中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཁུལ་ཡོངས་ཀྱི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་གཅིག་སྡུད་བཅོས་སྐྱོང་བྱེད་པའི་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་འཚོགས་པ།

ཁྱབ་བསྒྲགས་དུས་ཚོད་:2026-04-03 16:48:49 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ4པའི་ཚེས2ཉིན། ཁུལ་ཡོངས་ཀྱི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་གཅིག་སྡུད་བཅོས་སྐྱོང་བྱེད་པའི་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་འཚོགས་ནས། ཁྱོན་ཡོངས་ནས་ཏང་ནན་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་།མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་བཅོས་སྐྱོང་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ནས། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ།གཅིག་བསྡུས་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་བ་དང་།དག་ཐེར་བཅོས་སྐྱོང་གི་ཕན་འབྲས་དངོས་ལ་བརྟེན་ནས་ཁུལ་ཡོངས་ཀྱི་“ལོ་ལྔ་ཚན་བཅོ་ལྔ་པའི་”འགོ་ཡག་པོ་འཛུགས་པར་འགན་སྲུང་ནུས་ལྡན་བྱས་ཡོད།

    ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་གིས་གཙོ་སྐྱོང་གནང་བ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཞུས་སི་སི་ཚོགས་འདུར་ཕེབས་པ།
ཚོགས་འདུའི་ཐོག་བསྟན་དོན། ད་ལོ་ནི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་བསྡུས་ཀྱིས་དག་ཐེར་བཅོས་སྐྱོང་བྱེད་པའི་ཐག་གཅོད་དམག་འཐབ་ལོ་ཡིན་པ་དང་།ཁུལ་ཡོངས་ཀྱི་གོང་འོག་ཚང་མས་འབད་བརྩོན་བྱེད་པའི་རྣམ་པའི་ཐོག་ནས་བྱ་སྤྱོད་མགྱོགས་མྱུར་སྤེལ་བ་དང་དོན་འཁྱོལ་དམ་འཛིན་བྱས་ཏེ།གཅིག་བསྡུས་ཀྱིས་དག་ཐེར་བཅོས་སྐྱོང་བྱེད་པའི་འགན་འཁྲི་དོན་འཁྱོལ་སྔར་བས་ནུས་ལྡན་དང་།དམ་བསྒྲགས་རྣམ་པ་རྒྱུན་མཐུད་ངང་སྲ་བརྟན།སྤྱོད་པ་ངན་པ་མུ་མཐུད་གཙང་སེལ་བཅས་བྱས་ཤིང་།འགག་སྒྲོལ་ལས་རྣམ་པར་རྒྱལ་བའི་འགོ་ཡག་པོ་ཞིག་བརྩམས་ཡོད།
ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོར་འདེགས་དང་ངོས་འཛིན་ཟབ་སྤེལ་བྱས་ཏེ།གཅིག་སྡུད་བཅོས་སྐྱོང་དེ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་སྐྱོང་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་དམ་འཛིན་བྱེད་སྟངས་ནུས་ལྡན་ཞིག་ཏུ་བརྩིས་ནས།དོན་དངོས་ཐོག་མང་ཚོགས་ཀྱིས་གླེང་མང་པའི་གནད་དོན་བྱེ་བྲག་ཁག་ཅིག་ཐག་གཅོད་བྱེད་དགོས། གཅིག་སྡུད་བཅོས་སྐྱོང་བྱས་པ་བརྒྱུད་ནས་རང་ཁུལ་གྱི་ཆབ་སྲིད་སྐྱེ་ཁམས་མུ་མཐུད་དུ་སླར་གསོ་དང་སྤྱོད་གཙང་དུ་བཏང་སྟེ།སྤྱོད་ཚུལ་བསྒྱུར་བ་དང་གཞི་རིམ་ལེགས་སྐྱོང་།མང་ཚོགས་ལ་ཕན་ཁེ་ཐོབ་པར་སྐུལ་འདེད་བྱེད་དགོས།  ནུས་ཤུགས་ཡོད་རྒུས་གཙོ་གནད་ལས་ཀ་སྐུལ་འདེད་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་བཅོས་སྒྲིག་ལས་གཞི་དང་།གལ་ཆེའི་དམངས་འཚོའི་དོན་དངོས་དང་དེ་བཞིན་རང་ཁུལ་གྱི་ལས་ཀའི་རྩིས་ཐོ་གཞིར་བཟུང་།གྲོང་གསེབ་ཐུན་མོང་གི་“མ་དངུལ་དང་རྒྱུ་ནོར།ཐོན་ཁུངས”ཀྱི་དོ་དམ་དང་།ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན།དམངས་འཚོའི་ཁྱབ་ཁོངས་ཀྱི་ཡིག་བསྐུར་ངོ་བཅར་སོགས་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་གཅིག་སྡུད་འགག་སྒྲོལ་བྱེད་ནས། འགོ་ཁྲིད་གཙོ་བོས་བཀོད་འདོམས་དང་སྣེ་ཁྲིད་ནས་འགག་སྒྲོལ་ཐུབ་པ་བྱེད་པ་དང་།འགོ་ཁྲིད་ཕལ་བས་ཆེད་འགན་སྐུལ་འདེད་བྱས་ནས།  དོན་ཚན་རེ་རེ་དང་རྣམ་གྲངས་རེ་རེ་བཞིན་བསྡུར་བ་བྱས་ནས་བཅོས་སྒྲིག་བྱེད་ཐབས་དོན་འཁྱོལ་བྱེད་པ་དང་།ཞན་ཆ་གང་མགྱོགས་གསབ་ནས་རྒྱུན་ལྡན་ཅན་དུ་འགྱུར་བའི་བཅོས་སྐྱོང་གི་བཅོས་སྒྲིག་རྣམ་གྲངས་དང་དམངས་འཚོའི་དོན་དངོས་རྒྱུན་མཐུད་ངང་རྗེས་སྙེག་ལྟ་སྐུལ་བྱས་ནས་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས།གྱོད་དོན་ཞིབ་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་།གནད་དོན་གྱི་ཁུངས་སྣེ་སྔོག་འདོན་གཏིང་ཟབ་བྱེད་པ།གྱོད་དོན་གྱི་འབྱུང་ཁུངས་རྒྱ་སྐྱེད་གཏོང་བ།གྱོད་དོན་ཞིབ་གཅོད་དང་རྣམ་གྲངས་བཅོས་སྐྱོང་འབྲེལ་མཐུད་བཅས་བྱས་ཏེ།གྲངས་ཚད་དང་ངོ་བོ་གཉིས་ཀར་མཐོང་ཆེན་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས།ཡུན་ཕན་བཅོས་སྐྱོང་ལམ་སྲོལ་འཛུགས་པ་དང་།གཏིང་ཟབ་ཀྱིས་གྱོད་གཞིར་བརྟེན་ནས་ཡོ་བསྲང་བྱེད་པར་སྐུལ་འདེད་གཏོང་བ།མང་ཚོགས་ཀྱི་རྒྱུན་རྣམ་ལྟ་སྐུལ་ལ་སྐུལ་འདེད་གཏོང་བ།ལྟ་སྐུལ་འབྲེལ་མཐུད་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ།གཅིག་བསྡུས་ཀྱིས་དག་ཐེར་བཅོས་སྐྱོང་བྱེད་པ་དང་རྒྱུན་རིང་གི་གཅིག་གྱུར་དམ་ཚགས་ཡོང་བར་སྐུལ་འདེད་གཏོང་དགོས།“མིག་མངས་འགྲིག་སྐོར་གཅིག་”གི་བསམ་བློ་བརྟན་པོ་འཛུགས་པ་དང་།ཕྱོགས་གང་ཅིའི་ཐད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ནན་དུ་གཏོང་བ།མཉམ་འཛིན་སྤྱི་སྒྲུབ་ཀྱི་བཅོས་སྐྱོང་རྣམ་པ་འཐུས་ཚང་དུ་གཏོང་བ་བཅས་བྱ་དགོས།
ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། མིག་སྔར་དཔྱིད་དུས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་འགག་རྩའི་དུས་ཡིན་པས། དྭངས་གསལ་དུས་ཚིགས་དང“ལྔ་གཅིག”གུང་གསེང་འཆར་ཉེར་སྐབས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཨུའི་ལས་དོན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཆབ་སྲིད་ཀྱི་འགན་འཁྲི་ནན་པོ་འཁུར་བ་དང་།སྤྱི་ཚོགས་ཀྱི་བདེ་འཇགས་བརྟན་ལྷིང་གི་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་བྱེད་པ།ཆབ་སྲིད་ཀྱི་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ།བདེ་འཇགས་ཐོན་སྐྱེད་དང་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་སོགས་ཁྱབ་ཁོངས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་དང་བཅོས་སྒྲིག་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས།

    ཚོགས་འདུའི་ཐོག་གཅིག་སྡུད་ཐོག་བཅོས་སྐྱོང་བྱས་པའི་གྱོད་གཞི་ཞིབ་གཅོད་བྱས་ཚུལ་བརྡ་ཁྱབ་བཏང་བ་དང་།རྫོང(གྲོང་ཁྱེར)གསུམ་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱིས་སྙན་སེང་ཞུས་པ་རེད།ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད་ཚོགས་འདུར་ཞུགས།

 

  • བདེ་ཆེན་གསར་འགྱུར།

ཀྲང་ཝེ་ཏུང་གིས་རུ་སྣེ་ཁྲིད་དེ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ།

ཁུལ་མི་དམངས་སྲིད་གཞུང་སྐབས་བཅུ་བཞི་བའི་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་77པ་བསྡུས་པ།

ལུའོ་ཁྲའོ་ཧྥེང་གིས་“བློ་སྦྱོང”ལས་གྲྭར་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས་འགན་འཁྲི་དང་ལས་འགན་ལ་དམིགས་ནས་རྩ་བ་བརྟན་སྲུང་དང་གསར་གཏོད་མཐའ་འཁྱོངས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་གནང་བ།

ཁུལ་ཨུས་ཆེད་དོན་ཚོགས་འདུ་འཚོགས་ནས་ཁུལ་ཡོངས་ཀྱི་གྲོང་གསེབ་ཐུན་མོང་གི་“མ་དངུལ་དང་རྒྱུ་ནོར།ཐོན་ཁུངས”ཀྱི་ཆེད་དོན་ལས་དོན་ལ་ཞིབ་འཇུག་བྱས།

ཁུལ་ཡོངས་ཀྱི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་གཅིག་སྡུད་བཅོས་སྐྱོང་བྱེད་པའི་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་འཚོགས་པ།

ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་ཚོགས་འདུའི་ཐོག་ཚད་གཞིའི་ཧེ་བག་ལ་གཞིགས་ནས་དཀའ་སེལ་འགག་སྒྲོལ་དང་སྔོན་དཔག་དམིགས་ཚད་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན།

འཇོལ་རྫོང་གི་རྒུན་འབྲུམ་ཆུང་ངུ་དེ་གྲོང་གསེབ་འཕེལ་རྒྱས་ཀྱི་ཐོན་ལས་གཙོ་རོ་ཞིག་ཏུ་གྱུར།

རང་ཁུལ་གྱིས་གྲོང་གསེབ་འཛུགས་སྐྲུན་དང་གྲོང་གསེབ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com