中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཆམ་པའི་སྨན་དང་ཚ་བ་གཅོག་པའི་སྨན་མཉམ་དུ་གཏོང་མི་རུང་།

ཁྱབ་བསྒྲགས་དུས་ཚོད་:2025-12-29 16:48:46 འབྱུང་ཁུངས་:央视网

དགུན་ཉི་ལྡོག་གི་རྗེས་སུ། གྲང་ངར་ཆེ་བའི་དགུ་གསུམ་འདྲེན་པའི་ནམ་དུས་སུ་སླེབས་པས། ཆམ་རིམས་མཆེད་དེ་ཆམ་པ་རྒྱག་མཁན་མི་གྲངས་ཧ་ཅང་མང་པོ་ཡོད། ཆམ་ནད་ཕོག་པའི་ནད་པ་འགའ་ཤས་ཀྱིས་རྒྱུན་དུ་ཆམ་པའི་སྨན་དང་ཚ་བ་གཅོག་པའི་སྨན་མཉམ་དུ་བཏང་ནས་ཆམ་ནད་གང་མགྱོགས་དྲག་སྐྱེད་ཡོང་བའི་རེ་བ་བཅངས་ཀྱི་ཡོད་མོད། འོན་ཀྱང་གསོ་རིག་རིགས་གཅིག་མཁས་ཅན་གྱིས་དེ་ལྟར་བྱས་ན་མ་འགྲིག་པ་བརྗོད་ཅིང་། ཆམ་རིམས་མཆེད་པའི་དུས་ཚིགས་སུ་གལ་ཏེ་ཆམ་པ་ཕོག་ནས་ཚ་བ་རྒྱས་པ་སོགས་མི་བདེ་བའི་ནད་རྟགས་ཐོན་ཚེ། ནད་པ་རང་ཉིད་ནས་རང་དགར་སྨན་གང་བྱུང་དུ་གཏོང་མི་རུང་བར་དུས་ཐོག་ཏུ་སྨན་ཁང་ལ་བསྐྱོད་དེ་སྨན་བཅོས་བྱེད་དགོས་པའི་དྲན་སྐུལ་གནང་འདུག

པེ་ཅིང་ཨན་ཀྲེན་སྨན་ཁང་གི་དབུགས་འབྱིན་རྔུབ་དང་ཉེན་ཆེའི་ནད་རྟགས་གསོ་རིག་ཚན་ཁག་གི་འབུམ་རམས་སྨན་པ་ལིའུ་ཙེ་ཡིང་གིས། ཆམ་པའི་སྨན་གྱི་གྲུབ་ཆ་མང་པོའི་ནང་མ་གཞི་ནས་ཚ་བ་གཅོག་པའི་སྨན་གྱི་གྲུབ་ཆ་ལྡན་ཡོད་པས། ཡང་བསྐྱར་དེའི་སྒང་ལ་ཚ་བ་གཅོག་པའི་སྨན་བཏང་ཚེ་སྨན་གྱི་སྦྱོར་ཚད་མང་དུ་ཕྱིན་ནས་མཆིན་པ་དང་མཁལ་མའི་ནུས་པ་ཇེ་ཞན་དུ་འགྲོ་སྲིད་པར་བརྗོད།

图片

བྱིས་པ་ཚ་བ་འཇགས་པ་སྨན་གཏོང་མཚམས་འཇོག་པའི་ཚད་གཞིར་འཛིན་མི་རུང་།

ཚ་བ་རྒྱས་པ་དང་གློ་ལུ་བ་སོགས་ཆམ་པའི་ནད་རྟགས་ཆུང་དུ་སོང་རྗེས། ལམ་སེང་སྨན་གཏོང་མཚམས་བཞག་ན་ཡག་པོ་མེད། གསོ་རིག་རིགས་གཅིག་མཁས་ཅན་གྱིས་ངོ་སྤྲོད་གནང་བར་གཞིགས་ན། སྤྱིར་བཏང་གློ་ཚད་གསོ་བཅོས་བྱེད་པར་གཟའ་འཁོར་2ནས་3བར་གྱི་དུས་ཚོད་དགོས་ཀྱི་ཡོད་ཅིང་དེ་ཡང་སྨན་གྱི་ནུས་པས་ནད་གཞི་རིམ་བཞིན་དྲག་སྐྱེད་བྱུང་བ་ཞིག་ཡིན། ཆམ་རིམས་ཕོག་པའི་བྱིས་པར་མཚོན་ན་ཚ་བ་འཇགས་མ་ཐག་སྨན་གཏོང་མཚམས་བཞག་ན་ནད་ལོག་རྒྱག་སྲིད་པ་མ་ཟད། ད་དུང་སྙིང་ཤའི་གཉན་ཚད་དང་གློ་ཚད་སོགས་ནད་རིགས་གཞན་ཡང་ཐོན་སྲིད།

图片

བྱིས་པའི་ཆམ་རིམས་དྲག་སྐྱེད་བྱུང་མིན་གྱི་བརྡར་ཤ་གཅོད་སྟངས།

ཁྱིམ་བདག་གིས་བྱིས་པའི་ཆམ་རིམས་ཚབས་ཆེན་ཡིན་མིན་དང་སྨན་ཁང་དུ་འགྲོ་དགོས་མིན་གྱི་བརྡར་ཤ་གཅོད་སྟངས་འདི་དག་མཁྱེན་ན་ལེགས།

A. བྱིས་པའི་གསོན་ཤུགས་ལ་བལྟ་དགོས།

མིག་མདངས་གསལ་པོ་ཡིན་མིན་དང་། ངུ་སྐད་ཆེ་མིན། ལྷག་པར་དུ་བྱིས་པས་རྩེད་ཆས་རྩེ་ཐུབ་མིན་བཅས་ལ་བལྟ་དགོས། ཚ་བ་ཆེན་པོ་རྒྱས་ཡོད་ནའང་ཚ་བ་38°Cལ་འཇགས་མ་ཐག་ལམ་སེང་རང་གི་རྩེད་ཆས་རྩེ་རུ་སོང་ན་སྣང་དག་མེད་པའི་རྟགས་རེད།

B བྱིས་པའི་དབུགས་འབྱིན་རྔུབ་ལ་བལྟ་དགོས།

དབུགས་འབྱིན་རྔུབ་ཇེ་མགྱོགས་སུ་སོང་ཡོད་མེད་དང་། ཡང་ན་དབུགས་འབྱིན་རྔུབ་བྱེད་སྐབས་རྒྱུན་ལྡན་མིན་པའི་སྒྲ་ཡོད་མེད་ལ་བལྟ་དགོས།

C བྱིས་པའི་ཤ་མདོག་ལ་བལྟ་དགོས།

ཤ་མདོག་དམར་མདངས་རྒྱས་པའམ་སྐྱ་བོ་ཡིན་མིན་ལ་བལྟ་དགོས།  



责任编辑:扎史次里 仁欠才让

  • བདེ་ཆེན་གསར་འགྱུར།

དྲི་བར་ལྔར་ལན་བསྐྱོན་ནས་འབབ་འཕར་ལ་སྐུལ་འདེད་གཏོང་བ།ཉི་ཤར་ཤང་གིས་ཞིང་ལས་དང་། རིག་གནས་ཡུལ་སྐོར་མཉམ་འདྲེས་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་པ་བཏོད་པ།

ཁུལ་སྲིད་གཞུང་གིས་རྒྱུན་ལས་ཚོགས་འདུ་ཐེངས་84པ་འཚོགས་པ།

ཞོགས་པ་བདེ་ལེགས།འཛམ་གླིང་གི་སེམས་ཀྱི་ཉི་ཟླ། རྣང་ཞིང་གི་མཛེས་སྡུག

ཀྲང་ཝེ་ཏུང་གིས་རུ་སྣེ་ཁྲིད་དེ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ།

ཁུལ་མི་དམངས་སྲིད་གཞུང་སྐབས་བཅུ་བཞི་བའི་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་77པ་བསྡུས་པ།

ལུའོ་ཁྲའོ་ཧྥེང་གིས་“བློ་སྦྱོང”ལས་གྲྭར་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས་འགན་འཁྲི་དང་ལས་འགན་ལ་དམིགས་ནས་རྩ་བ་བརྟན་སྲུང་དང་གསར་གཏོད་མཐའ་འཁྱོངས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་གནང་བ།

ཁུལ་ཨུས་ཆེད་དོན་ཚོགས་འདུ་འཚོགས་ནས་ཁུལ་ཡོངས་ཀྱི་གྲོང་གསེབ་ཐུན་མོང་གི་“མ་དངུལ་དང་རྒྱུ་ནོར།ཐོན་ཁུངས”ཀྱི་ཆེད་དོན་ལས་དོན་ལ་ཞིབ་འཇུག་བྱས།

ཁུལ་ཡོངས་ཀྱི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་གཅིག་སྡུད་བཅོས་སྐྱོང་བྱེད་པའི་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་འཚོགས་པ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com