ཁུལ་ཨུས་ཆེད་དོན་ཚོགས་འདུ་འཚོགས་ནས་ཁུལ་ཡོངས་ཀྱི་གྲོང་གསེབ་ཐུན་མོང་གི་“མ་དངུལ་དང་རྒྱུ་ནོར།ཐོན་ཁུངས”ཀྱི་ཆེད་དོན་ལས་དོན་ལ་ཞིབ་འཇུག་བྱས།

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ4པའི་ཚེས2ཉིན་གྱི་སྔ་དྲོར། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཁུལ་ཡོངས་ཀྱི་གྲོང་གསེབ་ཐུན་མོང་གི་“མ་དངུལ་དང་རྒྱུ་ནོར།ཐོན་ཁུངས”ཀྱི་ཆེད་དོན་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ། ཚོགས་འདུའི་ཐོག་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གྲོང་གསེབ་ཐུན་མོང་གི་“མ་དངུལ་དང་རྒྱུ་ནོར།ཐོན་ཁུངས”ཀྱི་ཆེད་དོན་ལས་དོན་སྤེལ་ཚུལ་དང་དེ་བཞིན་ཁུལ་རིམ་པའི་ལས་དོན་ཆེད་སྒྲུབ་ཚོགས་ཆུང་ཉེ་དུས་ཀྱི་ལྟ་སྐུལ་མཛུབ་ཁྲིད་གནས་ཚུལ་གྱི་སྙན་སེང་གསན་པ་དང་། མིག་སྔའི་དུས་བབ་དང་གནས་པའི་གནད་དོན་ལ་དབྱེ་ཞིབ་གཏིང་ཟབ་གནང་ནས་དུས་མཚམས་རྗེས་མའི་གཙོ་གནད་ལས་འགན་བཀོད་སྒྲིག་གནང་བ་རེད།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཞུས་སི་སི་ཚོགས་འདུར་ཞུགས།
ལུའོ་ཁྲའོ་ཧྥེང་གིས་བསྟན་དོན། གྲོང་གསེབ་ཐུན་མོང་གི་“མ་དངུལ་དང་རྒྱུ་ནོར།ཐོན་ཁུངས”ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ནི་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་དང་ཞིང་པའི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་བའི་རྨང་གཞིའི་རང་བཞིན་གྱི་ལས་གྲྭ་ཞིག་དང་།གྲོང་གསེབ་ཀྱི་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་གཞི་རིམ་གྱི་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བའི་དངོས་ཡོད་དགོས་མཁོ མང་ཚོགས་ཀྱི་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་བཅོས་སྐྱོང་གཏིང་ཟབ་བྱེད་པའི་དམ་འཛིན་བྱེད་གཞི་གལ་ཆེན་ཞིག་བཅས་ཡིན་ལ།ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་ནང་གནས་ཀྱི་བླང་བྱ་ཞིག་ཀྱང་ཡིན།ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཁག་སོ་སོས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པ་དང་།རྩ་འཛུགས་ཀྱི་འགོ་ཁྲིད་ལ་སྔར་བས་ཤུགས་སྣོན་རྒྱག་པ།ལས་ཀའི་རང་འགུལ་རང་བཞིན་དང་བརྩོན་སེམས་ཆེ་རུ་གཏོང་བ།དམིགས་འབེན་ལས་འགན་དང་ལས་ཀའི་བླང་བྱ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་བཅས་བྱས་ཏེ།རིམ་པ་བཞིན་འགན་འཁྲི་ནན་སྒྲུབ་དང་།ལས་འགན་ཁག་དམ་འཛིན་ཏན་ཏིག་དང་ཞིབ་ཚགས་བྱས་ཏེ།དོན་དངོས་ཀྱིས་གྲོང་གསེབ་ཐུན་མོང་གི་“མ་དངུལ་དང་རྒྱུ་ནོར།ཐོན་ཁུངས”ཀྱི་དོ་དམ་དང་།བེད་སྤྱོད།གང་འགབ་ཅི་སྤྱོད་བཅས་བྱ་དགོས།
ལུའོ་ཁྲའོ་ཧྥེང་གིས་བླང་བྱ་གནང་དོན།གསོ་སྦྱོང་ལས་དོན་ཏན་ཏིག་དང་ཞིབ་ཚགས་བསྒྲུབས་ཏེ།གཞི་རིམ་ལས་བྱེད་པས་རྒྱུས་ལོན་སླ་བ་དང་བཀོལ་སྤྱོད་བྱེད་བདེ་བའི་ལས་ཀའི་ལག་དེབ་འབྲི་བ་དང་།རིམ་དབྱེ་རིགས་དབྱེའི་སྒོ་ནས་གསོ་སྦྱོང་བྱས་ཏེ།རིམ་པ་ཁག་གི་ལས་བྱེད་མི་སྣས་བཀོལ་སྤྱོད་ཀྱི་ཁྲིད་སྟོན་ཁོང་དུ་ཆུད་པ་དང་།ཕན་ནུས་ཆེ་བའི་སྒོ་ནས་ལས་དོན་སྤེལ་བར་ཁག་ཐེག་བྱ་དགོས།སྡེ་ཁག་བར་གྱི་ཆ་འཕྲིན་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ཁོངས་ཁུལ་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས།ལས་ཀའི་འགྲིལ་ཤུགས་ཆགས་པ་བཅས་བྱས་ཏེ་“ཁོངས་ནས་གནས་ཚུལ་རྩད་ཆོད་ཐུབ་པ་དང་ཁུལ་ནས་དོན་འཁྱོལ་ཐུབ་པ་”བྱས་ནས་ལས་ཀ་ཁག་གོང་འོག་འབྲེལ་མཐུད་དང་།ཕན་ཚུན་གཞོགས་འདེགས།ལས་ཆོད་ཆེན་པོས་སྐུལ་སྤེལ་བཅས་བྱེད་པར་འགན་ལེན་ཏན་ཏིག་བྱ་དགོས།ལས་ཀ་རྩིས་སྤྲོད་རྩིས་ལེན་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་།རྩིས་སྤྲོད་རྩིས་ལེན་གོ་རིམ་ཚད་ལྡན་དུ་གཏོང་བ།“མ་དངུལ་དང་རྒྱུ་ནོར།ཐོན་ཁུངས”ཀྱི་དོ་དམ་ལས་ཀ་ཟམ་མི་ཆད་པར་ཚགས་དམ་དུ་གཏོང་བ་དང་།ཐ་དད་དུ་མི་འགྱུར་བ།རྙོག་འཁྲུལ་མེད་པ་བཅས་ཀྱི་འགན་ལེན་བྱེད་དགོས།གསོག་འབོར་དང་འཕར་འབོར་ལས་ཀ་གཅིག་གྱུར་གྱིས་འཆར་འགོད་ཡག་པོ་བྱེད་པ་དང་།གསོག་འབོར་གཙང་བཤེར་དང་ཚད་ལྡན་དུ་གཏོང་བ།ལོ་རྒྱུས་ཐོག་ལུས་པའི་གནད་དོན་ཐག་གཅོད་བརྟན་པོ་དང་གོ་རིམ་ལྡན་པར་བྱེད་པ།འཕར་ཚད་ཚད་ལྡན་ནན་པོ་བཟོ་བ་བཅས་བྱས་ཏེ་འབྱུང་རྩ་ནས་ཉེན་ཁའི་མངོན་མེད་རྐྱེན་ངན་གསར་པ་སྔོན་འགོག་བྱ་དགོས།
ལུའོ་ཁྲའོ་ཧྥེང་གིས་ནན་གྱིས་བསྟན་དོན།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཁུལ་ཐོག་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་།ཁུལ་ཐོག་གི་འགན་འཁུར་ཕོད་པ་བཅས་བྱས་ཏེ་གྲོང་གསེབ་ཐུན་མོང་གི་“མ་དངུལ་དང་རྒྱུ་ནོར།ཐོན་ཁུངས”ཀྱི་དོ་དམ་ལས་དོན་ཁྲོད་སྣེ་ཡག་པོ་འཁྲིད་པ་དང་མདུན་དུ་བསྐྱོད་དེ་འདྲ་བཟོ་བྱེད་ཆོག་པ་དང་ཁྱབ་གདལ་གཏོང་ཆོག་པའི་ཉམས་མྱོང་དང་བྱེད་ཐབས་གང་མགྱོགས་ཆགས་པ་བྱེད་དགོས། འཇོལ་རྫོང་དང་འབའ་ལུང་རྫོང་གིས་སྔ་སྣུར་དུ་ཇུས་འགོད་དང་གྲ་སྒྲིག་གང་ལེགས་བྱས་ཏེ་རྗེས་མཐུད་ལས་དོན་གོ་རིམ་ལྡན་པའི་ངང་སྦྲེལ་མཐུད་དང་བརྟན་པོའི་ངང་སྤེལ་རྒྱུའི་འགན་ལེན་བྱེད་དགོས།
ཀྲུའུ་ཧུང་དང་།ཧོང་ལུང་ཞིན།ཞུས་ཀོང་ཏེ།ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན།རྫོང་(གྲོང་ཁྱེར)གསུམ་གྱི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ་བཅས་ཚོགས་འདུར་ཞུགས།
- བདེ་ཆེན་གསར་འགྱུར།
ཀྲང་ཝེ་ཏུང་གིས་རུ་སྣེ་ཁྲིད་དེ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ།
ཁུལ་མི་དམངས་སྲིད་གཞུང་སྐབས་བཅུ་བཞི་བའི་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་77པ་བསྡུས་པ།
ལུའོ་ཁྲའོ་ཧྥེང་གིས་“བློ་སྦྱོང”ལས་གྲྭར་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས་འགན་འཁྲི་དང་ལས་འགན་ལ་དམིགས་ནས་རྩ་བ་བརྟན་སྲུང་དང་གསར་གཏོད་མཐའ་འཁྱོངས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་གནང་བ།
ཁུལ་ཨུས་ཆེད་དོན་ཚོགས་འདུ་འཚོགས་ནས་ཁུལ་ཡོངས་ཀྱི་གྲོང་གསེབ་ཐུན་མོང་གི་“མ་དངུལ་དང་རྒྱུ་ནོར།ཐོན་ཁུངས”ཀྱི་ཆེད་དོན་ལས་དོན་ལ་ཞིབ་འཇུག་བྱས།
ཁུལ་ཡོངས་ཀྱི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་གཅིག་སྡུད་བཅོས་སྐྱོང་བྱེད་པའི་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་འཚོགས་པ།
ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་ཚོགས་འདུའི་ཐོག་ཚད་གཞིའི་ཧེ་བག་ལ་གཞིགས་ནས་དཀའ་སེལ་འགག་སྒྲོལ་དང་སྔོན་དཔག་དམིགས་ཚད་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན།
འཇོལ་རྫོང་གི་རྒུན་འབྲུམ་ཆུང་ངུ་དེ་གྲོང་གསེབ་འཕེལ་རྒྱས་ཀྱི་ཐོན་ལས་གཙོ་རོ་ཞིག་ཏུ་གྱུར།
རང་ཁུལ་གྱིས་གྲོང་གསེབ་འཛུགས་སྐྲུན་དང་གྲོང་གསེབ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108