ཁྱེད་ཀྱིས་འབྲས་འཚོད་ཤེས་ཀྱི་ཡོད་དམ། སྔོན་ལ་འདིར་ལན་གཅིག་གཟིཊ་དང་།

འབྲས་འཚོད་སྟངས།
འབྲས་ནི་ནམ་རྒྱུན་འཚོ་བའི་ནང་མེད་དུ་མི་རུང་བ་ཞིག་ཡིན་ཞིང་། མི་འགའ་རེར་གལ་ཏེ་ཉིན་གཅིག་འབྲས་མ་ཟོས་ཚེ། ཕོ་བ་སྟོང་ལྷང་ལྷང་བྱེད་ཅིང་གྲོད་པ་རྒྱགས་མེད་པའི་སྣང་བ་འཆར་གྱི་ཡོད།
འབྲས་འཚོད་སྟངས་བལྟས་ན་ལས་སླ་མདོག་ཁ་པོ་ཡོད་མོད། འོན་ཀྱང་འབྲས་ཚོས་པ་ཙམ་གྱིས་མི་འགྲིག མི་མང་པོས་འབྲས་འཚོད་སྐབས་ཆུ་མང་ཉུང་ག་ཚོད་བླུག་དགོས་མིན་ཡག་པོ་ཤེས་ཀྱི་མེད། མཚམས་རེ་སླ་དྲགས་ནས་འབྲས་ཐུག་ནང་བཞིན་ཆགས་པ་དང་། ཡང་མཚམས་རེ་མཁྲེགས་དྲགས་ཏེ་འབྲས་རྩ་བ་ནས་ཚོས་ཀྱི་མེད།
དབུགས་རྡིག་ནང་འབྲས་འཚོད་སྟངས་གཅིག་པ་ཡིན་ཡང་། གཞན་གྱིས་བཙོས་པའི་འབྲས་དྲི་མ་ཞིམ་པོ་དང་བྲོ་བ་ཆེན་པོ་ཆགས་པའི་རྒྱུ་མཚན་འདི་ལྟ་སྟེ།☟
1འབྲས་འཁྲུད་སྟངས།
དྲ་བར་འབྲས་ཐེངས་གཉིས་ཡན་བཀྲུས་ན། འཚོ་བཅུད་ཤོར་འགྲོ་གི་ཡོད་ཅེས་ལབ་མཁན་མང་པོ་ཡོད་མོད། དོན་དུ་མང་ཙམ་བཀྲུས་ན་འཚོ་བཅུད་མི་ཤོར་བའི་ཁར་འབྲས་གཙང་མ་གཙང་རྐྱང་དག་ཐུབ་ཀྱི་ཡོད། རྒྱུན་དུ་ཁྲོམ་རར་མཐོང་རྒྱུ་ཡོད་པའི་འབྲས་ཕལ་ཆེ་བར་འོད་བཏོན་ཡོད་པས། འབྲས་དེ་རིགས་ལ་འཚོ་བཅུད་B1མང་པོ་འདུས་མེད། བྱས་ཙང་བཀྲུ་རྒྱུ་མང་ན་འཚོ་བཅུད་ཤོར་འགྲོ་དོགས་ཀྱི་སྣང་བ་མེད།
2འབྲས་སྦོང་སྟངས།
འབྲས་གཙང་མ་བཀྲུས་རྗེས། ལམ་སེང་ཆུ་བླུགས་ནས་བཙོ་རྩིས་མ་བྱས་པར། སྔོན་ལ་ཕོར་པའི་ནང་བླུག་པ་དང་། དེ་ནས་ཆུ་ཚད་རན་པོ་ཞིག་ནང་སྐར་མ་10ཙམ་སྦངས་རྗེས། འབྲས་ཀྱིས་ཆུ་ཏོག་ཙམ་འཐེན་དུ་བཅུག་ན། འབྲས་སོབ་སོབ་ཆགས་པ་མ་ཟད། འབྲས་འཚོད་ཡུན་ཡང་ཐུང་དུ་འགྲོ་སྲིད།
3ཆུ་བླུགས་ཚད།
འབྲས་ལ་ཆུ་ག་ཚོད་བླུགས་ན་འཚམ་མམ་ཞེ་ན། དེང་སང་མི་མང་ཆེ་བས་གློག་རྡིག་བེད་སྤྱོད་ཀྱི་ཡོད་པས། འབྲས་ལ་ཆུ་ག་ཚོད་བླུག་དགོས་མིན་ཚང་མ་ཚད་གཞི་བཟོས་ཡོད། དེ་ཡང་འབྲས་ལས་ཆུ་ཅུང་ཙམ་ཁ་མཐོ་བ་བྱུང་ན་འགྲིག་པ་སྟེ་མཛུབ་ཚིགས་གང་གི་ཚད་རེད། དེ་འདྲ་བྱུང་ན་འབྲས་སླ་པོ་ཆགས་མི་སྲིད་ལ་སྐམ་པོ་ཡང་ཆགས་མི་སྲིད།
4སྨན་སྣ་འདེབས་སྟངས།
འབྲས་ཀྱི་བྲོ་བ་ཞིམ་པོ་དགོས་ན། ཆུ་འདང་ངེས་བླུགས་དགོས་པ་མ་ཟད། ཚུའུ་དང་སྣུམ་ཕྲན་ཙམ་བླུགས་དགོས། དེ་ལྟར་བྱས་ན་འབྲས་སོབ་སོབ་ཆགས་ནས། སླ་དྲགས་པ་དང་འབྱར་འགྲོ་བ་སོགས་ཀྱི་སྣང་ཚུལ་ཐོན་མི་སྲིད། འོན་ཀྱང་། སྣུམ་མང་དྲགས་རྒྱུ་མེད། མང་དྲགས་ན་ཞག་ཚི་ཆེ་དྲགས་ནས་འབྲས་སོབ་སོབ་ཆགས་མི་ཐུབ།
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
2025/2026ཧྥུ་ཏན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འགྲན་བདེ་ཆེན་འགྲན་ཁུལ་གྱི་འགྲན་བསྡུར་ཛ་དྲག་ཆེ་ཞིང་བཙུགས་སྤོར་འབེན་འཕེན་བྱས་པ་བརྒྱུད་ཆུས་ཅིང་ལས་ཕམ།
2025/2026ཧྥུ་ཏན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འགྲན་བདེ་ཆེན་འགྲན་ཁུལ་གྱི་འགྲན་བསྡུར་འགོ་ཚུགས་པ།
སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས་143འཚོགས་པ།
“ ལོ་ལྔ་ཚན་བཅོ་ལྔ་པའི་ ” དུས་རིམ་དུ་བདེ་ཆེན་གྱིས་ རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་ཕུལ་དུ་བྱུང་བའི་གྲུབ་འབྲས་བཏོད་པ།
ཡུན་ནན་ སྤྲེའུ་ཁྲ་ཡིས་ཆུ་སྐྱེས་སྔོ་རྩྭ་ཟ་བའི་བརྙན་པར་ཐེངས་དང་པོ་ལྟ་ཞིབ་ཚད་ལེན་བྱས།
བདེ་ཆེན་ཁུལ་གྱིས་“སྤུས་ཚད་མཐོ་བའི་ངང་‘ལོ་ལྔ་ཚན་བཅུ་བཞི་པའི་’འཆར་འགོད་”ཀྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་རབ་དང་རིམ་པའི་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་ཆེད་དོན་སྤེལ།
ཀྲང་ཝེ་ཏུང་གིས་ཡུན་ནན་ཚད་མཐོའི་རྐང་རྩེད་སྤོ་ལོའི་མཉམ་འགྲན་ལ་གྲ་སྒྲིག་བྱེད་མཁན་བདེ་ཆེན་རུ་ཁག་དང་ཆུས་ཅིང་རུ་ཁག་ལ་འཚམས་འདྲི་གནང་བ།
ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་དེ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ལས་དོན་ལ་རྟོག་ཞིབ་དང་སློབ་སྦྱོང་བྱས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53342102000007
