དམངས་འཚོ་སྔར་ལས་མང་པོ་དེ་བདེ་སྐྱིད་ལྡན་པའི་ཡུལ་ལྗོངས་སུ་བསྒྱུར་བ། —— བདེ་ཆེན་ཁུལ་གྱི་ཏང་ཡོན་ལས་བྱེད་པས་ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་དང་ཁུལ་ཨུའི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་དགོས།

“ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ་བདེ་ཆེན་ཁུལ་གྱི་སློབ་གསོ་ལུས་རྩལ་བྱ་གཞག་གིས་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་གི་དོ་སྙོམས་འཕེལ་རྒྱས་ལ་དམིགས་ནས་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དེ་དམངས་འཚོའི་ཁྱབ་ཁོངས་སུ་རྒྱུན་མཐུད་མ་འཇོག་དང་སྲིད་ཇུས་ཀྱི་འདེགས་སྐྱོར་ལས་བྱུང་བ་ཞིག་ཡིན་ལ། “ལོ་ལྔ་ཚན་བཅོ་ལྔ་པའི་”་རིང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་ཞིག་ཀྱང་བཏིང་ཡོད།ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་དང་ཁུལ་ཨུའི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཏེ་རང་ཁུལ་གྱི་སློབ་གསོ་ལུས་རྩལ་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་ཆེན་པོ་བསྣན་པ་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་ཡོད”ཁུལ་སློབ་གསོ་ལུས་རྩལ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅིའམ་ཅུས་ཀྲང་ལི་ཐའོ་ཡིས་“ལོ་ལྔ་ཚན་བཅོ་ལྔ་པར”རྒྱང་ལྟ་བྱེད་སྐབས་ཁུལ་ཡོངས་ཀྱི་སློབ་གསོ་ལུས་རྩལ་ཁོངས་གཏོགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗོད་བྱ་གཙོ་བོ་དེར་དམ་པོར་དམིགས་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བཤད་ཡོད།སློབ་གསོའི་ཁྱབ་ཁོངས་སུ་སློབ་གསོའི་ཐོན་ཁུངས་ཀྱི་བཀོད་པ་རྒྱུན་མཐུད་ངང་ལེགས་སྒྱུར་དང་། སློབ་ན་མ་སོན་གོང་གི་སློབ་གསོར་ཀུན་ཕན་སྤུས་ལེགས་འཕེལ་རྒྱས་དང་། འོས་འགན་སློབ་གསོ་སྤུས་ལེགས་དོ་མཉམ་འཕེལ་རྒྱས། མཐོ་རིམ་སློབ་འབྲིང་དཀྱུས་མའི་ཁྱད་ཆོས་སྣ་མང་འཕེལ་རྒྱས། ལས་རིགས་སློབ་གསོའི་སྤུས་ཚད་མཐོར་འདེགས་དང་ཕུལ་བྱུང་གསོ་སྐྱོང་བཅས་བྱེད་པར་སྐུལ་འདེད་གཏོང་བ་དང་། བློ་གྲོས་སློབ་གསོ་འཛུགས་སྐྱོང་དང་བྱང་ཚད་མཐོ་བའི་དགེ་རྒན་དཔུང་ཁག་གསོ་སྐྱོང་དུས་མཉམ་དུ་ཟབ་སྤེལ་བྱས་ཏེ། བྱིས་པ་ཚང་མར་འདྲ་མཉམ་སྤུས་ལེགས་ཀྱི་སློབ་གསོ་ལོངས་སུ་སྤྱོད་དུ་འཇུག་དགོས། ལུས་རྩལ་ཁྱབ་ཁོངས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དམངས་ཡོངས་ཀྱི་ལུས་སྦྱོང་སྒྲིག་བཀོད་དྲ་བ་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བ་དང་མང་ཚོགས་དང་ཉེ་བཅར་གྱི་ལུས་རྩལ་འགྲན་བསྡུར་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ནས་‘སེམས་ཀྱི་ཉི་ཟླའི་ཕྱི་རོལ་ལུས་རྩལ་ཚོགས་ཆེན’སོགས་ཁྱད་ལྡན་སྤུས་རྟགས་རྒྱུན་མཐུད་ངང་བཏོད་དེ་ལུས་རྩལ་དང་རིག་གནས་ཡུལ་སྐོར་དང་ཁམས་གསོ་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་ལུས་རྩལ་དཔལ་འབྱོར་གྱི་སྒུལ་ནུས་གསར་པ་སྐྱེད་སྲིང་ཧུར་ཐག་བྱས་ནས་མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་སྣ་མང་བདེ་ཐང་གི་དགོས་མཁོ་དང་། བདེ་ཐང་བདེ་ཆེན་དང་གསོན་ཤུགས་ལྡན་པའི་བདེ་ཆེན་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུ་རྒྱུ་ཡིན”ཞེས་བཤད་ཡོད།
“ལོ་ལྔ་ཚན་བཅུ་བཞི་པའི”་རིང་བདེ་ཆེན་ཁུལ་གྱིས་བདེ་ཐང་འགན་ལེན་དྲ་བ་རྒྱུན་ཆད་མེད་པར་བརྟན་དུ་བཏང་བ་དང་ཁུལ་མི་དམངས་སྨན་ཁང་གིས་རིམ་པ་གསུམ་པའི་ཀ་པ་རིམ་པ་གསུམ་པའི་སྨན་ཁང་དང་ཤང་གྲོང་འཕྲོད་བསྟེན་ཁང་30གྲུབ་འབྲས་ཐོབ་པའི་ངང་བཏོད་པ་ཚང་མ་རྒྱལ་ཁབ་ཀྱི་གཞི་རྩའི་ཚད་གཞིར་སླེབས་པ་དང་།ཡུན་ནན་ཞིང་ཆེན་བོད་སྨན་ཁང་བདེ་ཆེན་དུ་གཞིས་ཆགས་པ་དང་ཁྱིམ་ཚང་སྨན་པས་གན་རྒྱ་བཞག་པའི་མི་ཁྲི་22ལྷག་ཙམ་ཟིན་ཡོད……” ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་དང་ཁུལ་ཨུའི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་དམངས་འཚོའི་བདེ་རྩར་དམིགས་ནས་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་བྱས་ཡོད།“ལོ་ལྔ་ཚན་བཅོ་ལྔ་པའི”་རིང་ཁུལ་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱིས་ཚོགས་འདུའི་དགོངས་དོན་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་ཤར་རྒྱུད་བོད་འབྲེལ་ས་ཁུལ་གྱི་ས་ཁོངས་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་བྱ་རྒྱུ་དམིགས་ཚད་དུ་བྱས་ནས་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་སྤུས་ལེགས་ཐོན་ཁུངས་གཤམ་སྤེལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་སྨན་བཅོས་འགན་བཅོལ་ལམ་ལུགས་དང་དམ་ཟབ་རྣམ་པའི་རྫོང་ཁོངས་ཀྱི་སྨན་ཁང་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་ཀྲུང་བོད་སྨན་རྫས་རྒྱུན་འཛིན་གསར་གཏོད་འཕེལ་རྒྱས་མགྱོགས་སུ་བཏང་ནས་སྨན་བཅོས་བརྒྱུད་རིམ་ལེགས་སུ་བཏང་སྟེ་སྨན་བཅོས་འགྲོ་གྲོན་ཚོད་འཛིན་ནན་པོ་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་པ་བརྒྱུད་སྨན་བཅོས་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་རྒྱུན་མཐུད་ངང་མཐོ་རུ་གཏོང་བ་དང་། འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་མི་རིགས་ཁག་གི་མང་ཚོགས་ལ་དེ་བས་སྤུས་ལེགས་པ་དང་སྤྱོད་གོ་ཆོད་པའི་འཕྲོད་བསྟེན་དང་བདེ་ཐང་གི་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱས་ནས་དངོས་སྒྲུབ་ཀྱི་གྲུབ་འབྲས་དངོས་ལ་བརྟེན་ནས་བདེ་ཐང་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བྱ་རྒྱུ་ཡིན”ཞེས་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཏང་ཨུའི་ཧྲུའུ་ཅི་དང་ཀྲུའུ་རེན་ཧོ་ཅུན་ཁྲང་གིས་འདི་ལྟར་བཤད་བྱུང་།
འཇོལ་རྫོང་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་ལི་ཧུང་མའེ་ཡིས་འཇོལ་རྫོང་མི་དམངས་སྨན་ཁང་གིས་རིམ་པ་ཁག་གི་‘ལོ་ལྔ་ཚན་བཅོ་ལྔ་པའི”་རིང་གི་འཕྲོད་བསྟེན་དང་བདེ་ཐང་འཆར་འགོད་ཀྱི་བཀོད་སྒྲིག་བླང་བྱར་གོ་བ་མཐའ་གཅིག་ཏུ་ལེན་པ་དང་དོན་འཁྱོལ་ཡག་པོ་བྱེད་ནས་བདེ་ཐང་ཀྲུང་གོའི་འཐབ་ཇུས་དང་སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞི་བརྟན་དུ་གཏོང་བའི་འདུ་འགོད་ཀྱི་བླང་བྱར་གོ་བ་གཏིང་ཟབ་བླངས་ཏེ་དམ་ཟབ་རྣམ་པའི་རྫོང་ཁོངས་ཀྱི་སྨན་བཅོས་མཉམ་སྡེབ་སྲོག་ཤིང་དུ་བྱས་ནས་རྫོང་དང་།ཤང་། གྲོང་ཚོའི་རིམ་པ་གསུམ་གྱི་སྨན་བཅོས་ཞབས་ཞུ་མ་ལག་དང་། བདེ་ཐང་ཞབས་ཞུའི་རྨང་གཞི་སྲ་བརྟན་དུ་གཏོང་བ། སྨན་འགོག་མཉམ་འདྲེས་གནད་སར་བཟུང་བ། གྲངས་གཞི་ཅན་གྱི་ཕྱོགས་སྒྱུར་འདེགས་སྐྱོར་དུ་བྱས་ཏེ་སྨན་བཅོས་ཞབས་ཞུའི་ཕན་ནུས་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ་དང་ཆེད་ལས་བྱང་ཚད་དང་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་དུས་འཁོར་ཧྲིལ་པོའི་བདེ་ཐང་གི་དགོས་མཁོ་འགན་ལེན་ཏན་ཏིག་བྱས་ཏེ་ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་བྱ་རྒྱུནཡིན་ཞེས་བཤད་ཡོད།
ལས་ཞུགས་ནི་དམངས་འཚོ་ཆེ་ཤོས་ཤིག་ཡིན་པས“ལོ་ལྔ་ཚན་བཅུ་བཞི་པའི”རིང་བདེ་ཆེན་ཁུལ་གྱི་ལས་ཞུགས་ཁ་གསབ་མ་དངུལ་གྱིས་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་ལས་ཞུགས་བརྟན་པོ་ཡོང་བའི་འདེགས་སྐྱོར་ནུས་པ་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད” ང་ཚོས་ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་དང་ཁུལ་ཨུའི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་གྱིས་སྣེ་ཁྲིད་བྱེད་པ་དང་།སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཡོང་བར་དམིགས་པ། ཆུ་ཚད་མཐོ་བའི་སྤྱི་ཚོགས་འགན་སྲུང་དང་། བྱང་ཚད་མཐོ་བའི་ཤེས་ལྡན་མི་སྣའི་དཔུང་ཁག་ལས་ཆོད་ཆེ་བའི་འཇོན་ཐང་ཅན་གྱི་མཉམ་ལས་ཁང་བཅས་དམིགས་འབེན་ཆེན་པོ་བཞི་གཏན་འཁེལ་བྱས་ཏེ། མི་སྣ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་དང་མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོར་འདེགས་གཏོང་བའི་དགོས་མཁོར་རྩེ་གཅིག་ཏུ་དམིགས་ཏེ། ལས་ཞུགས་སྔོན་ལ་འཇོག་པའི་ལས་ཞུགས་ཀྱི་སྤུས་ཚད་ནུས་ལྡན་ངང་མཐོ་རུ་གཏོང་བ་དང་གྲངས་འབོར་ལུགས་མཐུན་ངང་འཕར་རྒྱུར་སྐུལ་འདེད་བཏང་ནས་ལས་རིགས་རྩལ་ནུས་གསོ་སྦྱོང་དང་།མི་ཤུགས་ཐོན་ཁུངས་སྙོམ་སྒྲིག་ལས་གཏོད་རོགས་སྐྱོར། ལས་ཞུགས་ལས་གནས་ཀྱི་ཤོང་ཚད་ཆེ་རུ་གཏོང་བ།ཁེ་དབང་འགན་སྲུང་སོགས་ཀྱི་ཐད་མཐུན་སྦྱོར་ཤུགས་འདོན་རྒྱུན་མཐུད་བྱས་ཏེ་སྤུས་ཚད་མཐོ་བའི་ལས་ཞུགས་ལས་གཏོད་ཀྱི་ཞབས་ཞུའི་མ་ལག་འཛུགས་རྒྱུ་ཡིན་ཞེས་ཁུལ་སྤྱི་པའི་ལས་ཞུགས་དང་ཤེས་ལྡན་མི་སྣའི་ཞབས་ཞུའི་ལྟེ་གནས་ཀྱི་ཀྲུའུ་རེན་ཝང་ཞུའེ་ཡིས་འདི་ལྟར་བཤད་བྱུང་།
རིམ་རྩིས་བྱས་ན་རོགས་སྐྱོབ་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་10.21བཏང་བ་དང་རིམ་རྩིས་བྱས་ན་མི་ཐེངས་ཁྲི་30.93ལ་རོགས་སྐྱོབ་བྱས་ཡོད། རྫོང་དང་ཤང་། གྲོང་ཚོ་བཅས་རིམ་པ་གསུམ་པའི་རྒན་གསོའི་ཞབས་ཞུའི་དྲ་བ་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས་རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་གྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་1.24བརྩོན་ལེན་དང་གྲབས་གསོག་ཧུར་ཐག་བྱས་པ་དང་ཁུལ་ཡོངས་ཀྱི་སྤྱི་ཚོགས་རྩ་འཛུགས་382སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་ཕྱིན་ཡོད་པ་རེད། “་ལོ་ལྔ་ཚན་བཅུ་བཞི་པར་”་ཕྱིར་མིག་བལྟས་ཚེ་བདེ་ཆེན་ཁུལ་གྱི་དམངས་འཚོ་འགན་ལེན་དེ་བས་བརྟན་དུ་ཕྱིན་པ་དང་གཞི་རིམ་བཅོས་སྐྱོང་དེ་བས་ལས་ཕྱོད་ཆེ་བ་དང་སྤྱི་པའི་ཞབས་ཞུ་དེ་བས་སྟབས་བདེ་རུ་ཕྱིན་ཡོད།ཁུལ་དམངས་སྲིད་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅི་ལི་ཝུའུ་ཡིས་ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་དང་ཁུལ་ཨུའི་དཔལ་འབྱོར་ལས་དོན་ཚོགས་འདུས་ཁུལ་ཡོངས་ཀྱི་དམངས་སྲིད་བྱ་གཞག་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་བྱས་ཡོད།གོམ་སྟབས་རྗེས་མར་ང་ཚོས་ཚོགས་འདུའི་དགོངས་དོན་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་འཆར་འགོད་ཀྱིས་སྣེ་ཁྲིད་པར་དམིགས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་”ལོ་ལྔ་ཚན་བཅོ་ལྔ་པའི”་དམངས་སྲིད་འཆར་འགོད་ཡག་པོ་བཟོས་ཏེ་སྣེ་ཁྲིད་ནས་དོན་འཁྱོལ་ལ་སྣང་ཆེན་དང་། དོན་འཁྱོལ་ལ་དམ་འཛིན་དང་དོན་འཁྱོལ་བྱེད་མཁས་པོ་བྱས་ཏེ་སྤྱི་ཚོགས་ཀྱི་རོགས་སྐྱོབ་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་།‘རྒན་གྲས་གཅིག་དང་ཆུང་གྲས་གཅིག’སོགས་གཙོ་གནད་ཚོགས་སྤྱིའི་དམངས་འཚོའི་བདེ་སྐྱིད་ཁྱོན་ཡོངས་ནས་འགན་ལེན་བྱས་ཏེ་དམངས་སྲིད་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་རྒྱུ་ཡིན་ཞེས་བཤད་བྱུང་།
“་ལོ་ལྔ་ཚན་བཅོ་ལྔ་པར་”་རྒྱང་ལྟ་བྱས་ཚེ་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ད་ཐེངས་ཀྱི་ཚོགས་འདུའི་དགོངས་དོན་བྱ་སྤྱོད་ཀྱི་ཕྱོགས་སྟོན་དུ་བྱས་ཏེ་ཐབས་ཇུས་བཀོད་སྒྲིག་དེ་སེམས་དྲོད་སྲིད་ཇུས་རེ་རེ་དང་། དངོས་སྒྲུབ་རྣམ་གྲངས་རེ་རེ། དམངས་ཕན་དོན་དངོས་རེ་རེ་བཅས་སུ་བསྒྱུར་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་མཐུན་སྒྲིལ་ཡར་ཐོན་དང་། བདེ་སྡོད་ལས་བརྩོན། སྐྱོན་བྲལ་གསོན་ཤུགས་བཅས་ལྡན་པའི་དུས་རབས་གསར་པའི་བདེ་ཆེན་གྱི་རི་མོ་གསར་པ་ཧུར་ཐག་གིས་འབྲི་ཐུབ་ངེས་རེད།
责任编辑:仁欠才让 扎西此里
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
དམངས་འཚོ་སྔར་ལས་མང་པོ་དེ་བདེ་སྐྱིད་ལྡན་པའི་ཡུལ་ལྗོངས་སུ་བསྒྱུར་བ། —— བདེ་ཆེན་ཁུལ་གྱི་ཏང་ཡོན་ལས་བྱེད་པས་ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་དང་ཁུལ་ཨུའི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་དགོས།
ལུའོ་ཁྲའོ་ཧྥེང་གིས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བརྟག་ཞིབ་བྱས།
ཀྲུང་གུང་བདེ་ཆེན་ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་སྟེ་ཁུལ་ཨུའི་དཔལ་འབྱོར་ལས་དོན་ཚོགས་འདུ་སེམས་ཀྱི་ཉི་ཟླར་འཚོགས། ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གཙོ་སྐྱོང་གནང་བ་དང་། ལུའོ་ཁྲའོ་ཧྥེང་གིས་གསུང་བཤད་གནང་། ཀྲང་ཝེ་ཏུང་གིས་དཔལ་འབྱོར་ལས་དོན་བཀོད་སྒྲིག་གནང་།
བདེ་ཆེན་ཁུལ་གྱི་“ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་སྤུས་ཚད་མཐོ་བའི་སྒོས་ནས་ལེགས་གྲུབ་ཡོང་བའི་”གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་འཇོལ་རྫོང་ཆེད་དོན་ཚོགས་འདུ་འཚོགས།
ཡུན་ནན་ཉིན་རེའི་ཚགས་པར་གྱི་ཆེད་བརྗོད། དཔའ་མཛངས་རྟུལ་ཕོད་ཀྱིས་“ལོ་ལྔ་ཚན་བཅོ་ལྔ་པའི་”རིང་འབད་འཐབ་བྱས་ཏེ་རྣམ་པ་གསར་པ་གཏོད།
ཀྲུང་གུང་ཡུན་ནན་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་ཁུན་མིང་དུ་འཚོགས། ཞིང་ཨུའི་རྒྱུས་ལས་ཨུ་ལྷན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་། ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་གིས་གསུང་བཤད་གནང་།
བདེ་ཆེན་ཁུལ་གྱི་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པ་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་གྲུབ་ཡོང་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སེམས་ཀྱི་གྲོང་ཁྱེར་གྱི་ཆེད་དོན་ཚོགས་འདུ་འཚོགས།
ཞིང་ཨུའི་དཔལ་འབྱོར་ལས་དོན་ཚོགས་འདུ་ཁུན་མིང་དུ་འཚོགས། ཝང་ཉིང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་། ཝང་ཡུས་པའོ་ཡིས་ཕྱོགས་བསྡོམས་གསུང་བཤད་གནང་། ལིའུ་ཧུང་ཅན་དང་ལིའུ་ཞའོ་ཁའེ་ཚོགས་འདུར་ཞུགས།





ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108
