ཁུལ་སྲིད་གཞུང་གིས་དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་སྐྱོད་བྱེད་པའི་ཆེད་དོན་ཚོགས་འདུ་འཚོགས།

ཟླ་3ཚེས་18ཉིན།ཁུལ་སྲིད་གཞུང་གིས་དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་སྐྱོད་བྱེད་པའི་ཆེད་དོན་ཚོགས་འདུ་འཚོགས་ནས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ།ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དཔལ་འབྱོར་ལས་དོན་སྐོར་གྱི་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་དང་། ཁུལ་ཨུའི་བླང་བྱ་ལྟར།དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་སྐྱོད་བྱེད་པའི་གནས་ཚུལ་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ།ལོ་ཧྲིལ་པོའི་དམིགས་ཚད་དང་བསྡུར་ནས་སླར་ཡང་བཀོད་སྒྲིག་དང་སླར་ཡང་ཞིབ་འགྱུར།སླར་ཡང་ཤུགས་སྣོན་རྒྱག་ནས།དཔལ་འབྱོར་བརྟན་ཞིང་སྐྱོན་བྲལ་ངང་འཕར་བར་འགན་ལེན་བྱེད།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་གིས་ཚོགས་འདུ་གཙོ་སྐྱོང་གནང་།
ཚོགས་འདུའི་ཐོག ཟླ་བ་1པོ་ནས་2པའི་བར་གྱི་དམིགས་ཚད་གཙོ་བོའི་ལེགས་གྲུབ་གནས་ཚུལ་ལ་བལྟས་ན།ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་ཡིན་པ་དང་དམིགས་ཚད་ཁག་གཅིག་ཡག་པོ་ཡིན་པས།ཁུལ་ཡོངས་ཀྱི་དཔལ་འབྱོར་གྱི་སྤྱི་ཡོངས་བརྟན་པོ་ཡོང་བར་འདེགས་སྐྱོར་ནུས་ལྡན་བྱས།རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་མཐོང་ཆེན་བྱས་ནས།རང་འགུལ་ངང་གནད་དོན་དང་མི་འདང་བར་འཚོལ་བ་དང་ཁ་གཏད་འཇལ་ཐབས་ལ་ཞིབ་འཇུག་གཏིང་ཟབ་བྱས་ནས།ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱ་དགོས་ཞེས་བསྟན།
ཚོགས་འདུའི་ཐོག གནས་བབ་བརྡར་ཤ་གཅོད་པ་གནད་ལ་འཁེལ་བ་བྱ་དགོས།རྒྱལ་སྤྱི་དང་རྒྱལ་ནང་།ཞིང་ཆེན་དང་དེ་བཞིན་རང་ཁུལ་གྱི་འཕེལ་རྒྱས་གནས་བབ་ལ་ཕྱོགས་ཡོངས་ནས་ངོས་འཛིན་གསལ་པོ་བྱེད་པ་དང་།དེང་སྐབས་སྤྱིའི་ཆ་ནས་བརྟན་པོ་ཡིན་ནའང་།འོན་ཀྱང་རིམ་པ་དམའ་བའི་བརྟན་པོ་ཡིན་པའི་གནས་ཚུལ་ལ་དོན་དངོས་དང་མཐུན་པའི་ལྟ་བ་བཟུང་ནས་བལྟས་ན།ལས་ཀའི་ཕན་འབྲས་ལ་ཁས་ལེན་གང་ལེགས་བྱེད་པ་མ་ཟད།དམིགས་ཚད་ལེགས་གྲུབ་བྱེད་པའི་གནོན་ཤུགས་ལ་ངོས་འཛིན་གསལ་པོ་བྱེད་ཐུབ་པ།རྨོངས་ཚོད་ཀྱིས་སྐྱོ་སྣང་དང་རྨོངས་ཚོད་ཀྱིས་སྤྲོ་སྣང་བྱེད་རིགས་གཏན་འགོག་མཐའ་གཅིག་ཏུ་བྱས་ནས།འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ་མ་ཟད་དཀའ་ངལ་ལ་ཁ་གཏད་འཇལ་བའི་བསམ་བློའི་གྲ་སྒྲིག་ཡག་པོ་བྱ་དགོས།གནད་དོན་ཞིབ་བཤེར་བྱེད་པར་ཞིབ་གསལ་བྱས་ནས།སྡེ་ཚན་ཁག་དང་རྫོང་(གྲོང་ཁྱེར་)ཁག་གིས་ཚད་གཞི་ལྟར་རང་བཤེར་དང་གནད་དོན་འབྱུང་རྩ་སྔོག་འདོན་ནན་མོ་བྱེད་པ་དང་།བསམ་བློ་ལྷོད་གཡེང་དུ་གཏོང་བར་གནད་དོན་རྙིང་པ་འཚོལ་ཞིབ་ཡང་དག་བྱ་དགོས་པ་མ་ཟད་གནད་དོན་གྱི་འབྱུང་རྩ་གསལ་བཟོ་བྱ་དགོས།དམིགས་ཚད་གཙོ་བོ་བར་གྱི་གཏན་ཚིགས་འབྲེལ་བར་གསལ་བཟོ་བྱེད་དེ།“དེ་ལྟར་ཡིན་པ་ཤེས་ཀྱང་།དེ་ལྟར་ཡིན་ལུགས་མི་ཤེས་པའི་”རིགས་བཀག་འགོག་མཐའ་གཅིག་ཏུ་བྱས་ནས།གནད་དོན་གནད་ལ་འཁེལ་བར་འཚོལ་བ་དང་།རྒྱུ་རྐྱེན་དབྱེ་ཞིབ་གསལ་པོ་བྱེད་པར་འགན་ལེན་ཏན་ཏིག་བྱ་དགོས། གནད་དོན་ལ་ཁ་གཏད་འཇལ་བའི་བསམ་ཕྱོགས་གསལ་པོ་བཟོ་བ་དང་བདེ་ཆེན་གྱི་དོན་དངོས་ལ་གཞི་ཚུགས་པ།རང་ངོས་ཀྱི་ལེགས་ཆ་འཚོལ་ཞིབ་བྱས་ཏེ། དགེ་ལེན་སྐྱོན་སེལ་བྱེད་པ་ལ་བརྟེན་ནས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་དགོས།ཁྱབ་ཁོངས་དང་ལས་གནས། དམིགས་ཚད་བར་གྱི་འགལ་ཟླ་སེལ་བ་དང་དོ་སྙོམས་ཡག་པོ་བྱས་ནས།དམིགས་ཚད་མཐོན་པོར་དམ་འཛིན་བྱེད་པ་དང་ཕན་ཡོད་ཀྱི་སྲིད་ཇུས་ཁོང་དུ་ཡག་པོ་ཆུད་དེ།གསར་གཏོད་ཡར་བརྩོན་དང་དོན་འཁྱོལ་དམ་འཛིན་བྱས་ནས།ནུས་ཤུགས་ཡོད་རྒུས་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོབ་པར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།
ཚོགས་འདུའི་ཐོག ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་དང་། རྫོང་དང་གྲོང་ཁྱེར་(གསུམ)། སེམས་ཀྱི་ཉི་ཟླའི་ཐོན་ལས་གླིང་ཁུལ་གྱི་འགན་འཁུར་བློ་མཐུན་གྱིས་དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་སྐྱོད་དང་རྣམ་གྲངས་མ་འཇོག་གི་གནས་ཚུལ་ལ་དམིགས་ནས་སྙན་སེང་ཞུས།
དབྱང་ཞུའེ་ཝུན་དང་ཡུས་ཀུའེ་ཧྥུན།ལིན་ཧའོ།ལི་ཐའོ།པའོ་ཡུས་ཏུང་།མ་གོ་ཀྲུང་།ཀྲོང་ཞའོ་ཕིང་བཅས་ཚོགས་འདུར་ཞུགས།
- བདེ་ཆེན་གསར་འགྱུར།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། དཔྱིད་ཀྱི་མེ་ཏོག
ཁུལ་སྲིད་གཞུང་གིས་དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་སྐྱོད་བྱེད་པའི་ཆེད་དོན་ཚོགས་འདུ་འཚོགས།
མྱི་ཟུར་ཡུལ་དུ་རི་སྐྱེས་ཀྲུང་ཧྭའི་དོམ་ཆུང་རྒྱུ་བ་མཐོང་།
ལུའོ་ཁྲའོ་ཧྥེང་གིས“ཆུའི”ཐོན་ལས་ལ་བརྟག་ཞིབ་གནང་སྐབས་ཐོན་ཁུངས་བསྡུ་སྒྲིལ་ཅི་སྤྱོད་བྱས་ནས་ཆུ་དང་འབྲེལ་བའི་ལས་རྣམ་གསར་པའི་འཕེལ་རྒྱས་མགྱོགས་སུ་བཏང་སྟེ་ནུས་ཤུགས་ཡོད་རྒུས“ཆུའི”ལས་དོན་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ།
ཁུལ་ཡོངས་ཀྱི་ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།ལུའོ་ཁྲའོ་ཧྥེང་གིས་མཆན་འགོད་མཛུབ་སྟོན་གནང་བ་དང་། ཞུས་སི་སི་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།
སེམས་ཀྱི་ཉི་ཟླར་བཀྲ་ཤིས་པའི་ཁ་བ་བབས་བྱུང་།
ཀྲང་ཝེ་ཏུང་གིས་ཡུན་ནན་འཛུགས་སྐྲུན་ཚོགས་པ་དང་མཇལ་འཛོམས་བྱས།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། དཔྱིད་ཀྱི་མཛེས་ཉམས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108