ཀྲང་ཝེ་ཏུང་གིས་ཡུན་ནན་འཛུགས་སྐྲུན་ཚོགས་པ་དང་མཇལ་འཛོམས་བྱས།

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་3ཚེས་17ཉིན། ཁུལ་སྲིད་གཞུང་གིས་འཇོལ་རྫོང་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་ཐེངས་19པ་འཚོགས་ནས། ཉེ་དུས་ཀྱི་ལས་དོན་སྐུལ་འདེད་བཏང་ཚུལ་ལ་སྙན་ཞུ་གསན་པ་མ་ཟད། ཚོགས་ཞུགས་འགོ་ཁྲིད་ཀྱིས་ལས་དོན་བཀོད་སྒྲིག་ཞིབ་ཕྲ་གནང་བ་དང་དུས་རིམ་རྗེས་མའི་ལས་འགན་གཙོ་བོར་བཀོད་སྒྲིག་བྱས།
ཁུལ་ཨུ་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་གིས་ཚོགས་འདུ་གཙོ་སྐྱོང་གནང་དང་གསུང་བཤད་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག འཇོལ་རྫོང་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོ་ནི་ཁུལ་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ལས་དོན་དེར་དོ་ཁུར་ཆེན་པོ་བྱེད་པ་དང་ཁུལ་ཨུས་ཀྱང“མི་འགྱུར་བ་གསུམ”གྱི་ལས་ཀའི་རྩ་དོན་གསལ་པོ་བཟོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་མཁོ་གནད་ཆེ་བའི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་སྔར་བས་ཆེ་རུ་གཏོང་སྟེ། ཐོག་མཐའ་བར་གསུམ་དུ་ཁང་པ་སྡོད་ས་ཡོད་པ་དང་ལས་ཞུགས་རྒྱུ་ཡོད་པ། ཡུལ་ལྗོངས་ལྟ་རྒྱུ་ཡོད་པའི་མཛེས་སྡུག་ལྡན་པའི་རྫོང་མཁར་འཛུགས་སྐྲུན་བྱེད་པའི་བླང་བྱར་དམིགས་ནས། ཞིང་ཆེན་གྱིས་གཅིག་གྱུར་འཆར་འགོད་ཀྱིས་མཛུབ་སྟོན་དང་། ཁུལ་གྱིས་སྤྱི་འགན་འཁུར་བ། རྫོང་གིས་གཙོ་འགན་འཁུར་བ་བཅས་ཀྱི་ལས་ཀའི་ལམ་སྲོལ་རྒྱུན་འཁྱོངས་བྱས་ནས། དམིགས་འབེན་གཅིག་བསྡུས་དང་འཛུགས་སྐྲུན་མགྱོགས་སུ་བཏང་ནས། དངོས་དོན་གཉེར་བ་དང་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་བྱས་ཏེ། དུས་ཚོད་དང་འགྲན་རྩོད་བྱེད་པ་དང་དམིགས་འབེན་ལ་གདོང་མཆོང་བྱས་ནས། དམིགས་འབེན་ལས་འགན་ཁག་དུས་ཚོད་ལྟར་བདེ་བླག་ངང་མངོན་འགྱུར་ཡོང་བར་ཁག་ཐེག་བྱ་དགོས་ཞེས་ནན་གསུང་གནང་།
ཚོགས་འདུའི་ཐོག རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་རྣམ་གྲངས་འཛུགས་སྐྲུན་གྱི་སྤུས་ཚད་དང་ལས་ཡུན་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་མང་ཚོགས་སྐུལ་སློང་བྱས་པ་སོགས་ཀྱི་ལས་དོན་ཁྱོན་ཡོངས་ནས་ཡག་པོ་བསྒྲུབས་ཏེ། ཁྱིམ་ཚང་གི་དོན་དངོས་དང་ཟུང་འབྲེལ་བྱས་ནས་མི་གཤིས་ཅན་དང་རང་གཤིས་ཅན་གྱི་ལག་བསྟར་ཇུས་གཞི་བཟོས་ཏེ། དུས་བཀག་ལྟར་གནས་སྤོའི་ལས་འགན་ལེགས་སྒྲུབ་བྱས་ནས། མང་ཚོགས་ལ“གནས་སྤོ་ཐུབ་པ་དང་བརྟན་པོ་སྡོད་ཐུབ་པ”བྱེད་དགོས། ཨར་ལས་ཀྱི་རྒྱུ་རྐྱེན་གཙོ་བོར་འགན་ལེན་བྱེད་པ་དང་འཕེལ་རིམ་དོ་དམ་ཚོད་འཛིན་བྱེད་པར་ཤུགས་སྣོན་རྒྱག་སྟེ། དུས་ཐེངས་དང་པོའི་རྣམ་གྲངས་22ཁྱོན་ཡོངས་ནས་ཨར་ལས་བྱེད་པར་སྐུལ་འདེད་བཏང་ནས། དུས་ཐེངས་གཉིས་པའི་རྣམ་གྲངས་23གྱི་དུས་འགོའི་ལས་དོན་མགྱོགས་མྱུར་སྒྲུབ་པ་དང་ཆབས་ཅིག་ཨར་ལས་ཀྱི་སྤུས་ཚད་དང་བདེ་འཇགས་ཐོན་སྐྱེད་ཀྱི་འགག་སྒོ་ནན་མོ་བསྲུངས་ཏེ། སྤུས་ཚད་ཀྱི་སྐྱོན་ཆ་དང་བདེ་འཇགས་དོན་རྐྱེན་གཏན་འགོག་བྱ་དགོས། ལས་གྲྭའི་མྱུར་ཚད་ལྟར་གཞུང་ལམ་ལམ་སྒྱུར་དང་ཆུ་མཛོད་སོགས་རྣམ་གྲངས་འཛུགས་སྐྲུན་མགྱོགས་སུ་གཏོང་སྟེ། གློག་ཤུགས་དང་འཕྲིན་གཏོང་ལམ་སྒྱུར་ལས་གྲྭ་མཉམ་དུ་ཡག་པོ་སྒྲུབ་སྟེ། ཁུལ་རིམ་པའི་ལས་རིགས་སྡེ་ཚན་གཙོ་བོས་མཛུབ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་ནས། རྫོང་མཁར་གསར་པའི་རིམ་པ་ཁག་དང་རིགས་ཁག་གི་རྣམ་གྲངས་གཙོ་བོ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བར་འགན་ལེན་བྱ་དགོས། ས་གཤིས་གནོད་འཚེ་འགོག་བཅོས་ལས་དོན་མུ་མཐུད་དུ་ཡག་པོ་བསྒྲུབ་ནས། ཆུ་བྲུབ་པའི་དུས་མ་སླེབས་གོང་རྫོང་མཁར་གསར་རྙིང་གི་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་གྲལ་བཤེར་དག་ཐེར་ལེགས་གྲུབ་བྱེད་དེ། ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྡེ་ཚན་གྱི་མཉམ་འགུལ་བྱེད་ཤུགས་ཆེ་རུ་བཏང་ནས། འཕྲལ་སྡོམ་དངོས་ཟོག་གྲབས་གསོག་དང་དྲིལ་བསྒྲགས་གསོ་སྦྱོང་། འཕྲལ་སྡོམ་ནང་སྦྱོང་བཅས་འཐུས་ཚང་དུ་གཏོང་སྟེ། གནམ་གཤིས་སྔོན་བརྡའི་ནུས་པ་འདོན་སྤེལ་བྱེད་པ་བཅས་བྱ་དགོས་པའི་བླང་བྱ་བཏོན།
མཱ་གོ་ཀྲུང་དང་ཀྲོང་ཞའོ་ཕིང་། དེ་བཞིན་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས། ཚོགས་འདུ་དེ་བརྙན་ལམ་གྱི་རྣམ་པའི་ཐོག་ནས་འཚོགས་པ་དང་། འཇོལ་རྫོང་དང་ཡེ་ཀྲི་གྲོང་རྡལ་དུ་ཡན་ལག་ཚོགས་ར་བཙུགས།
- བདེ་ཆེན་གསར་འགྱུར།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། དཔྱིད་ཀྱི་མེ་ཏོག
ཁུལ་སྲིད་གཞུང་གིས་དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་སྐྱོད་བྱེད་པའི་ཆེད་དོན་ཚོགས་འདུ་འཚོགས།
མྱི་ཟུར་ཡུལ་དུ་རི་སྐྱེས་ཀྲུང་ཧྭའི་དོམ་ཆུང་རྒྱུ་བ་མཐོང་།
ལུའོ་ཁྲའོ་ཧྥེང་གིས“ཆུའི”ཐོན་ལས་ལ་བརྟག་ཞིབ་གནང་སྐབས་ཐོན་ཁུངས་བསྡུ་སྒྲིལ་ཅི་སྤྱོད་བྱས་ནས་ཆུ་དང་འབྲེལ་བའི་ལས་རྣམ་གསར་པའི་འཕེལ་རྒྱས་མགྱོགས་སུ་བཏང་སྟེ་ནུས་ཤུགས་ཡོད་རྒུས“ཆུའི”ལས་དོན་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ།
ཁུལ་ཡོངས་ཀྱི་ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།ལུའོ་ཁྲའོ་ཧྥེང་གིས་མཆན་འགོད་མཛུབ་སྟོན་གནང་བ་དང་། ཞུས་སི་སི་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།
སེམས་ཀྱི་ཉི་ཟླར་བཀྲ་ཤིས་པའི་ཁ་བ་བབས་བྱུང་།
ཀྲང་ཝེ་ཏུང་གིས་ཡུན་ནན་འཛུགས་སྐྲུན་ཚོགས་པ་དང་མཇལ་འཛོམས་བྱས།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། དཔྱིད་ཀྱི་མཛེས་ཉམས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108