མྱི་ཟུར་ཡུལ་དུ་རི་སྐྱེས་ཀྲུང་ཧྭའི་དོམ་ཆུང་རྒྱུ་བ་མཐོང་།
ཉེ་ཆར། སེམས་ཀྱི་ཉི་ཟླའི་མྱི་ཟུར་ཚོན་ལྡན་རྦབ་ཆུའི་ཉེ་འཁོར་དུ་ཡུལ་སྐོར་བས་རི་སྐྱེས་ཀྲུང་ཧྭའི་དོམ་ཆུང་ཡང་དང་ཡང་དུ་འགྲོ་འདུག་བྱེད་བཞིན་པ་མཐོང་ལ། རི་མོའི་ཁྲོད་དུ་དོམ་ཆུང་ལུས་ལ་མཚོན་རྟགས་རང་བཞིན་གྱི་རྫ་མདོག་གི་“ཕྱི་གོས”གྱོན་ཞིང་། ཁྲ་ཐིག་གསལ་བའི་རྔ་མ་རིང་པོ་ཞིག་དྲུད་དེ་ཆུ་ཕྲན་འགྲམ་གྱི་སྡོང་བོའི་ཡལ་གའི་བར་བབ་བསྟུན་གྱིས་འཛེགས་པ་མཐོང་ལ། གཤིས་འཇམ་སྤྱོད་བཟང་ཞིག་ཏུ་སྣང་།

ཀྲུང་ཧྭའི་དོམ་ཆུང་ནི་རིགས་དབྱེ་རིག་པའི་སྟེང་དུ་དོམ་ཆུང་གི་ཚན་ཁག་ཏུ་གཏོཊ།དེ་དག་ས་བབ་མཐོ་ཚད་སྨི་2000ནས་སྨི་4000བར་གྱི་དྲོད་ཁུལ་གྱི་ཁབ་ཞེང་མཉམ་བསྲེས་ནགས་ཚལ་དུ་འཚོ་བཞིན་ཡོད་ལ།སྨྱུག་མའི་ལོ་མ་གཙོ་བོར་བྱས་ཏེ་སྐབས་འགར་འབུ་སྲིན་དང་བྱ་སྒོང་གཟན་དུ་སྤྱོད་པ་རེད། འདི་ལ་དབྱིན་ཡིག་ཏུAilurus fulgens styaniཞེས་སུ་འབོད།
རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ཤིག་ཡིན་པའི་ཆ་ནས།འཛམ་གླིང་གི་རང་བྱུང་སྲུང་སྐྱོབ་མནའ་འབྲེལ(IUCN)གྱིས་སྟོང་ལ་ཉེ་བའི་སྲོག་ཆགས་སུ་རྩིས་ཡོད་ལ། ཀྲུང་ཧྭ་དོམ་ཆུང་གི་འཚོ་སྡོད་ཁོར་ཡུག་གི་ཆ་རྐྱེན་ཧ་ཅང་མཐོ་བ་རེད།ཀྲུང་ཧྭའི་དོམ་ཆུང་ཡང་དང་ཡང་དུ་འགྲོ་འདུག་བྱེད་བཞིན་པས་མྱི་ཟུར་གྱི་གདོད་མའི་སྐྱེ་ཁམས་མ་ལག་བཟང་བ་དང་། བདེ་ཆེན་ཁུལ་གྱིས་ལོ་མང་པོའི་རིང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་སྐྱེ་ཁམས་ཉམས་གསོ་བྱེད་པའི་ཐད་ལ་ཕན་འབྲས་ཏན་ཏིག་ཐོན་ཡོད་པ་མཚོན་ཡོད།
- བདེ་ཆེན་གསར་འགྱུར།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། དཔྱིད་ཀྱི་མེ་ཏོག
ཁུལ་སྲིད་གཞུང་གིས་དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་སྐྱོད་བྱེད་པའི་ཆེད་དོན་ཚོགས་འདུ་འཚོགས།
མྱི་ཟུར་ཡུལ་དུ་རི་སྐྱེས་ཀྲུང་ཧྭའི་དོམ་ཆུང་རྒྱུ་བ་མཐོང་།
ལུའོ་ཁྲའོ་ཧྥེང་གིས“ཆུའི”ཐོན་ལས་ལ་བརྟག་ཞིབ་གནང་སྐབས་ཐོན་ཁུངས་བསྡུ་སྒྲིལ་ཅི་སྤྱོད་བྱས་ནས་ཆུ་དང་འབྲེལ་བའི་ལས་རྣམ་གསར་པའི་འཕེལ་རྒྱས་མགྱོགས་སུ་བཏང་སྟེ་ནུས་ཤུགས་ཡོད་རྒུས“ཆུའི”ལས་དོན་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ།
ཁུལ་ཡོངས་ཀྱི་ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།ལུའོ་ཁྲའོ་ཧྥེང་གིས་མཆན་འགོད་མཛུབ་སྟོན་གནང་བ་དང་། ཞུས་སི་སི་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།
སེམས་ཀྱི་ཉི་ཟླར་བཀྲ་ཤིས་པའི་ཁ་བ་བབས་བྱུང་།
ཀྲང་ཝེ་ཏུང་གིས་ཡུན་ནན་འཛུགས་སྐྲུན་ཚོགས་པ་དང་མཇལ་འཛོམས་བྱས།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། དཔྱིད་ཀྱི་མཛེས་ཉམས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108