འཇོལ་རྫོང་གི་རྒུན་འབྲུམ་ཆུང་ངུ་དེ་གྲོང་གསེབ་འཕེལ་རྒྱས་ཀྱི་ཐོན་ལས་གཙོ་རོ་ཞིག་ཏུ་གྱུར།
འཇོལ་རྫོང་གིས་མཚོ་འཕགས་མཐོ་བའི་ཐུན་མོང་མ་ཡིན་པའི་གནམ་གཤིས་ལ་གཞི་ཚུགས་ནས་ལོ་ཉི་ཤུ་ལྷག་ཙམ་རིང་རྒུན་འབྲུམ་ཐོན་ལས་ལས་ཏེ་ཐར་ཐོར་འདེབས་འཛུགས་ནས་གཞི་ཁྱོན་ལྡན་པའི་འཕེལ་རྒྱས་ཀྱི་ཕྱོགས་སུ་འགྲོ་ནས་རྒུན་འབྲུམ་ཆུང་ངུ་དེ་གྲོང་གསེབ་འཕེལ་རྒྱས་ཀྱི་ཐོན་ལས་གཙོ་བོ་ཞིག་ཏུ་གྱུར།
འཇོལ་རྫོང་ནི་འཕྲེད་རྒྱུག་རི་རྒྱུད་ཀྱི་དབུས་སུ་གནས། སྔོན་མར་སྲོལ་རྒྱུན་གྱི་ཞིང་ལས་ཆུང་བ་དང་ཁ་ཐོར་བ། ཉམས་ཞན་པས་མང་ཚོགས་ཀྱི་ཡོང་འབབ་འཕར་བར་ཚོད་འཛིན་ཐེབས། ས་གནས་འདི་གའི་མཚོ་འཕགས་མཐོ་བ་དང་ཉི་འོད་ཕོག་ཡུན་རིང་བ། དྲོད་ཁྱད་ཆེ་བའི་ལེགས་ཆར་བརྟེན་ནས་༢༠༠༠ལོ་ནས་བཟུང་རྒུན་འབྲུམ་ཐོན་ལས་འཕེལ་རྒྱས་བྱས། ༢༠༢༥ལོའི་ལོ་མཇུག་མཚམས་སུ། རྫོང་ཡོངས་ཀྱི་ཚད་ལྡན་ཅན་གྱི་རྒུན་ཆང་བསྙལ་ས་མུའུ་བདུན་སྟོང་ཉིས་བརྒྱ་ཟིན་ནས་མཐའ་འཁོར་གྱི་ཞིང་དུད་དུད་ཁ་ཉིས་སྟོང་བརྒྱད་བརྒྱའི་ཡོང་སྒོ་འཕར་བར་སྐུལ་ཁྲིད་བྱས། རྒུན་འབྲུམ་བཙུགས་མཁན་གྱི་ལོ་རེའི་ཡོང་འབབ་ཆ་སྙོམས་སྒོར་སུམ་སྟོང་ལྔ་བརྒྱ་འཕར་བ། དུད་ཁ་རེའི་ལོ་རེའི་ཡོང་འབབ་ཆ་སྙོམས་སྒོར་ཆིག་ཁྲི་སུམ་སྟོང་བརྒྱད་བརྒྱ་ཟིན་སྟེ་དུད་ཁ་གཅིག་གི་ལོ་རེའི་ཡོང་སྒོ་མཐོ་ཤོས་སྒོར་འབུམ་གཅིག་ཁྲི་གསུམ་ལས་བརྒལ།
རྒུན་འབྲུམ་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། འཇོལ་རྫོང་གིས་འཇོལ་རྫོང་གི་རྫོང་གཅིག་ལ་ཐོན་ལས་གཅིག་ཅེས་པའི་རྒུན་འབྲུམ་ཐོན་ལས་འཕེལ་རྒྱས་བྱ་དགའ་ཁ་གསབ་བྱ་ཐབས་ཅེས་པ་བཏོན་པ་དང་། ཐོན་སྐྱེད་ཚོད་འཛིན་མཐོར་གཏོང་དང་། རིགས་སྒྱུར་ཁ་གསབ་རོགས་སྐྱོབ། གསབ་སྦྱོར་སྒྱུར་བཀོད། ཁེ་ལས་འཁོར་རྒྱག་ཅེས་པའི་རིགས་དབྱེའི་ཐབས་ཇུས་ལག་བསྟར་བྱེད་སྟངས་གསར་གཏོད་དང་ལག་བསྟར་བྱེད་དེ། རྒྱུན་མཐུད་ངང་རྒུན་འབྲུམ་གྱི་མ་བཅོས་རྒྱུ་ཆའི་རྒྱུ་སྤུས་མཐོར་གཏོང་དང་ཐོན་ལས་ནུས་ཕྱོད་རིམ་སྤར་ལ་སྐུལ་འདེད་གཏོང་། རྨང་གཞིའི་སྒྲིག་བཀོད་ཞན་པ་དང་མི་འདང་ས་ལ་དམིགས་ནས་ས་གནས་འདི་གས་རྒྱུན་མཐུད་ངང་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་ཐོན་འབབ་དམའ་བའི་རྒུན་འབྲུམ་ར་བ་བཟོ་བཅོས་དང་། རྟེན་གཞིའི་ར་སྐོར་འཛུགས་སྐྲུན་སོགས་རྣམ་གྲངས་གཙོ་གནད་ལ་སྐུལ་འདེད་བཏང་སྟེ་སྔོན་མའི་རི་རྒོད་དེ་ཐོན་འབབ་མཐོ་བ་དང་སྤུས་ལེགས་ཀྱི་རྒུན་འབྲུམ་འདེབས་འཛུགས་རྟེན་གཞིར་གྱུར། དེ་དང་ཆབས་ཅིག་སྣེ་འདྲེན་ཁེ་ལས་གྱིས་སྣེ་ཁྲིད་བྱེད་པར་མཐའ་འཁྱོངས་བྱས་ནས་རྒུན་ཆང་ཁེ་ལས་མང་པོ་ནང་འདྲེན་དང་གསོ་སྐྱོང་བྱས། ཕྱིར་ཚོང་ཁེ་སྤོགས་སྐྱོང་ལན་འཇལ་བའི་ནང་རྐྱེན་གསར་གཏོད་འཛུགས་སྐྲུན་བྱེད་པ་དང་། ཁེ་ལས་གྱིས་ཁེ་བཟང་དེ་འདེབས་འཛུགས་ཞིང་དུད་ལ་ཕྱིར་འབུལ་བྱེད་པར་སྣེ་ཁྲིད་བྱེད་དེ། ཞིང་དུད་ལ་མུའུ་རེར་ཡོང་སྒོ་སྒོར་ཆིག་སྟོང་ནས་ཉིས་སྟོང་བར་འཕར་བར་རོགས་རམ་བྱས་ཞིང་། ཁེ་ལས་གྱི་ཕན་འབྲས་ཆེ་རུ་འགྲོ་བ་དང་མང་ཚོགས་ཀྱི་ཡོང་སྒོ་འཕར་བའི་ཕྱོགས་གཉིས་གཉིས་ཕན་ཡོང་བ་མངོན་འགྱུར་བྱུང་།
མིག་སྔར། འཇོལ་གྱི་རྒུན་འབྲུམ་དེ་ཡུན་ནན་མཐོ་སྒང་གི་ཁྱད་ལྡན་ཞིང་ལས་ཀྱི་མིང་བྱང་ཞིག་གྱུར་ཡོད། 敖云ཅེས་པ་དང圣域ཅེས་པ་སོགས་ས་གནས་འདི་གའི་རྒུན་ཆང་སྤུས་རྟགས་ལ་རྒྱལ་ཁབ་ཕྱི་ནང་གི་བྱ་དགའ་ཆེན་པོ་ཁག་བརྒྱ་ལྷག་ཐོབ་པ་མ་ཟད། རྒྱལ་ཡོངས་ཀྱི་གྲགས་ཅན་དང་ཁྱད་ལེགས། ཕུལ་བྱུང་གི་ཞིང་ལས་ཐོན་རྫས་གསར་པའི་ནང་བདམས། མ་འོངས་ལ་རྒྱང་ལྟ་བྱེད་དུས། འཇོལ་རྫོང་གིས་ཆང་དང་རིག་གནས་མཉམ་འདྲེས་དང་། ཆང་དང་ཡུལ་སྐོར་མཉམ་འདྲེས་ཅེས་པའི་འཕེལ་རྒྱས་ཀྱི་ཐབས་ལམ་མུ་མཐུད་གཏིང་ཟབ་བཏང་ནས་གངས་རི་འདབས་ཀྱི་རྒུན་འབྲུམ་དེ་རྒྱལ་ཡོངས་སུ་ཁྱབ་པ་དང་འཛམ་གླིང་ཐོག་སྐྱོད་ཐུབ་པ་བྱས་ཏེ་གྲོང་གསེབ་འཕེལ་རྒྱས་ཀྱི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་དམངས་ཕྱུག་གྲོང་ཚོ་དར་རྒྱས་དང་། མཉམ་དུ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མི་སེམས་འགུལ་བའི་ལེའུ་དེ་བས་མང་པོ་གཏོད་རྒྱུ།
- བདེ་ཆེན་གསར་འགྱུར།
བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་ཧྲང་ཧའེ་གྲོང་ཁྱེར་པའོ་ཧྲན་ཆུས་སུ་བསྐྱོད་ནས་རོགས་སྐྱོར་ལས་དོན་འབྲེལ་མཐུད་བྱས་པ།
བདེ་ཆེན་ཁུལ་ཏང་སྲིད་འཐུས་མི་ཚོགས་པ་ཧྲང་ཧའེ་གྲོང་ཁྱེར་དབྱང་ཕུའུ་ཆུས་སུ་རོགས་སྐྱོར་ལས་དོན་འབྲེལ་མཐུད་བྱེད་པར་བསྐྱོད་པ།
དངོས་སྒྲུབ་ལ་བརྟེན་ནས་ཐོག་མའི་བསམ་འདུན་ལག་བསྟར་བྱེད་པ་དང་འབད་འཐབ་ལ་བརྟེན་ནས་དྲིས་ལན་བཏབ་པ། ——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ལྕག་སྐུལ་གནང་བ་རེད།
གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་གྱིས་དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར། ——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ལྕག་སྐུལ་གནང་བ་རེད།
ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཨ་པུའུ་ཅི་མཚོ་རུ་བརྟག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། སྐྱེ་ཁམས་བདེ་འཇགས་ཀྱི་མ་མཐའི་མཚམས་ཐིག་བརྟན་དུ་བཏང་ནས་གཉེར་སྐྱོང་དོ་དམ་ཚད་ལྡན་དུ་བཏང་སྟེ་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ལུའོ་ཁྲའོ་ཧྥེང་གིས་བདེ་ཆེན་ཁུལ་སྤྱི་བདེ་ཅུས་སུ་བརྟག་ཞིབ་གནང་བ།
གཞི་རིམ་གྱི་དམག་འཐབ་མཁར་རྫོང་སྟོབས་ཆེར་བཏང་ནས་ཏང་ཡོན་གྱི་གདོང་ལེན་གྱི་མཐིལ་གསལ་པོ་ཕྱིས་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105་འཁོར་བའི་བདེ་ཆེན་ཁུལ་གྱི་“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག་”གི་གཟེངས་བསྟོད་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ།
བདེ་ཆེན་ཁུལ་གྱིས་“སྲོག་ཤིང་ལ་བརྩི་བཀུར། བློ་ཁ་པེ་ཅིང་ལ་གཏོད་”ཅེས་པའི་སྤྱོད་གཙང་རིག་གནས་འཆད་ཁྲིད་སྤེལ་བ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108