ཀྲང་ཝེ་ཏུང་གིས་རུ་སྣེ་ཁྲིད་དེ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ།
ཟླ་4ཚེས་3ཉིན་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཝེ་ཏུང་འཐབ་ས་དང་པོར་བསྐྱོད་དེ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་བྱས་པ་དང་། ས་གནས་ས་ཐོག་ཏུ་མེ་ཟོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་ལས་དོན་དོན་འཁྱོལ་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ཀྱི་འགན་འཁྲི་ཁག་ནན་དུ་བཏང་ཡོད།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྟག་མཆོང་གྲོག་རོང་གྲོང་རྡལ་ལི་རེན་གྲོང་ཚོར་ཀྲང་ཝེ་ཏུང་གིས་ས་གནས་ས་ཐོག་ཏུ་ནགས་ཚལ་སྐོར་ཞིབ་ལས་དོན་སྤེལ་ནས་སྔོ་ཁེབས་ཁྱབ་ཚུལ་དང་། ནགས་ཁྲོད་ཀྱི་འབར་སླ་བའི་དངོས་པོ་གཙང་སེལ། མེ་ཟོན་ལོགས་འཇོག་ཁུལ་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་ནན་ཏན་བྱས་པ་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་གྱི་སྙན་སེང་ནན་ཏན་ངང་ཉན་པ་རེད། ནགས་སྲུང་བའི་རྒྱུན་གཏན་གྱི་སྐོར་སྲུང་དང་། མེ་ཁུངས་དོ་དམ་ཚོད་འཛིན། མེ་ཟོན་དྲིལ་བསྒྲགས་དུད་ཚང་དུ་སྤེལ་ཚུལ་སོགས་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཁོངས་གཏོགས་ཁུལ་གྱི་མེ་ཟོན་ས་ཚིགས་སུ་ལྐོག་ཞིབ་བྱས་པ་དང་། ལས་རེས་ལས་སྲུང་དང་། རི་ཁུལ་དུ་སྐྱོད་མཁན་རླངས་འཁོར་ཐོ་འགོད། མེ་སོན་བསྡུ་ལེན་དོ་དམ་ཚོད་འཛིན། མེ་ཟོན་དངོས་ཟོག་གྲབས་གསོག་སོགས་ཀྱི་འགག་རྩའི་ལྷུ་ཚིགས་ལ་ཞིབ་བཤེར་བྱས་པ་རེད། ཁོང་གིས་ནན་བཤད་གནང་དོན། རིམ་ཁག་སྡེ་ཚན་ཁག་གིས་མིག་སྔའི་མེ་ཟོན་དུས་བབ་ཀྱི་ཛ་དྲག་རང་བཞིན་དང་དགོས་གཏུག་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་སྣང་མེད་ཀྱི་བསམ་བློ་དང་ལྷོད་གཡེང་གི་བསམ་བློ་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ་དང་། ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཁག་ལ་དམ་འཛིན་ཏན་ཏིག་དང་ཞིབ་ཚགས་བྱས་ཏེ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་དགོས། མེ་སྐྱོན་དོ་དམ་ཚོད་འཛིན་གྱི་འགག་སྒོ་ནན་པོ་སྲུང་བ་དང་། མེ་ཟོན་ས་ཚིགས་ཀྱི་ཆུ་ཚོད་24ཡི་ལས་རེས་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ། རླངས་འཁོར་དང་འཕྲད་ཚེ་ངེས་པར་དུ་ཞིབ་བཤེར་བྱེད་པ་དང་མི་དང་ཐུག་ཚེ་ངེས་པར་དུ་ཞིབ་བཤེར་བྱེད་པ་བཅས་བྱས་ནས་མེ་སོན་ནགས་ཁུལ་དུ་འདྲེན་རྒྱུ་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས། ནགས་སྲུང་བ་དང་དྲ་མིག་ཅན་གྱི་མདུན་སའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་གཙོ་གནད་ནགས་ཁུལ་དང་ཐག་རིང་ལུང་ཁུག་ཁུལ་དུ་སྐོར་སྲུང་ཁྱོན་ཡོངས་ལ་ཁྱབ་པ་བྱེད་དགོས། ཕྱོགས་ཡོངས་ནས་མེ་ཟོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་ཆེན་པོ་དང་བཅོས་སྒྲིག་ཆེན་པོ་བྱེད་པ་དང་། གཙོ་གནད་མི་ཚོགས་ལ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱུན་རྣམ་ཅན་གྱི་མེ་ཟོན་དྲིལ་བསྒྲགས་བྱེད་པ་བཅས་བྱས་ཏེ་མང་ཚོགས་ཀྱིས་རང་རྟོགས་ངང་མེ་ཟོན་གྱི་གཏན་འབེབས་ལ་བརྩི་སྲུང་ཞུ་རྒྱུར་ཁྲིད་སྟོན་བྱེད་དགོས། འཕྲལ་སྡོམ་ཐག་གཅོད་ཀྱི་སྔོན་ཇུས་འཐུས་ཚང་དུ་གཏོང་བ་དང་། མེ་ཟོན་དངོས་ཟོག་གྲ་སྒྲིག་བྱས་ནས་གློ་བུར་དུ་མེ་སྐྱོན་ཐོན་པའི་གནས་ཚུལ་མགྱོགས་མྱུར་དང་ལེན་དང་ཚན་རིག་དང་མཐུན་པའི་སྒོ་ནས་ཐག་གཅོད་བྱེད་དགོས།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཆེད་ལས་མེ་གསོད་རུ་ཁག་གི་བཅའ་སྡོད་སྦྱོང་བརྡར་རྟེན་གཞིར་ཀྲང་ཝེ་ཏུང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་མེ་ཟོན་གྱི་འཐབ་ས་དང་པོ་བརྟན་སྲུང་བྱེད་མཁན་མེ་གསོད་རུ་མིར་ལྷག་བསམ་ཟོལ་མེད་ཀྱི་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་བྱམས་བརྩེའི་འཚམས་འདྲི་ཡང་ཞུས་པ་རེད། ཁོང་གིས་ཆེད་ལས་ཀྱི་མེ་གསོད་དཔུང་ཁག་ནི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་གྱི་རྐང་འཛིན་སྟོབས་ཤུགས་ཤིག་ཡིན་པས་དངོས་འཐབ་ཅན་དང་ཆེད་ལས་ཅན་གྱི་སྦྱོང་བརྡར་མཐའ་འཁྱོངས་བྱས་ཏེ་མེ་སྐྱོན་ཐག་གཅོད་དང་མཉམ་ལས་དམག་འཐབ་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ཐོག་མཐའ་བར་གསུམ་དུ་རང་ངོས་ཀྱི་བདེ་འཇགས་ཨང་དང་པོར་འཇོག་པ། བདེ་འཇགས་བཀོལ་སྤྱོད་ཚད་གཞིར་བརྩི་སྲུང་ནན་པོ་ཞུ་བ། མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་པ། ཚན་རིག་དང་མཐུན་པའི་ངང་རོགས་སྐྱོབ་ལས་དོན་སྤེལ་བ་བཅས་བྱེད་དགོས། འབྲེལ་ཡོད་སྡེ་ཚན་གྱིས་ནུས་ཤུགས་ཡོད་རྒུས་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་ཡག་པོ་བྱེད་པ་དང་། བཟའ་བཅའ་སྡེབ་སྒྲིག་ལེགས་སུ་གཏོང་བ། ཆེད་ལས་ཀྱི་འགོག་སྲུང་སྒྲིག་ཆས་བཀོད་སྒྲིག་ཡག་པོ་བྱེད་པ། རུ་མིའི་སྦྱོང་བརྡར་དང་འཚོ་བའི་ཁྲོད་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་ཏན་ཏིག་བྱེད་པ་བཅས་བྱས་ནས་རུ་མི་ཚོས་སེམས་ནུས་ཡོད་རྒུས་མེ་སྐྱོན་སྔོན་འགོག་ལས་དོན་ནང་ཞུགས་ཏེ་ཁུལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་བདེ་འཇགས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས་པའི་ནན་བཤད་གནང་།
ཞུས་ཀོང་ཏེ་དང་ཀྲོང་ཞའོ་ཕིང་། དེ་བཞིན་ཁུལ་རིམ་པའི་འབྲེལ་ཡོད་ཚན་པའི་འགན་འཁུར་བ་བཅས་བརྟག་ཞིབ་ནང་ཞུགས་ཡོད།
- བདེ་ཆེན་གསར་འགྱུར།
ཀྲང་ཝེ་ཏུང་གིས་རུ་སྣེ་ཁྲིད་དེ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ།
ཁུལ་མི་དམངས་སྲིད་གཞུང་སྐབས་བཅུ་བཞི་བའི་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་77པ་བསྡུས་པ།
ལུའོ་ཁྲའོ་ཧྥེང་གིས་“བློ་སྦྱོང”ལས་གྲྭར་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས་འགན་འཁྲི་དང་ལས་འགན་ལ་དམིགས་ནས་རྩ་བ་བརྟན་སྲུང་དང་གསར་གཏོད་མཐའ་འཁྱོངས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་གནང་བ།
ཁུལ་ཨུས་ཆེད་དོན་ཚོགས་འདུ་འཚོགས་ནས་ཁུལ་ཡོངས་ཀྱི་གྲོང་གསེབ་ཐུན་མོང་གི་“མ་དངུལ་དང་རྒྱུ་ནོར།ཐོན་ཁུངས”ཀྱི་ཆེད་དོན་ལས་དོན་ལ་ཞིབ་འཇུག་བྱས།
ཁུལ་ཡོངས་ཀྱི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་གཅིག་སྡུད་བཅོས་སྐྱོང་བྱེད་པའི་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་འཚོགས་པ།
ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་ཚོགས་འདུའི་ཐོག་ཚད་གཞིའི་ཧེ་བག་ལ་གཞིགས་ནས་དཀའ་སེལ་འགག་སྒྲོལ་དང་སྔོན་དཔག་དམིགས་ཚད་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན།
འཇོལ་རྫོང་གི་རྒུན་འབྲུམ་ཆུང་ངུ་དེ་གྲོང་གསེབ་འཕེལ་རྒྱས་ཀྱི་ཐོན་ལས་གཙོ་རོ་ཞིག་ཏུ་གྱུར།
རང་ཁུལ་གྱིས་གྲོང་གསེབ་འཛུགས་སྐྲུན་དང་གྲོང་གསེབ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108