་གནའ་བོའི་ལག་ཤེས་ལ་དུས་རབས་ཀྱི་སྐྱེ་སྟོབས་གསར་པ་མངོན་ཡོད། “དེ་སྔ་རྫ་ནག་ནི་ཁ་ལག་བཟོ་སའི་སླ་ང་ཙམ་ཡིན། ད་ཆ་ཡུལ་སྐོར་བས་དགའ་པོ་བྱེད་པའི་རིག་གནས་གསར་གཏོད་ཐོན་རྫས་ཤིག་ཏུ་གྱུར་ནས་ང་ཚོའི་ཡོང་འབབ་ཀྱང་ལྡབ་ཁ་ཤས་འཕར་ཡོད་ཅེས་སྟོབས་ལྡན་གྱིས་འཛུམ་དམུལ་དམུལ་ངང་བཤད་བྱུང་། མིག་སྔར་ཤང་ཡོངས་སུ་རྫ་ནག་ཉམས་ལེན་ཁང་དང་། མངོན་མིན་ཤུལ་བཞག་རིག་གནས་རྒྱུན་འཛིན་ལྟེ་གནས། རྫ་ནག་འཚིག་ཇ་ཁང་སོགས་སྣ་མང་གཞི་རྟེན་བསྐྲུན་ཟིན་པ་དང་།2025ལོར་ཐང་སྟོད་ཡུག་ཁུལ་གྱི་རྫ་ནག་ལོར་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་460ཙམ་ཟིན་པ་དང་རྫ་ནག་བཟོ་མཁན་རེར་ལོར་ཆ་སྙོམས་འབབ་འཕར་སྒོར་ཁྲི་3ནས་ཁྲི10བར་བྱུང་ཡོད།

ཞིང་ཆེན་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ཡིན་པའི་ཉི་ཤར་བྱམས་གླུ་ནི་ས་གནས་དེ་གའི་མང་ཚོགས་ཀྱིས་བརྩེ་སེམས་མཚོན་པ་དང་རིག་གནས་རྒྱུན་འཛིན་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་ཏུ་གྱུར་ཡོད།2025ལོའི་ཐང་སྟོད་ཁམ་བུའི་མེ་ཏོག་དུས་ཆེན་གྱིས“རྫ་ནག་ལ་རྣམ་པ་གསར་པ་མངོན། ཁམ་བུའི་ནགས་ཀྱིས་དར་རྒྱས་རི་མོ་འགོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ“ཁམ་བུའི་མེ་ཏོག་+མངོན་མིན་ཤུལ་བཞག་རིག་གནས་+བྱམས་གླུ་+ཞིམ་ཟས”བཅས་མཉམ་འདྲེས་བྱེད་སྟངས་བརྒྱུད་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད། རྫ་ནག་སླ་ངའི་“གསོལ་སྟོན་ཆེན་མོ”བཤམས་པ་དང་། བྱམས་གླུ་འཁྲབ་སྟོན། མངོན་མིན་ཤུལ་བཞག་རིག་གནས་འགྲེམས་སྟོན་སོགས་ཀྱི་ལྷུ་ཚིགས་ལ་བརྟེན་ནས་ས་མཐོའི་གྲོང་གསེབ་ཀྱི་སྣང་བརྙན་དང་རིག་གནས་རྒྱུན་འཛིན་ལས་བཀྲག་མདངས་འཚེར་བར་བྱས་ཡོད།

ཉི་ཤར་བྱམས་གླུའི་དུས་ཆེན་དང་། ཁམ་བུའི་མེ་ཏོག་དུས་ཆེན། ཀུ་ཤུ་བཏོག་པའི་དུས་ཆེན། རྒྱ་སིལ་བཏོག་པའི་དུས་ཆེན་སོགས་ཁྱད་ལྡན་དུས་ཆེན་གྱི་བྱེད་སྒོ་སྤེལ་ནས་བྱམས་གླུ་དེ་རིག་གནས་ཡུལ་སྐོར་གྱི་ཉམས་ལེན་ནང་མཉམ་འདྲེས་གཏིང་ཟབ་ཐུབ་ནས་ཡུལ་སྐོར་བས་གར་སྟབས་འཁྲབ་པའི་ཁྲོད་སྲོལ་རྒྱུན་གྱི་མི་རིགས་གླུ་གར་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་ཐུབ་པ་བྱུང་ཡོད།“ད་རེས་ང་དང་སློབ་གྲོགས་ཚོ་ཉི་ཤར་གྱི་རྫ་ནག་རིག་གནས་ལ་བརྟག་ཞིབ་བྱེད་པར་ཡོང་བ་ཡིན། ཁམ་བུའི་མེ་ཏོག་རབ་ཏུ་བཞད་པའི་དུས་དང་ཏག་ཏག་འཁེལ་བས་གནའ་བོའི་གྲོང་ཚོའི་ཁམ་སྡོང་འོག་རྫ་ནག་འཚིག་ཇའི་བྲོ་བ་མྱོང་བར་ཡོང་བ་ཡིན་ཅེས་ཡུན་ནན་སྒྱུ་རྩལ་སློབ་གླིང་གི་ཞིབ་འཇུག་སློབ་མ་ཝང་ཞའོ་ཡུས་ཀྱིས་འདི་ལྟར་བཤད་བྱུང་།

ལས་རྣམ་རིམ་སྤོར་བྱེད་མགྱོགས་སུ་བཏང་ནས་ས་མཐོའི་གྲོང་གསེབ་ཀྱི་ཡུལ་སྐོར་དཔེ་མཚོན་བཏོད་པ།

ཐང་སྨད་གྲོང་ཚོ་ནི་ཡུལ་སྐོར་ཚོད་ལྟ་བྱ་ཡུལ་དུ་བདམས་ནས་ཉི་ཤར་ཤང་གིས་གྲོང་གསེབ་ཡུལ་སྐོར་གྱི་ལྟེ་བའི་ལས་རྣམ་བཏོད་དེ་སྤྲོ་གསེང་དང་། མངོན་མིན་ཤུལ་བཞག་རིག་གནས་ཉམས་ལེན། ཞིང་ལས་འཐུ་བསྡུ། དམངས་སྲོལ་བཅས་གཞི་གཅིག་ཏུ་འདུས་པའི་ཡུལ་སྐོར་བྱེད་སྟངས་གསར་པ་བཏོད་ཡོད། 2025ལོར་ཐང་སྨད་གྲོང་ཚོས་ཡུལ་སྐོར་བ་མི་ཐེངས་ཁྲི་10ལྷག་ཙམ་ལ་སྣེ་ལེན་ཞུས་པའི་ནང་གཟའ་འཁོར་གཉིས་ཡན་གྱི་ཡུལ་སྐོར་བ་337ཟིན་པ་དང་མི་37ནི་ལོ་ཧྲིལ་བོར་གནས་སྡོད་བྱས་ཡོད་པས“ཁམ་བུའི་མེ་ཏོག་གི་གྲོང་ཚོ”ཡིས་ཡུལ་སྐོར་བའི་ཡིད་དབང་འཕྲོག་ཤུགས་མུ་མཐུད་ཆེ་རུ་ཕྱིན་ཡོད།

ཡུལ་སྐོར་གྱི་རྨང་གཞི་བརྟན་དུ་གཏོང་ཆེད། ཉི་ཤར་ཤང་གིས་རྒྱལ་ལམ་214/215ལམ་རྒྱུད་ཀྱི་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དང་གྲོང་ཚོའི་རྣམ་པ་བཅོས་སྒྲིག་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། “ཁྲི་སྟོང་ལས་གྲྭ”ཡི་ཉམས་མྱོང་དང་ཟུང་འབྲེལ་བྱས་ནས་མི་སྡོད་ཁོར་ཡུག་ལེགས་སུ་བཏང་བ། ཡུལ་སྐོར་ཞིང་ཆུ་འདྲེན་པ་དང་། འཐུང་ཆུ་འདྲེན་པ། ལམ་དྲ་སོགས་ལེ་ལག་ཚང་བའི་སྒྲིག་བཀོད་འཐུས་ཚང་དུ་བཏང་ནས་གྲོང་གསེབ་ཏུ་ཞིང་སྡེའི་སྙན་ངག་གི་ཉམས་འགྱུར་ལྡན་ལ་སྟབས་བདེའི་འཚོ་བ་ཡང་ལྡན་པར་བྱས་ཡོད། དེ་དང་ཆབས་ཅིག་བཟའ་བཏུང་ཚོང་དུད་58དང་། དམངས་ཁྱིམ་མགྲོན་ཁང་རྩེ་གྲ མཁོ་སྤྲོད་ས་ཚིགས་སོགས་ཀྱི་ལས་རྣམ་བཀོད་སྒྲིག་བྱས་ཏེ་སེམས་ཀྱི་ཉི་ཟླའི་སྐོར་ལམ་ཆེ་མོའི་སྒེར་འཁོར་བཏང་ནས་འགྲུལ་བཞུད་བར་བརྒྱུད་བྱེད་མཁན་དང་ལེན་ནུས་ལྡན་བྱས་པ་མ་ཟད། ཉི་ཤར་བྱ་ཤ་དང་། ཉི་ཤར་གྱི་སི་པེན། ཤ་མོ། ཁྱད་ལྡན་སིལ་ཏོག་སོགས་ཞིང་ལས་དང་དམིགས་བསལ་ཐོན་ལས་དེ་དག་ཡུལ་སྐོར་གྱི་ཉམས་ལེན་ནང་མཉམ་འདྲེས་ཐུབ་པ་བྱས་ནས་ཞིང་ལས་འཐུ་བསྡུ་དང་ཞིང་ལས་ཐོན་རྫས་ཀྱི་སྤུས་རྟགས་དཔྱད་གཞིར་འཛིན་པ་སོགས་ཀྱི་བྱེད་སྒོ་སྤེལ་ཏེ་རིག་གནས་ཡུལ་སྐོར་དང་ཞིང་ལས་ཕྱོགས་གཉིས་ལ་ནུས་པ་ལྡན་པ་དང་མཐུན་སྦྱོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།

ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་གྲགས་པས་བོད་བཟོའི་ཁྱིམ་ཚང་མགྲོན་ཁང་རྩེ་གྲ་དང་རྫ་ནག་འཚིག་ཇ་ཁང་དུ་སྒྱུར་བཀོད་བྱས་ཏེ་རྫ་ནག་རིག་གནས་དང་དེང་རབས་མགྲོན་ཁང་གི་དགོས་མཁོ་མཉམ་འདྲེས་བྱས་ནས“མངོན་མིན་ཤུལ་བཞག་རིག་གནས་+ཁྱིམ་ཚང་མགྲོན་ཁང”གི་ཁྱད་ལྡན་ཉམས་ལེན་བཏོད་དེ་ཉེ་འཁོར་གྲོང་མིའི་ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་བྱས་པ་རེད། ད་ཆ་གཞོན་ནུ་དེ་བས་མང་བས་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱས་ཏེ་ཁྱིམ་ཚང་མགྲོན་ཁང་དང་། འཚིག་ཇ་ཁང་། པར་ལེན་ཁང་བཅས་བཙུགས་ཡོད། “དེ་སྔ་ཕ་མེས་ཚོས་རི་གྲོང་བསྲུངས་ནས་འཚོ་བ་སྐྱེལ་གྱི་ཡོད། ད་ཆ་ང་ཚོས་ཁྱིམ་གྱི་སྒོ་འགྲམ་དུ་གནས་ཚང་དང་འཚིག་ཇ་ཁང་གཉེར་གྱི་ཡོད་པས་ཡུལ་སྐོར་བ་མང་བའི་དུས་སུ་ཁང་པ་གཅིག་ཀྱང་རག་ཁག་པོ་ཡོད། འཚིག་ཇ་འཐུང་མཁན་ཡང་ཇེ་མང་དུ་འགྲོ་གི་ཡོད་པས་འཚོ་བར་རེ་བ་ཆེན་པོ་ཡོད་ཅེས་གྲགས་པས་བཤད་བྱུང་།

གསར་བརྗེའི་ཐོན་ཁུངས་དང་སྐྱེ་ཁམས་ཀྱི་ལེགས་ཆར་བརྟེན་ནས་ཉི་ཤར་ཤང་གིས་ཧེ་བག་ཅན་གྱི་ཡུལ་སྐོར་ལམ་ཐིག་བཏོད་པ་སྟེ།ཧྲང་ཆའོ་ཐིག་དམར་དམག་ཟམ་པའི་གསར་བརྗེའི་གནས་རྙིང་ལྟེ་བར་བྱས་ཏེ་བདེ་སྐྱིད་གྲོང་ཚོར“གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་+སྐྱེ་ཁམས་རྐང་ཐང་+ས་མཐོའི་བདེ་ཐང་ལུས་གསོ”ལམ་ཐིག་བཏོད་པ་རེད། རྒྱ་སིལ་བཏོག་པ་དང་ཉི་ཤར་བྱམས་གླུ་ཁྱད་ཆོས་སུ་བྱས་ཏེ་ཞིང་སྡེའི་དམངས་སྲོལ་ཡུལ་སྐོར་འཕེལ་རྒྱས་བཏང་ནས“དུས་ཚིགས་གཅིག་ལ་མེ་ཏོག་ལྟ་བ་དང་དུས་ཚིགས་བཞི་པོར་མྱོང་རོལ་བྱེད་པའི”ས་ཁོངས་ཧྲིལ་པོའི་ཡུལ་སྐོར་རྣམ་པ་ཞིག་ཆགས་པ་བྱས་ཡོད། བདེ་སྐྱིད་གྲོང་ཚོའི་གྲོང་མི་པད་མས་ས་བབ་ཀྱི་ལེགས་ཆར་བརྟེན་ནས་རྒྱལ་ལམ་འགྲམ་དུ་བཟའ་བཏུང་ཚོང་ཁང་དང་། ཡུལ་མིའི་མགྲོན་ཁང་། གཙང་སྦྲ་དོད་ལ་སྐྱིད་སྣང་དོད་པའི་མགྲོན་ཁང་བཅས་བཙུགས་ཏེ་ཞིམ་ཟས་སོས་པ་ལས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད། “དེ་སྔ་ལོ་ཧྲིལ་པོར་ལས་བྲེལ་ཆེན་པོ་ཡོད། ད་ཆ་སྒོ་འགྲམ་དུ་སྲུང་ནས་བསྡད་ཚེ་ཡོང་འབབ་གསོག་ཐུབ་པས་འཚོ་བ་ཇེ་ལེགས་སུ་འགྲོ་བཞིན་ཡོད་ཅེས་པད་མས་མྱོང་ཚོར་ཟབ་མོས་ངང་བཤད་བྱུང་།

ཐོན་ལས་མཉམ་འགུལ་ལ་ནུས་པ་བསྩལ་ནས་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་ཕུགས་ཡུན་གྱི་འཆར་གཞི་བཀོད་པ།

རིག་གནས་དང་ཡུལ་སྐོར་མཉམ་འདྲེས་དང་ཡུལ་སྐོར་རིམ་སྤོར་གྱི་རྨང་གཞིའི་ཐོག་ཉི་ཤར་ཤང་གིས“ཡུལ་སྐོར་དང་ཁྱད་ལྡན་ཐོན་ལས་ཟུང་དུ་འབྲེལ་བའི”མཉམ་འགུལ་བྱེད་སྟངས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་རིག་གནས་དང་ཡུལ་སྐོར་གྱིས་མང་ཚོགས་ལ་འབབ་འཕར་དང་གྲོང་གསེབ་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། མིག་སྔར་ཐང་སྟོད་ཡུག་ཁུལ་ནི“ཡུན་ནན་ཞིང་ཆེན་གྱི་ཕ་ཡུལ་དྲན་གདུང་ཡུལ་སྐོར་ཁུལ་མཛེས་ཤོས”སུ་བདམས་པ་དང་།ཤང་ཡོངས་སུ་ཡུལ་མིའི་མགྲོན་ཁང་25དང་རྫ་ནག་ཉམས་ལེན་ཁང་3བསྐྲུན་ཡོད།རྫ་ནག་ཕྱིར་ཚོང་དྲ་ཚིགས་20ལྷག་ཙམ་བཙུགས་ནས་“ཉམས་ལེན་དང་། ཕྱིར་འཚོང་། གནས་སྡོད”བཅས་ཀྱི་ཐོན་ལས་སྦྲེལ་ཐག་ཆ་ཚང་ཞིག་ཆགས་ཡོད།“ང་ཚོས་གྲོང་ཁྱེར་གྱི་བྱ་གཞག་དོར་ནས་ཕ་ཡུལ་དུ་ལོག་སྟེ་བྱ་གཞག་གཏོད་དོན་ནི་རྫ་ནག་རིག་གནས་དང་གྲོང་གསེབ་ཀྱི་ཡུལ་སྐོར་ཟུང་འབྲེལ་བྱས་ཏེ་ཡུལ་མི་སྤུན་ཟླ་ཚོ་མཉམ་དུ་ཕྱུག་པོ་ཆགས་རྒྱུར་སྐུལ་ཁྲིད་བྱ་ཆེད་ཡིན། རྫ་ནག་ཐོན་ལས་ཀྱི་སྣེ་ཁྲིད་པ་བློ་བཟང་ཆོས་འཕེལ་གྱིས་བཤད་ན། ཐང་སྟོད་གྲོང་ཚོར་རྫ་ནག་བཟོ་མཁན་ཞིང་དུད་དེ་སྔའི་དུད་ཚང་བདུན་བརྒྱད་ནས་དུད་ཚང་108བར་མང་དུ་ཕྱིན་ནས་ཐོན་རྫས་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་ཕྱིར་ཚོང་བྱེད་ཀྱི་ཡོད་ཟེར།

ཐོན་ལས་འཕེལ་རྒྱས་ཀྱི་སྤྱི་བཀོད་ཁྲོད་ཉི་ཤར་ཤང་གིས་རིག་གནས་ཡུལ་སྐོར་གྱི་རྩེར་སོན་རྣམ་གྲངས་འཛུགས་སྐྲུན་ལ་དམིགས་ནས་ཐང་སྟོད་གྲོང་ཚོའི་ཡུལ་སྐོར་ཚོད་ལྟ་དང་གྲོང་གསེབ་ཡུལ་སྐོར་རིམ་སྤོར་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་དང་། རྫ་ནག་ཞིབ་འཇུག་འགྲེམས་སྟོན་ལྟེ་གནས་དོན་འཁྱོལ་བྱས་ཤིང་། མངོན་མིན་ཤུལ་བཞག་རིག་གནས་ཡུལ་སྐོར་གྱི་ལྟེ་བའི་ཉམས་ལེན་ཁུལ་གཏོད་པ་སོགས་ཀྱི་ལས་དོན་ལེགས་སྒྲུབ་བྱས་ཡོད། “གྲོང་གསེབ་ཀྱི་ཡུལ་སྐོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས། ཉི་ཤར་ཤང་གིས་ཐག་རིང་གི་ཡུལ་སྐོར་བའི་གོམ་སྟབས་སྤོ་མཚམས་འཇོག་ཏུ་བཅུག་ཡོད་པ་མ་ཟད། ད་དུང་ཁོང་ཚོར་རྒྱུན་སྡོད་ཡུལ་སྐོར་གདམ་ག་བྱེད་དུ་བཅུག་པ་དང་། ས་གནས་དེ་གའི་གཞོན་ནུ་ཚོའི་སེམས་པ་དེ་བས་བརྟན་དུ་བཏང་ཡོད། ཚང་མ་ཕ་ཡུལ་དུ་ལོག་ནས་ལས་གཏོད་དང་ཐག་ཉེ་སར་ལས་ཞུགས་བྱ་རྒྱུའི་ཡིད་དབང་བཀུག་པ་བཅས་བྱས་ནས་ཕ་ཡུལ་བདེ་འཇགས་ཡོང་བའི་སེམས་ཁྲལ་བསལ་ཡོད། ”ཉི་ཤར་ཤང་གི་ཤང་ཀྲང་གཞོན་པ་ཀའོ་ཆི་ཝེ་ཡིས་གོམ་སྟབས་རྗེས་མར་ཉི་ཤར་ཤང་གིས་ཞིང་ལས་དང་། རིག་གནས། ཡུལ་སྐོར་བཅས་མཉམ་འདྲེས་བྱ་རྒྱུ་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། རྒྱུན་རྣམ་ཅན་གྱི་ཐོག་ནས་མཛའ་གྲོགས་དུས་ཆེན་དང་འཐུ་བསྡུའི་དུས་ཆེན་སོགས་ཀྱི་བྱེད་སྒོ་སྤེལ་བ། སྲོལ་རྒྱུན་གྲོང་སྡེའི་རིག་གནས་སྲུང་སྐྱོང་ཉམས་གསོར་སྐུལ་འདེད་གཏོང་བ། གྲངས་འཛིན་དཔེ་མཛོད་ཁང་དང་འཕྲལ་སྡོམ་རླུང་འཕྲིན་སོགས་གྲངས་འཛིན་རིག་གནས་ཡུལ་སྐོར་ལེ་ལག་ཚང་དུ་གཏོང་བ། རིག་གནས་ཡུལ་སྐོར་དྲིལ་བསྒྲགས་དང་ཞབས་ཞུ་གྲངས་འཛིན་ཅན་དུ་རིམ་སྤོར་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཅེས་བཤད་བྱུང་།དེ་དང་ཆབས་ཅིག་རྨང་གཞིའི་སྒྲིག་བཀོད་ཀྱི་ལེ་ལག་ཚང་བའི་འཛུགས་སྐྲུན་འཐུས་སྒོ་ཚང་དུ་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། རིག་གནས་ཡུལ་སྐོར་ཁེ་ལས་ནང་ཞུགས་རྒྱུའི་ཡིད་དབང་འགུགས་པ། ས་གནས་དེ་གའི་རིག་གནས་ཡུལ་སྐོར་གྱི་གཉེར་སྐྱོང་བྱེད་པོ་སྐྱེད་སྲིང་བྱེད་པ་བཅས་བྱས་ནས་གྲོང་གསེབ་ཀྱི་ཡུལ་སྐོར་དང་ཡུལ་སྐོར་ཐོན་ལས་ཀྱི་གཞི་ཁྱོན་མུ་མཐུད་ཆེ་རུ་གཏོང་རྒྱུ་རེད།

ཁམ་བུའི་མེ་ཏོག་རབ་ཏུ་བཞད་པའི་དཔྱིད་དུས་ཀྱི་རྣམ་པ་ནས་རྫ་ནག་རྒྱུན་འཛིན་བྱེད་པའི་རིག་གནས་ཀྱི་ནང་དོན་བར་དང་དེ་ནས་མི་སེམས་འགུལ་བའི་དམངས་སྲོལ་གྱི་ཡིད་དབང་འཕྲོག་ཤུགས་བར་ཉི་ཤར་ཤང་གིས་ཞིང་ལས་རིག་གནས་ཡུལ་སྐོར་མཉམ་འདྲེས་བྱས་ཏེ་སྐྱེ་ཁམས་མཛེས་པ་དང་། ཐོན་ལས་དར་རྒྱས། མི་སེར་ཕྱུག་འགྱུར་བཅས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་ལེའུ་གསར་པ་བརྩམས་ཡོད།



  • བདེ་ཆེན་གསར་འགྱུར།

དྲི་བར་ལྔར་ལན་བསྐྱོན་ནས་འབབ་འཕར་ལ་སྐུལ་འདེད་གཏོང་བ།ཉི་ཤར་ཤང་གིས་ཞིང་ལས་དང་། རིག་གནས་ཡུལ་སྐོར་མཉམ་འདྲེས་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་པ་བཏོད་པ།

ཁུལ་སྲིད་གཞུང་གིས་རྒྱུན་ལས་ཚོགས་འདུ་ཐེངས་84པ་འཚོགས་པ།

ཞོགས་པ་བདེ་ལེགས།འཛམ་གླིང་གི་སེམས་ཀྱི་ཉི་ཟླ། རྣང་ཞིང་གི་མཛེས་སྡུག

ཀྲང་ཝེ་ཏུང་གིས་རུ་སྣེ་ཁྲིད་དེ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ།

ཁུལ་མི་དམངས་སྲིད་གཞུང་སྐབས་བཅུ་བཞི་བའི་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་77པ་བསྡུས་པ།

ལུའོ་ཁྲའོ་ཧྥེང་གིས་“བློ་སྦྱོང”ལས་གྲྭར་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས་འགན་འཁྲི་དང་ལས་འགན་ལ་དམིགས་ནས་རྩ་བ་བརྟན་སྲུང་དང་གསར་གཏོད་མཐའ་འཁྱོངས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་གནང་བ།

ཁུལ་ཨུས་ཆེད་དོན་ཚོགས་འདུ་འཚོགས་ནས་ཁུལ་ཡོངས་ཀྱི་གྲོང་གསེབ་ཐུན་མོང་གི་“མ་དངུལ་དང་རྒྱུ་ནོར།ཐོན་ཁུངས”ཀྱི་ཆེད་དོན་ལས་དོན་ལ་ཞིབ་འཇུག་བྱས།

ཁུལ་ཡོངས་ཀྱི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་གཅིག་སྡུད་བཅོས་སྐྱོང་བྱེད་པའི་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་འཚོགས་པ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com