中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

རང་ཁུལ་གྱིས་གྲོང་གསེབ་འཛུགས་སྐྲུན་དང་གྲོང་གསེབ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་།

ཁྱབ་བསྒྲགས་དུས་ཚོད་:2026-04-03 10:57:07

ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས་ལས་གྲྭ་ཁྲི་སྟོང་ཞེས་པའི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱེད་དེ། གྲོང་གསེབ་འཛུགས་སྐྲུན་དང་གྲོང་གསེབ་བཅོས་སྐྱོང་གྱི་ལས་འགན་གཙོ་གནད་ལ་དམིགས་པ་དང་། རྒྱུན་མཐུད་ངང་གཏོང་འཇོག་བྱེད་ཤུགས་ཆེ་རུ་བཏང་བ། རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་ལ་ཁ་གསབ་བྱས། གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་བྱས་ནས་གྲོང་གསེབ་ཀྱི་རྣམ་པ་དང་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་།

དཔེ་སྟོན་སྣེ་ཁྲིད་ཐད། གནས་ལ་བརྟེན་ནས་ཁྱོན་ཁྲིད་དང་བཅོས་སྒྲིག་མཐོར་གཏོང་ཞེས་པའི་ལས་ཀའི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་༢༠༢༥ལོར་རིམ་བསགས་ནས་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་གཅིག་བྱེ་བ་བཞི་ས་ཡ་གཉིས་བཏང་ནས་གྲོང་གསེབ་གྱི་ཆུ་དང་གློག ལམ། དྲ་བ་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གཙོ་གནད་དུ་བཟུང་སྟེ་གྲོང་གསེབ་དར་རྒྱས་གྲོང་ཚོ་བཅོ་བརྒྱད་འཛུགས་སྐྲུན་དང་གྲོང་ཚོ་ཉིས་བརྒྱ་ང་ལྔའི་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་བཏང་ནས་དཔེ་སྟོན་སྣེ་ཁྲིད་ནུས་འབྲས་སྔར་བས་མངོན་གསལ་དོད་དུ་ཕྱིན།

འཚོ་སྡོད་ཁོར་ཡུག་ལེགས་སུ་གཏོང་བའི་ཐད། ༢༠༢༥ལོར་གྲོང་གསེབ་ཀྱི་གཙང་སྦྲའི་ཁྱིམ་ཚང་གསང་སྤྱོད་ཆིག་སྟོང་ཉིས་བརྒྱ་སོ་གཅིག་བསྐྱར་སྐྲུན་བྱས་ནས་ཁྱབ་ཚད་བརྒྱ་ཆ་དོན་བརྒྱད་ཚེག་དྲུག་ཟིན། གྲོང་ཚོའི་འཚོ་བའི་གད་སྙིགས་གཙང་སེལ་སྒྲིག་བཀོད་ཁྱབ་ཚད་བརྒྱ་ཆ་གོ་དགུ་ཚེག་དགུ་ཟིན་པ་དང་། གྲོང་གསེབ་གྱི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་བྱེད་ཚད་བརྒྱ་ཆ་ང་བརྒྱད་ཚེག་བརྒྱད་གཉིས་ཟིན། དམིགས་ཚད་ཁག་གསུམ་ཚང་མ་ཞིང་ཆེན་རིམ་པས་གཤམ་དུ་བཏང་བའི་དམིགས་ཚད་ལས་འགན་ཚད་བརྒལ་ལེགས་གྲུབ་བྱུང་། གྲོང་གསེབ་གྱི་འཚོ་སྡོད་ཁོར་ཡུག་གི་སྤུས་ཚད་ལེགས་སུ་ཕྱིན།

གྲོང་ཚོའི་གཙང་སྦྲའི་བྱ་སྤྱོད་ཐད། གཙང་སེལ་གསུམ་དང་ལེགས་བཅོས་གཅིག་ཅེས་པ་གཙོ་བོ་འཛིན་པའི་གྲོང་ཚོའི་གཙང་སྦྲའི་བྱ་སྤྱོད་ཟབ་ཏུ་སྤེལ། ༢༠༢༥ལོར་རིམ་བསགས་ནས་གྲོང་གསེབ་ཀྱི་གད་སྙིགས་ཏུན་ཁྲི་གཉིས་སྟོང་བཞི་བདུན་བརྒྱ་གཙང་སེལ་བྱེད་པ་དང་། གྲོང་ཚོ་དང་དུད་ཁ་རུ་དྲིལ་བསྒྲགས་སློབ་གསོ་ཐེངས་སྟོང་བདུན་ཉིས་བརྒྱ་སོ་གསུམ་སྒྲིག་འཛུགས་བྱས་ནས་གྲོང་ཚོའི་རྣམ་པ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་། མང་ཚོགས་ཀྱི་ཁོར་ཡུག་གཙང་སྦྲ་འདུ་ཤེས་ཆེ་རུ་ཕྱིན་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་ཐུན་མོང་ཐོག་འཛུགས་སྐྲུན་དང་མཉམ་སྤྱོད་བྱེད་པའི་རྣམ་པ་ཉིན་བཞིན་ཟབ་ཏུ་ཕྱིན།

རྣམ་གྲངས་འཛུགས་སྐྲུན་ཐད། གྲོང་གསེབ་འཛུགས་སྐྲུན་རྣམ་གྲངས་མཛོད་ལེགས་སུ་བཏང་ནས་༢༠༢༥ལོར་ཁྱོན་བསྡོམས་འཛུགས་སྐྲུན་ལས་འགན་རྣམ་གྲངས་གྱ་གཉིས་ལག་བསྟར་བྱེད་དེ་མ་དངུལ་སྒོར་ཐེར་འབུམ་གཅིག་དུང་ཕྱུར་གསུམ་བྱེ་བ་ལྔ་ས་ཡ་བདུན་གཏོང་། མིག་སྔའི་བར། རྣམ་གྲངས་ཞེ་དྲུག་ལེགས་འགྲུབ་བྱུང་། རིམ་བསགས་ནས་མ་དངུལ་སྒོར་ཐེར་འབུམ་གཅིག་དུང་ཕྱུར་གཅིག་བྱེ་བ་གཉིས་འཇོག་པ་དང་། མ་དངུལ་གཏོང་འཇོག་ཚད་བརྒྱ་ཆ་གྱ་གཉིས་ཚེག་ལྔ་གསུམ་ཟིན་སྟེ། གྲོང་གསེབ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བར་རྨང་གཞི་བརྟན་པོ་འདིང་། 

 

  • བདེ་ཆེན་གསར་འགྱུར།

དྲི་བར་ལྔར་ལན་བསྐྱོན་ནས་འབབ་འཕར་ལ་སྐུལ་འདེད་གཏོང་བ།ཉི་ཤར་ཤང་གིས་ཞིང་ལས་དང་། རིག་གནས་ཡུལ་སྐོར་མཉམ་འདྲེས་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་པ་བཏོད་པ།

ཁུལ་སྲིད་གཞུང་གིས་རྒྱུན་ལས་ཚོགས་འདུ་ཐེངས་84པ་འཚོགས་པ།

ཞོགས་པ་བདེ་ལེགས།འཛམ་གླིང་གི་སེམས་ཀྱི་ཉི་ཟླ། རྣང་ཞིང་གི་མཛེས་སྡུག

ཀྲང་ཝེ་ཏུང་གིས་རུ་སྣེ་ཁྲིད་དེ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ།

ཁུལ་མི་དམངས་སྲིད་གཞུང་སྐབས་བཅུ་བཞི་བའི་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་77པ་བསྡུས་པ།

ལུའོ་ཁྲའོ་ཧྥེང་གིས་“བློ་སྦྱོང”ལས་གྲྭར་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས་འགན་འཁྲི་དང་ལས་འགན་ལ་དམིགས་ནས་རྩ་བ་བརྟན་སྲུང་དང་གསར་གཏོད་མཐའ་འཁྱོངས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་གནང་བ།

ཁུལ་ཨུས་ཆེད་དོན་ཚོགས་འདུ་འཚོགས་ནས་ཁུལ་ཡོངས་ཀྱི་གྲོང་གསེབ་ཐུན་མོང་གི་“མ་དངུལ་དང་རྒྱུ་ནོར།ཐོན་ཁུངས”ཀྱི་ཆེད་དོན་ལས་དོན་ལ་ཞིབ་འཇུག་བྱས།

ཁུལ་ཡོངས་ཀྱི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་གཅིག་སྡུད་བཅོས་སྐྱོང་བྱེད་པའི་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་འཚོགས་པ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com