中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ལུའོ་ཁྲའོ་ཧྥེང་གིས“ཆུའི”ཐོན་ལས་ལ་བརྟག་ཞིབ་གནང་སྐབས་ཐོན་ཁུངས་བསྡུ་སྒྲིལ་ཅི་སྤྱོད་བྱས་ནས་ཆུ་དང་འབྲེལ་བའི་ལས་རྣམ་གསར་པའི་འཕེལ་རྒྱས་མགྱོགས་སུ་བཏང་སྟེ་ནུས་ཤུགས་ཡོད་རྒུས“ཆུའི”ལས་དོན་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ།

ཁྱབ་བསྒྲགས་དུས་ཚོད་:2026-03-19 11:52:15
      ཟླ་3པའི་ཚེས་18་ཉིན་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་“ཆུའི”ཐོན་ལས་འཕེལ་རྒྱས་ལ་བརྟག་ཞིབ་གནང་སྐབས། ཁུལ་ཨུའི་གྲོང་གསེབ་ལས་དོན་ཚོགས་འདུའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་འཆར་འགོད་སྣེ་ཁྲིད་མཐའ་འཁྱོངས་དང་། བསྡུ་སྒྲིལ་ཅི་སྤྱོད། ཁུལ་ཡོངས་ཀྱི་ཆུའི་ཐོན་ཁུངས་ནུས་ཆེའི་ངང་བེད་སྤྱོད་ཡག་པོ་བྱེད་པ་དང་ཆུ་དང་འབྲེལ་བ་ཡོད་པའི་ལས་རྣམ་གསར་པ་འཕེལ་རྒྱས་མགྱོགས་སུ་བཏང་ནས་ནུས་ཤུགས་ཡོད་རྒུས“ཆུའི”ལས་དོན་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་ཡོད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཞུས་སི་སི་བརྟག་ཞིབ་ནང་ཞུགས་པ་རེད།

ཚེས་18ཉིན་ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླའི་རྡོ་ཟམ་ཚྭ་ཁའི་ཆུ་ཚན་དུ་ཆུ་ཚན་གྱི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དང་ཁེ་ལས་གཉེར་སྐྱོང་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།

ཉིན་དེར་ལུའོ་ཁྲའོ་ཧྥེང་དང་བཅས་པ་སྔ་རྗེས་སུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་ཆུ་མཛོད་དང་། སྟག་མཆོང་གྲོག་རོང་གྲོང་རྡལ་ཡུས་ཞིན་ཡོན་འཇའ་ཉ་གསོ་ར། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཞ་ཀུའུ་ཆུའི་ཐོན་ཁུངས་གསར་སྤེལ་ཚད་ཡོད་ཀུང་སི། རྡོ་ཟམ་ཚྭ་ཁའི་ཆུ་ཚན། ལྷ་མོ་མཚོ་ཆུ་ཚན། རྒྱལ་ཐང་གྲོང་རྡལ་ཧུང་ཕོ་གྲོང་ཚོ་བྲག་དཀར་ཆུ་ཚན་དང་དེ་བཞིན་སེམས་ཀྱི་ཉི་ཟླའི་ཐོན་ལས་ཁུལ་ཧྲུན་ཁྲེང་བཟོ་ཚོང་ཚད་ཡོད་ཀུང་སིའི་ཡུལ་ཉ་གསོ་སྤེལ་དང་སྐམ་སའི་རྨང་གཞིའི་རེས་འཁོར་ཆུའི་སྐྱེ་ཁམས་ཉ་ལས་རྣམ་གྲངས་ས་ཚིགས་བཅས་སུ་ཕེབས་ནས་ས་གནས་ས་ཐོག་ཏུ་རང་ཁུལ་གྱི་ཆུའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་ཆུ་འབྲེལ་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་དང་ཤེས་རྟོགས་གནང་བ་དང་། གཉེར་སྐྱོང་མཁན་དང་། གཞི་རིམ་ལས་བྱེད་པ། འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་བཅས་དང་སྤེལ་རེས་གཏིང་ཟབ་གནང་ནས་བདེ་ཆེན་གྱི་ཆུ་འབྲེལ་ལས་རྣམ་གསར་པ་འཕེལ་རྒྱས་གཏོང་བའི་སྣ་མང་ཐབས་ལམ་ལ་ཐུན་མོང་ཐོག་དཔྱད་བསྡུར་གནང་བ་རེད།

ཚེས་18ཉིན་ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཞ་ཀུའུ་ཆུའི་ཐོན་ཁུངས་གསར་སྤེལ་ཚད་ཡོད་ཀུང་སིར་འཐུང་ཆུའི་ཐོན་ལས་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་གནང་བ།

ལུའོ་ཁྲའོ་ཧྥེང་གིས་བདེ་ཆེན་གྱི་གངས་རིས་རི་ཚོགས་ཀྱི་མུ་ཁྱུད་སྦྲེལ་ཞིང་གང་སར་གཙང་བོའི་འདུ་རྒྱུག་ཆེ། རྫ་ཆུ་དང་འབྲི་ཆུ་ནི་ས་ཁོངས་ཡོངས་སུ་ཁྱབ་ཡོད་པས་ཆུའི་ཐོན་ཁུངས་དང་ས་འོག་ཚ་ནུས་ཀྱི་ཆུ་ཚན་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དངཆུ”ཐོན་ལས་འཕེལ་རྒྱས་གཏོང་བའི་མདུན་ལམ་ཡངས་ཤིང་རྒྱ་ཆེ་བ་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་འཆར་འགོད་སྔོན་ལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཐོན་ཁུངས་ཀྱི་གནས་ཚུལ་མཐིལ་རྟོགས་དངཆུ་གཅིག་ཇུས་གཅིག”ལག་བསྟར་བྱས་ཏེ་ཞིབ་ཚགས་ཅན་གྱི་དོ་དམ་དང་ནུས་ཆེ་ཅན་གྱི་བེད་སྤྱོད་བྱས་ནས་རིགས་ཁག་གི་ཆུའི་ཐོན་ཁུངས་སྲུང་སྐྱོང་ཡག་པོ་དང་།གསར་སྤེལ་ཡག་པོ། བེད་སྤྱོད་ཡག་པོ་བཅས་བྱས་ཏེ་ཆུའི་ཐོན་ཁུངས་ཀྱི་རིན་ཐང་ཆེ་ཤོས་མངོན་འགྱུར་ཡོང་བ་བྱེད་དགོས་པར་བསྟན་ཡོད།

ཚེས་18ཉིན་ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླའི་ཐོན་ལས་ཁུལ་ཧྲུན་ཁྲེང་བཟོ་ཚོང་ཚད་ཡོད་ཀུང་སིར་ཡུལ་ཉ་གསོ་སྤེལ་དང་ཆུའི་ཐོན་ལས་གསོ་སྤེལ་གྱི་གནས་ཚུལ་ལ་བརྟག་ཞིབ་གནང་།

     ལུའོ་ཁྲའོ་ཧྥེང་གིསའཐུང་ཆུའི”ཐད་བསམ་བློ་གཏོང་བ་དང་རང་ཁུལ་གྱི་སྤུས་ལེགས་ཀྱི་རི་ཆུའི་ཐོན་ཁུངས་ལ་བརྟེན་ནས་འཐུང་ཆུའི་ཁེ་ལས་ཀྱིས་སྤུས་རྟགས་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ་དང་ཁྲོམ་ར་གཏིང་ཟབ་ཏུ་གཏོང་བ་དང་ཕྱིར་ཚོང་བྱེད་ཚད་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ“སེམས་ཀྱི་ཉི་ཟླའི”འཐུང་ཆུའི་སྤུས་རྟགས་གཏོད་དགོས། “ཆུ་ལ་ལྟ་བའི”ཐད་ལ་བསམ་བློ་བཏང་སྟེ། ཆུའི་མཛེས་ལྗོངས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ཆུ་ལ་དུང་བའི་ལས་སྟེགས་འཛུགས་སྐྲུན་བྱེད་པ་སོགས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པ་དང་། རང་ཁུལ་གྱི་རང་བྱུང་སྐྱེ་ཁམས་ཀྱི་མཛེས་ལྗོངས་འགྲེམ་སྟོན་གང་ཐུབ་དང་། ཆུའི་སྐྱེ་ཁམས་ཀྱི་སྤྱན་གཟིགས་རང་བཞིན་དང་ཉམས་ལེན་རང་བཞིན་ཇེ་མཐོར་བཏང་སྟེ། ཡུལ་སྐོར་བ་དང་མང་ཚོགས་ལ་སྐྱེ་ཁམས་ཁེ་ཕན་མཉམ་སྤྱོད་བྱེད་དུ་འཇུག་དགོས། “རྩེད་ཆུའི”ཐད་ལ་བསམ་བློ་བཏང་ནས་ཆུ་ཁར་གཡེང་བའི་ལྟ་སྐོར་དང་། ཕྱི་རོལ་དུ་མྱུལ་དཔྱད། སྤྲོ་གསེང་རོལ་རྩེད་བཅས་སྲོག་ཤིང་དུ་གྱུར་པའི་ཆུ་དང་འབྲེལ་བའི་རྣམ་གྲངས་དང་ཆུ་ཐོག་ལུས་རྩལ་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་། ཆུ་ཚན་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་པ། ཁུལ་ཕྱི་ནང་གི་སྔོན་ཐོན་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། ཆུ་ཚན་དེ་ཁྱད་ཆོས་ལྡན་པའི་ཟས་མཆོག་དང་བོད་ལུགས་གསོ་རིག་དང་དེ་བཞིན་མི་རིགས་རིག་གནས་སོགས་ཀྱི་གཞི་རྒྱུ་དང་མཉམ་འདྲེས་ཡོང་བ་བཅས་བྱས་ཏེ་ས་འོག་ཚ་ནུས་ཀྱི་སྐྱེ་ཁམས་ཐོན་ཁུངས “ཆུ་སྤྱོད”ཐད་བསམ་བློ་གཏོང་བ་དང་ཚན་རིག་དང་མཐུན་པའི་སྒོ་ནས་སྣོད་བཅུད་ཉ་ལས་འཆར་འགོད་བྱས་ཏེ་འཇའ་ཉ་དང་གཤོལ་ཉ་སོགས་ཆུའི་ཐོན་ལས་གསོ་སྤེལ་རྩེ་གྲ་འཕེལ་རྒྱས་ཧུར་ཐག་བཏང་ནས་ཚན་རྩལ་ལ་བརྟེན་ནས་ནུས་པ་སྦྱིན་ཤུགས་ཆེ་རུ་གཏོང་བ་དང་ཉ་རིགས་གསོ་སྤེལ་གྱི་ལྟེ་བའི་ལག་རྩལ་ཁོང་དུ་ཆུད་པ་བྱས་ཏེ་ཆུའི་ཐོན་ལས་གསོ་སྤེལ་གྱི་ཕན་འབྲས་ཆེ་རུ་བཏང་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་བྱེད་དགོས། “ཆུ་ཚོད་འཛིན”ཐད་ལ་བསམ་བློ་བཏང་སྟེ་ཆུའི་ཐོན་ཁུངས་དོ་དམ་དང་གྲོན་ཆུང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆུ་ལེན་སྤྱོད་ལ་ལྟ་སྐུལ་དོ་དམ་ནན་པོ་བྱས་ནས་ཆུའི་ཐོན་ཁུངས་རྒྱུན་མཐུད་ངང་བེད་སྤྱོད་ཐུབ་པར་འགན་ལེན་ཏན་ཏིག་བྱ་དགོས་པའི་ནན་བཤད་གནང་བ་རེད།

      ལུའོ་ཁྲའོ་ཧྥེང་གིས་ཡང་ཐང་ཆུ་མཛོད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཆུའི་མཛེས་ལྗོངས་དང་། ཆུའི་སྐྱེ་ཁམས། སྐམ་ས་དང་ཆུ་ས་མཉམ་འདྲེས་ཀྱི་བྱེད་སྒོ། ཆུའི་ཐོན་ལས་གསོ་སྤེལ། མཚེའུ་སྐོར་འགྲན་བསྡུར་བཅས་གཙོ་བོར་བྱེད་པའི་ཆུ་དང་འབྲེལ་བའི་ལས་རྣམ་གསར་པ་འཚོལ་ཞིབ་དང་འཕེལ་རྒྱས་ཧུར་ཐག་གཏོང་བ། ཆུ་མཛོད་མཐའ་འཁོར་གྱི་སྟག་མའི་མེ་ཏོག་གི་ཞིང་ཁམས་དང་། ཡུལ་ལྗོངས་ལ་ལྟ་བའི་ལས་སྟེགས། མི་རིགས་གྲོང་ཚོ་སོགས་ཀྱི་ཐོན་ཁུངས་འབྲེལ་མཐུད་བྱས་ཏེ་ཆུའི་སྤུས་ཚད་ལ་ཤུགས་རྐྱེན་མི་ཐེབས་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཆུ་མཛོད་ཀྱི་དཔལ་འབྱོར་ཕན་འབྲས་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན།

ཧོང་ལུང་ཞིན་དང་། ཞུང་ཝུན་པིན། ཞུས་ཀོང་ཏེ་བཅས་བརྟག་དཔྱད་ཞིབ་འཇུག་ལ་ཞུགས་ཡོད།

  • བདེ་ཆེན་གསར་འགྱུར།

ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། དཔྱིད་ཀྱི་མེ་ཏོག

ཁུལ་སྲིད་གཞུང་གིས་དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་སྐྱོད་བྱེད་པའི་ཆེད་དོན་ཚོགས་འདུ་འཚོགས།

མྱི་ཟུར་ཡུལ་དུ་རི་སྐྱེས་ཀྲུང་ཧྭའི་དོམ་ཆུང་རྒྱུ་བ་མཐོང་།

ལུའོ་ཁྲའོ་ཧྥེང་གིས“ཆུའི”ཐོན་ལས་ལ་བརྟག་ཞིབ་གནང་སྐབས་ཐོན་ཁུངས་བསྡུ་སྒྲིལ་ཅི་སྤྱོད་བྱས་ནས་ཆུ་དང་འབྲེལ་བའི་ལས་རྣམ་གསར་པའི་འཕེལ་རྒྱས་མགྱོགས་སུ་བཏང་སྟེ་ནུས་ཤུགས་ཡོད་རྒུས“ཆུའི”ལས་དོན་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ།

ཁུལ་ཡོངས་ཀྱི་ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།ལུའོ་ཁྲའོ་ཧྥེང་གིས་མཆན་འགོད་མཛུབ་སྟོན་གནང་བ་དང་། ཞུས་སི་སི་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།

སེམས་ཀྱི་ཉི་ཟླར་བཀྲ་ཤིས་པའི་ཁ་བ་བབས་བྱུང་།

ཀྲང་ཝེ་ཏུང་གིས་ཡུན་ནན་འཛུགས་སྐྲུན་ཚོགས་པ་དང་མཇལ་འཛོམས་བྱས།

ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། དཔྱིད་ཀྱི་མཛེས་ཉམས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com