中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ལུའོ་ཁྲའོ་ཧྥེང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། “སྲིད་གཞུང་ཆགས་སའི་”ངེས་གནས་གཞི་རྩར་འཛིན་ཏེ་འཕེལ་རྒྱས་ཀྱི་འགན་འཁྲི་ཕྲག་ཐོག་ཏུ་ཁུར་ནས་ཁུལ་ཡོངས་ལས་དོན་ཁག་གི་མདུན་དུ་བསྐྱོད་དེ་དཔེ་སྟོན་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་།

ཁྱབ་བསྒྲགས་དུས་ཚོད་:2026-01-21 16:53:32

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་1པོའི་ཚེས་19ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་ལོ་ཁྲའོ་ཧྥེང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ནན་བཤད་གནང་དོན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་“སྲིད་གཞུང་ཆགས་སའི་”འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་།“སྲིད་གཞུང་ཆགས་སའི་”འགན་འཁྲི་འཁུར་སེམས་མཚོན་པ།“སྲིད་གཞུང་ཆགས་སའི་”བྱ་སྤྱོད་མངོན་པ་བཅས་བྱས་ཏེ་བདེ་ཆེན་གྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་སྦྱིན་དགོས།

ཚོགས་འདུའི་ཐོག ལུའོ་ཁྲའོ་ཧྥེང་གིས་འཐུས་མི་ཚོ་དང་མཉམ་དུ་ལས་དོན་སྙན་སྒྲོན་ཁག་དང་《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་རྩ་གནད་(འཆར་ཟིན)》ལ་གྲོས་ཞིབ་གནང་བ། ཁོང་གིས་སྙན་སྒྲོན་ནང་གྲུབ་འབྲས་ཕྱོགས་སྡོམ་གནང་བ་དེ་དངོས་ཐོག་བདེན་འཚོལ་དང་། ལས་ཀའི་བྱེད་ཐབས་ནུས་ལྡན་ཡིན་པ། ཁུལ་གྱི་དོན་དངོས་དང་མཐུན་པ་བཅས་ཀྱི་ཐོག་ནས་སྙན་སྒྲོན་འགའ་ཞིག་དང“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད(འཆར་ཟིན)ལ་མོས་མཐུན་གནང་བ། ལུའོ་ཡིང་དང་། ཡུས་ཧྥེ་ཞ། ཅུས་ཡན་ཏུང་། ཞའོ་ཞུས་སོགས་འཐུས་མི་དང་ཟུར་ཞུགས་མི་སྣ་19ཡིས་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་དང་། སློབ་གསོའི་ཐོན་ཁུངས་ལེགས་འགྱུར། ཞིང་ལས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས། དམའ་དབྱིངས་དཔལ་འབྱོར་དང་རྣམ་གྲངས་འཛུགས་སྐྲུན་སོགས་ལ་དམིགས་ཏེ་བསམ་འཆར་དང་གྲོས་འགོ་བཏོན། ལུའོ་ཁྲའོ་ཧྥེང་གིས་གཏམ་བཤད་ནན་ཏན་ངང་གསན་ནས་འཐུས་མི་ཚོ་དང་སྤེལ་རེས་གཏིང་ཟབ་བྱས་ཏེ་འཐུས་མི་རྣམ་པའི་བསམ་འཆར་དང་གྲོས་འགོ་ལས་གཞི་རིམ་གྱི་བསམ་འདུན་གང་ལེགས་མཚོན་པས་མི་རྣམས་ལ་བློ་སྒོ་ཆེན་པོ་ཕྱེ་ཡོད་ཅེས་གསུངས།

ལུའོ་ཁྲའོ་ཧྥེང་གིས་འདས་ཟིན་པའི་ལོ་གཅིག་རིང་གི་ལས་འགན་ཧ་ཅང་དཀའ་ཚེགས་ཆེ་བ་ཞིག་ཡིན་པ་དང་། སྤྱིར་བཏང་མིན་པའི་ལོ་ཞིག་ཡིན། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱས་འོག ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་ཐུབ་པ་དང་། ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་། སྤྱི་ཚོགས་བརྟན་ལྷིང་། དམངས་འཚོ་ལེགས་གཏོང་སོགས་ཕྱོགས་གང་ཅིའི་ཐད་ལ་གྲུབ་འབྲས་ཧ་ཅང་ཡག་པོ་ཐོབ་ཡོད་ཅེས་བསྟན།

ལུའོ་ཁྲའོ་ཧྥེང་གིས་ནན་བཤད་གནང་དོན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་“སྲིད་གཞུང་ཆགས་སའི་”འགན་འཁྲི་འཁུར་སེམས་མཚོན་པར་བྱས་ཏེ་ཕྱོགས་དྲུག་གི་ཐད་“མདུན་གྲལ་དུ་སྐྱོད་པ་”དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཁུལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས། ཆབ་སྲིད་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཐད་མདུན་དུ་བསྐྱོད་དེ་མི་རིགས་མཐུན་སྒྲིལ་དང་།ཆོས་ལུགས་འཆམ་མཐུན།སྤྱི་ཚོགས་བརྟན་ལྷིང་བཅས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་མདུན་དུ་བསྐྱོད་དེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། རི་སྔོ་ཆུ་དྭངས་དེ་གསེར་རི་དངུལ་རི་རུ་འགྱུར་བར་སྐུལ་འདེད་གཏོང་དགོས། ཐོན་ལས་རིགས་སྒྱུར་རིམ་སྤོར་ཐད་མདུན་དུ་བསྐྱོད་དེ་ཀ་རྟེན་ཐོན་ལས་ཀྱི་རྒྱུ་རྐྱེན་ཧྲིལ་པོའི་རིམ་སྤོར་ལ་དམིགས་ཏེ་གཏེར་ལས་འཕེལ་རྒྱས་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ཆུ་དང་རླུང་འོད་གསོག་འཇོག་གཞི་གཅིག་ཅན་གྱི་ནུས་རྒྱུའི་རྣམ་པ་རྒྱ་སྐྱེད་གཏོང་དགོས། འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི་”ཡུལ་སྐོར་དམིགས་ས་བསྐྲུན་ནས་མདུན་དུ་བསྐྱོད་དེ་ཡུལ་སྐོར་བ་མང་དུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ལས་རྣམ་ཕུན་སུམ་ཚོགས་སུ་གཏོང་བ། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། ཕྱི་ནང་མཉམ་འགུལ་ངང་འཕེལ་རྒྱས་གཏོང་བའི་ཐད་མདུན་དུ་བསྐྱོད་དེ་ཕྱི་ཕྱོགས་དཔལ་འབྱོར་ས་ཁུལ་དུ་ཧུར་ཐག་ཞུགས་དགོས། སྤྱོད་ཚུལ་ལེགས་སྐྱོང་ཐད་མདུན་དུ་བསྐྱོད་དེ་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་ཡང་དག་པ་འཛུགས་པ་དང་ལག་ལེན་བསྟར་བ་དང་། བློ་གཅིག་སེམས་གཅིག་གིས་བྱ་བ་སྒྲུབ་པ་དང་། རང་འགུལ་ངང་འཕེལ་རྒྱས་གཏོང་བའི་རྣམ་པའི་ཐོག་ནས་“ལོ་ལྔ་ཚན་བཅོ་ལྔ་པའི་”འགོ་ཡག་པོ་ཞིག་འཛུགས་ཐུབ་པའི་འགན་ལེན་ཏན་ཏིག་བྱ་དགོས།

 

  • ཀྲོའུ་ནང་ཁུལ་གྱི་མགོ་གཙོ་

ལུའོ་ཁྲའོ་ཧྥེང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། “སྲིད་གཞུང་ཆགས་སའི་”ངེས་གནས་གཞི་རྩར་འཛིན་ཏེ་འཕེལ་རྒྱས་ཀྱི་འགན་འཁྲི་ཕྲག་ཐོག་ཏུ་ཁུར་ནས་ཁུལ་ཡོངས་ལས་དོན་ཁག་གི་མདུན་དུ་བསྐྱོད་དེ་དཔེ་སྟོན་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་།

ཨུ་ཡོན་10ཡིས“དོན་ཆེན་བཞིར”དམིགས་ནས་ཐབས་འདོན་ཇུས་འབུལ་བྱས་པ། 

ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་ཞུར་མྱུར་གཟིགས།

ཁུལ་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ འཚོགས།

“ལོ་ལྔ་ཚན་བཅོ་ལྔ་པའི་”དུས་སྐབས་ཀྱི་དམིགས་ཡུལ་ལས་འགན་གཙོ་བོ།

2026བདེ་ཆེན་ཚོགས་ཆེན་གཉིས་ཀྱི་སེམས་འདུན།

ཁྲིམས་ལྟར་འགན་འཁྲི་བསྒྲུབས་ནས་འགན་འཁུར་བ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ལེའུ་གསར་པ་ཞིག་འབྲི་དགོས། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་གྱི་2025ལོའི་ལས་དོན་སྐོར་གྱི་མདོར་བསྡུས་གླེང་།

བདེ་ཆེན་གྱི“ལོ་ལྔ་ཚན་བཅུ་བཞི་པའི”གྲུབ་འབྲས་དངོས་ཀྱི་རྒྱུགས་ལན།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com