བདེ་ཆེན་ཁུལ་གྱིས་གྲོང་གསེབ་ཡུལ་སྐོར་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ཡོང་བར་སྐུལ་འདེད་བཏང་།
ཉེ་བའི་ལོ་ཤས་རིང་། བདེ་ཆེན་ཁུལ་གྱིས་སྐྱེ་ཁམས་ཀྱི་ཁྱད་ཆོས་དང་མི་རིགས་རིག་གནས་ཀྱི་ལེགས་ཆ་ལ་གཞི་ཚུགས་ཏེ། གྲོང་གསེབ་ཀྱི་ཡུལ་སྐོར་རྣམ་པ་གསར་གཏོད་དང་ཐོན་རྫས་རིམ་སྤོར། ཞབས་ཞུ་ལེགས་བཅོས་བཅས་མུ་མཐུད་དུ་སྐུལ་འདེད་བཏང་ནས། གྲོང་གསེབ་ཀྱི་ཡུལ་སྐོར་དེ་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་ཁྲིད་དང་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་འགྱུར།
འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་ཆི་པའེ་གྲོང་ཚོས་སྐྱེ་ཁམས་ཁོར་ཡུག་ཡག་པོ་དང་མི་རིགས་མང་པོའི་རིག་གནས་ཐོན་ཁུངས་ལ་བརྟེན་ནས། ཏང་འཛུགས་སྐྱོང་དང་མཉམ་ལས་ཁང་། ཁེ་ལས། ཞིང་དུད་བཅས་ཟུང་དུ་འབྲེལ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་གཏོད་བྱས་ཏེ། སྤུས་ལེགས་ཚོང་རྟགས་ནང་འདྲེན་བྱས་ནས་སྤུས་ལེགས་ཀྱི་དམངས་སྲོལ་མགྲོན་ཁང་བཞེངས་སྐྲུན་བྱེད་ཅིང་། དམངས་ཀྱི་སྡོད་ཁང་བེད་སྤྱོད་གཏོང་བ་དང་གྲོང་གསེབ་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ། གྲོང་མིས་སྡོད་ཁང་དང་ས་ཞིང་སོགས་ཐོན་ཁུངས་མ་རྐང་ནང་ཞུགས་པར་བརྟེན་ནས། ཁེ་སྤོགས་བགོ་བ་བརྟན་པོ་ཡིན་པ་དང་ཉེ་འགྲམ་དུ་ལས་ཞུགས་ཐུབ། མིག་སྔར་བར། གྲོང་ཚོ་ཡོངས་ཀྱི་དམངས་སྲོལ་མགྲོན་ཁང་གི་ཐོན་ལས་བརྒྱུད་མི་ཆིག་སྟོང་ཙམ་ལས་ཞུགས་ཐུབ་ཏེ། ལོ་རེའི་དཔལ་འབྱོར་ཡོང་འབབ་སྒོར་བྱེ་བ་གཅིག་ས་ཡ་བརྒྱད་ཙམ་ཟིན་པ་དང་། ལས་ཞུགས་ཞིང་དུད་ལ་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་བདུན་ལྷག་ཙམ་བྱུང་ནས། མི་སེར་གྱི་སྡོད་ཁང་དེ་དམངས་སྲོལ་མགྲོན་ཁང་དུ་གྱུར་པ་དང་། ཐོན་ཁུངས་དེ་མ་རྩར་གྱུར་པ། གྲོང་མི་དེ་མ་རྐང་འཇོག་མཁན་དུ་གྱུར་པར་མངོན་འགྱུར་བྱུང་།
འཇོལ་རྫོང་ཐུང་ལེ་གྲོང་ཚོས་ལི་སུའུ་རིགས་ཀྱི་སྲོལ་རྒྱུན་གྱི་ཁང་པ་དང་མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་སྲུང་སྐྱོང་བྱས་ནས། གྲོང་ཚོ་དེས་གདོད་མའི་རིག་གནས་ལ་བརྟེན་ནས་མྱོང་རོལ་རྣམ་པའི་ཡུལ་སྐོར་ཐོན་རྫས་བཞེངས་སྐྲུན་བྱས་ཏེ། ཡུལ་སྐོར་བར་ལི་སུའུ་རིགས་ཀྱི་སྲོལ་རྒྱུན་རིག་གནས་མྱོང་རོལ་བྱེད་དུ་བཅུག དེ་དང་དུས་མཚུངས་སུ། བདེ་ཆེན་ཁུལ་གྱིས་མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་ཁང་རྟེན་གཞི་རུ་བྱས་ནས། གྲོང་གསེབ་ཀྱི་རིག་གནས་གསར་གཏོད་ཐོན་རྫས་གསར་སྤེལ་བྱས་ཏེ། རོང་པའི་རྫ་ནག་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་སྟེ། གྲོང་གསེབ་ཀྱི་ཡུལ་སྐོར་ཁྲོད་སྲོལ་རྒྱུན་རིག་གནས་ལ་གསོན་ཤུགས་རྒྱས་སུ་བཅུག
འཇོལ་རྫོང་གིས་ཚ་སྐམ་ཆེ་བའི་ལུང་ཤུར་གྱི་ལེགས་ཆ་ལ་བརྟེན་ནས། རྒུན་འབྲུམ་འདེབས་འཛུགས་ཐོན་ལས་རྨང་གཞིར་བྱས་ཏེ། ཞིང་ལས་ཀྱི་མཛེས་ལྗོངས་དང་། ཁྱད་ལྡན་ཞིང་ལས་དང་ཡུལ་སྐོར་མྱོང་རོལ་ཟུང་འབྲེལ་བྱས་ནས། ལྟ་སྐོར་དང་འཐོག་པའི་ནུས་པའི་ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་དཔེ་སྟོན་ས་ཚིགས་བཞེངས་སྐྲུན་བྱེད། འབའ་ལུང་རྫོང་ཕན་ཐན་གོ་ཤང་གི་འབྲས་ནག་འདེབས་འཛུགས་དང་རི་སྐྱེས་ཤ་མོ་སོགས་ཁྱད་ལྡན་ཐོན་ཁུངས་ལ་བརྟེན་ནས། ཞིང་ལས་ཉམས་ལེན་དང་ཞིང་སྡེའི་ཡུལ་སྐོར་སོགས་ལས་རྣམ་འཕེལ་རྒྱས་བཏང་སྟེ་གྲོང་མིའི་འབབ་འཕར་ཡོང་དུ་བཅུག
པོ་ཏ་མཚོ་མཛེས་ལྗོངས་ཁུལ་ལམ་བཟང་གྲོང་ཚོ་དང་། སྨན་རི་གངས་རི་མཛེས་ལྗོངས་ཁུལ་གྱི་མཐའ་འཁོར་གྱི་གྲོང་ཚོས་མཛེས་ལྗོངས་ཁུལ་གཙོ་བོའི་འགྲུལ་པ་ཕར་ཚུར་འགྲོ་ཚད་ཀྱི་ལེགས་ཆ་ལ་བརྟེན་ནས། ཞག་སྡོད་དང་བཟའ་བཏུང་། ལམ་ཁྲིད་ཞབས་ཞུ་སོགས་ཆ་ཚང་བའི་ཐོན་ལས་འཕེལ་རྒྱས་བཏང་སྟེ། གྲོང་མིར་ཡུལ་སྐོར་འཕེལ་རྒྱས་ཀྱི་ཁེ་ཕན་མཉམ་སྤྱོད་བྱེད་དུ་བཅུག དེ་དང་དུས་མཚུངས་སུ། ཡུན་ནན་གྱི་འཚོ་བ་ཞེས་པའི་རིགས་ལྔའི་རྣམ་གྲངས་ཀྱི་བྱེད་སྒོ་གསར་གཏོད་བྱས་ནས་སྤེལ་ཏེ། ཡུལ་སྐོར་བ་དང་མང་ཚོགས་རྩ་འཛུགས་བྱས་ནས་མཉམ་དུ་དམངས་གཞས་ལེན་པ་དང་ཞབས་བྲོ་འཁྲབ་པ། སྒྲུང་གཏམ་ཤོད་པ། མཛེས་ལྗོངས་ལ་ལྟ་བ། ཟས་མཆོག་ལ་རོལ་བ་བཅས་བྱས་ནས། མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་ཁང་བཞེངས་སྐྲུན་བྱེད་པ་དང་གྲོང་གསེབ་ཀྱི་རིག་གནས་གསར་གཏོད་ཐོན་རྫས་གསར་སྤེལ་བྱས་པས། གྲོང་གསེབ་ཡུལ་སྐོར་ནང་ཞུགས་པའི་བསམ་པ་དང་ཉམས་ལེན་བྱེད་སེམས་ཆེ་རུ་ཕྱིན།
མིག་སྔར་བར། བདེ་ཆེན་ཁུལ་དུ་ཞིང་ཆེན་རིམ་པའི་ཡུལ་སྐོར་གྲོང་རྡལ་གྲགས་ཅན་ལྔ་དང་། རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་ཡུལ་སྐོར་གྲོང་ཚོ་གཙོ་བོ་གསུམ། ཞིང་ཆེན་རིམ་པའི་གྲོང་གསེབ་ཡུལ་སྐོར་གྱི་གྲོང་རྡལ་གཙོ་བོ་གསུམ་བཅས་བསྐྲུན་ཏེ། རྒྱལ་ཡོངས་ཀྱི་གྲོང་གསེབ་རིག་གནས་དང་ཡུལ་སྐོར་གྱི་སྣེ་ཁྲིད་པ་བཅུ་གཉིས་གསོ་སྐྱོང་བྱས་པ་དང་། ཡུལ་སྐོར་དམངས་སྲོལ་མགྲོན་ཁང་ཉིས་སྟོང་སུམ་བརྒྱ་དོན་གཉིས་འཕེལ་རྒྱས་གཏོང་བ། ཐད་ཀར་ལས་ཞུགས་མི་སྣ་ཁྲི་ལྷག་ཡོད་པས། ཐོན་ལས་ཀྱི་སྣེ་ཁྲིད་ནུས་པ་མུ་མཐུད་མངོན་གསལ་དོད་པོ་ཕྱིན།
- བདེ་ཆེན་གསར་འགྱུར།
བདེ་ཆེན་ཁུལ་ཚད་མཐོའི་སྤུས་ལེགས་ཁུལ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོན་པ།
《ཡུན་ནན་ཉིན་རེའི་ཚགས་པར་》གྱི་ཆེད་བརྗོད། ཡིད་ཆེས་སྲ་བརྟན་གྱིས་མུ་མཐུད་འབད་འཐབ་བྱས་ནས་ཡུན་ནན་གྱི་འཕེལ་རྒྱས་རྣམ་པ་གསར་པ་གཏོད།
སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་(རྒྱས་འཛོམས་)གྲོས་ཚོགས་ཐེངས་163པ་འཚོགས།
ཀྲུང་གུང་ཡུན་ནན་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་ཁུན་མིང་དུ་འཚོགས། ཞིང་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་། ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་གིས་གསུང་བཤད་གནང་།
ལུའོ་ཁྲའོ་ཧྥེང་གིས་ཞབས་ཞུ་ལས་རིགས་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་གནང་སྐབས་ཞབས་ཞུ་ལས་རིགས་ཀྱི་འཕེལ་རྒྱས་ལ་ཤུགས་ཆེན་གཏོང་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་།
ལུའོ་ཁྲའོ་ཧྥེང་གིས་ནགས་ཕག་མཚོར་བརྟག་ཞིབ་གནང་སྐབས་བློ་བརྟན་འགྱུར་མེད་ངང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་དམ་འཛིན་ནན་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ས་མཐོའི་འདམ་ར་ལ་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་།
ལུའོ་ཁྲའོ་ཧྥེང་གིས་འོག་རིམ་ཏང་རྩ་འཛུགས་ཀྱི་“འགོ་ཁྲིད་དང་པོར་”ལྟ་སྐུལ་དང་གླེང་མོལ་གནང་།
ཁུལ་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས་2026ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་དྲུག་པ་འཚོགས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108