中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཅོ་ནེ་རྫོང་དཔའ་ཡུལ་གྲོང་ཚོས་ལམ་བཟང་བཙལ་ནས་འཚོ་བ་སྐྱིད་པོ་བྱུང་།

ཁྱབ་བསྒྲགས་དུས་ཚོད་:2019-04-04 15:13:45 འབྱུང་ཁུངས་:ཀྲུང་གོ་བོད་ཀྱི་དྲ་བ།

དཔའ་ཡུལ་གྲོང་ཚོ་ནི་ཅོ་ནེ་རྫོང་ཏ་ཡུས་གྲོག་རོང་མཛེས་ལྗོངས་ཁུལ་གྱི་ཉེ་འགྲམ་དུ་གནས་ཤིང་། ཏ་ཡུས་གྲོག་རོང་དང་བར་ཐག་སྤྱི་ལེ་20ཡོད་པ་དང་མཛེས་ལྗོངས་ཁུལ་དུ་སྐྱོད་པར་བརྒྱུད་དགོས་ངེས་ཀྱི་དཔའ་ཡུལ་གྲོང་ཚོ་ནི་རྗེས་ལུས་ཐེབས་པའི་དབུལ་པོའི་གྲོང་ཚོ་ཞིག་རེད།

དེ་སྔ་གྲོང་ཚོའི་གང་སར་གད་སྙིགས་དབྱུགས་པ་དང་ཁང་པའི་རྒྱབ་མདུན་དུ་གད་སྙིགས་སྤུངས་ནས་བཞག་ཡོད་པའི་ཁར། ཆུ་ཀ་ལ་མེད་ལ་སྣུམ་ནག་ལམ་དང་། མ་དངུལ། ཐོན་ལས་བཅས་མེད་པ་མ་ཟད་ཐ་ན་ལག་ཐོགས་ཁ་པར་གྱི་བརྡ་རྟགས་ཀྱང་གསལ་པོ་མེད”ཅེས་མ་རུ་གྲོང་རྡལ་གྱི་འགན་ཁུར་བས་བཤད། འདི་ལྟ་བུའི་དོན་དངོས་ཀྱི་མདུན་དུ་མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་སྒྲོལ་ཕྱུག་འགྱུར་ཇི་ལྟར་བྱེད་དགོས་པ་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་འཕེལ་རྒྱས་གཏོང་ས་གང་དུ་ཡོད་པ་ལ་འགྱུར་ལྡོག་གཏོང་རྒྱུ་དེ་ནི་སྣག་ཐོག་བཙག་འཁེལ་གྱི་ཐབས་ཤེས་ཡག་པོ་ཞིག་རེད།

2015ལོར། ཀན་ལྷོ་ཀྲོའུ་ཡིས་ས་ཁོངས་ཧྲིལ་པོར་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་བྱ་སྤྱོད་ལ་དམིགས་ནས་གྲོང་མིའི་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་བ་གཞི་རྩར་བྱེད་པ་དང་།   དཔའ་ཡུལ་གྲོང་ཚོ་གྲོང་གསེབ་ཡུལ་སྐོར་གྱི་གནད་སྨིན་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བའི་དཔེ་མཚོན་གྲོང་ཚོར་བཏོད་དེ་མང་ཚོགས་ཀྱི་སྣེ་ཁྲིད་ནས་སྣོད་བཅུད་སྤུས་རྟགས་གཏོད་པ་དང་། ཡུལ་སྐོར་གྱི་ཡོང་འབབ་གསོག་པ། ཕྱུག་འགྱུར་ལམ་བུར་སྐྱོད་པ་བཅས་བྱེད་མཁན་རེད།

དཔའ་ཡུལ་གྲོང་ཚོས་རྣམ་གྲངས་ཀྱི་མ་དངུལ་དང་མང་ཚོགས་ཀྱིས་རང་གྲབས་བྱེད་པའི་བྱེད་ཐབས་བརྒྱུད། མ་དངུལ་སྒོར་ཁྲི2503.5གྲབས་གསོག་བྱས་ནས་གྲོང་ཚོ་ཡོངས་ཀྱི་དུད་ཚང136གི་སྡོད་ཁང་སྒྱུར་བཅོས་བྱས་པ་དང་སྦྲགས་རང་བྱུང་སྣོད་བཅུད་དང་། གྲོང་གསེབ་ཀྱི་རིག་གནས། དམངས་སྲོལ་གོམས་གཤིས་བཅས་དང་ཟུང་འབྲེལ་གྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བ་དང་ངལ་གསོའི་རིག་གནས་ཐང་ཆེན་གསར་སྐྲུན་དང་། གྲོང་ཚོའི་འགྲོ་ལམ་མཁྲེགས་འགྱུར། ཉི་གློག་སྒྲིག་སྦྱོར། སྡོད་ཁང་གི་རྒྱབ་མདུན་དུ་ལྗང་གསོ་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་བརྒྱུད། མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ཟམ་མི་ཆད་པར་ལེགས་སུ་ཕྱིན་པ་དང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཤུགས་ཆེན་ཕྱིན་ཡོད་པ་རེད།

ཁོར་ཡུག་ལེགས་སུ་ཕྱིན་པ་དང་གྲོང་ཚོ་མཛེས་སུ་ཕྱིན་ཡོད། གནད་སྨིན་དབུལ་སྐྱོར་སྲིད་ཇུས་ཀྱི་གོ་སྐབས་ལ་བརྟེན་ནས་དཔའ་ཡུལ་གྲོང་ཚོས“ཞིང་པའི་སྤྲོ་སྐྱིད་ཁང”དང“བོད་ཁྱིམ་སྤྲོ་སྐྱིད་ཁང” གྲོང་གསེབ་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ། ལྟ་སྐོར་བྱ་ཡུལ་དང་ངལ་གསོ་རྒྱག་ཡུལ་སོགས་གཞི་རྟེན་དུ་བྱས་པའི་ཡུལ་སྐོར་ཐོན་ལས་བཏོད་ཡོད།

རྣམ་གྲངས་དེས་ས་གནས་དེ་གའི་ཡུལ་སྐོར་ཐོན་ཁུངས་དང་སྣོད་བཅུད་ལེགས་ཆར་བརྟེན་ཞིང་དབུལ་སྐྱོར་རྣམ་གྲངས་ཀྱི་མ་དངུལ་བེད་སྤྱོད་གང་ལེགས་བཏང་ནས། གྲོང་ཚོའི་མཉམ་སྡེབ་ས་ཆ་མ་རྐང་དུ་བརྩིས་ནས་མ་རྐང་ལ་ཞུགས་ཏེ་དཔའ་ཡུལ་གྲོང་ཚོར་གླིང་ཁུལ་གྱི་ཤིང་ཁང་25དང་། ཡུལ་སྐོར་ཚོང་ཟོག་ཉམས་ལེན་ཁང་།  བྱིས་པའི་རོལ་རྩེད་ཁང་བཅས་གཞི་གཅིག་ཅན་གྱི་གླིང་ཁུལ་སྐྲུན་ཡོད་པ། གྲོང་ཚོ་ཡོངས་ཀྱི་མང་ཚོགས་ལ་ཐོན་ཁུངས་མ་རྐང་ལ་ཞུགས་པའི་བསྡུར་ཚད་གཞིར་བཟུང་ཁེ་སྤོགས་བགོ་བཤའ་རག་ནས“ཐོན་ཁུངས་མ་རྩར་སྒྱུར་བ་དང་། མ་དངུལ་རྐང་དངུལ་དུ་སྒྱུར་བ། ཞིང་པ་རྐང་བདག་ཏུ་སྒྱུར་བ”བཅས་དངོས་འབྲེལ་བྱུང་ནས་གྲོང་ཚོ་ཡོངས་ཀྱི་མི་སེར་ལ“འགྱུར་ལྡོག་གསུམ”ལས་བྱུང་བའི་ཁེ་བཟང་རག་ཡོད།

མིག་སྔའི་བར།ཁྱད་ལྡན་ཡུལ་སྐོར་ཐོན་ལས་ལ་ཕན་འབྲས་ཐོན་ནས་དཔའ་ཡུལ་གྲོང་ཚོར“ཞིང་པའི་སྤྲོ་སྐྱིད་ཁང”དང“བོད་ཁྱིམ་སྤྲོ་སྐྱིད་ཁང”13ཡོད་པས་དུད་ཚང་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི9ཟིན་ཡོད། གྲོང་ཚོར་བསྐྲུན་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་5ཡོད་པ་དེ་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི20ཟིན་གྱི་ཡོད། རོགས་སྐྱོར་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་དེ་སྔའི་དུད་ཚང་དབུལ་པོ་མང་པོ་ཞིག་གནད་སྨིན་དབུལ་སྐྱོར་གྱི་སྲིད་ཇུས་དོན་འཁྱོལ་ནུས་ལྡན་བྱས་པ་ལས་དབུལ་ཞྭ་ཕུད་ཐུབ་པ་རེད། (མི་དམངས་དྲ་བ་ནས།)


  • ཀྲོའུ་ནང་ཁུལ་གྱི་མགོ་གཙོ་

2025/2026ཧྥུ་ཏན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འགྲན་བདེ་ཆེན་འགྲན་ཁུལ་གྱི་འགྲན་བསྡུར་ཛ་དྲག་ཆེ་ཞིང་བཙུགས་སྤོར་འབེན་འཕེན་བྱས་པ་བརྒྱུད་ཆུས་ཅིང་ལས་ཕམ།

2025/2026ཧྥུ་ཏན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འགྲན་བདེ་ཆེན་འགྲན་ཁུལ་གྱི་འགྲན་བསྡུར་འགོ་ཚུགས་པ།

སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས་143འཚོགས་པ།

“ ལོ་ལྔ་ཚན་བཅོ་ལྔ་པའི་ ” དུས་རིམ་དུ་བདེ་ཆེན་གྱིས་ རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་ཕུལ་དུ་བྱུང་བའི་གྲུབ་འབྲས་བཏོད་པ།

ཡུན་ནན་ སྤྲེའུ་ཁྲ་ཡིས་ཆུ་སྐྱེས་སྔོ་རྩྭ་ཟ་བའི་བརྙན་པར་ཐེངས་དང་པོ་ལྟ་ཞིབ་ཚད་ལེན་བྱས།

བདེ་ཆེན་ཁུལ་གྱིས་“སྤུས་ཚད་མཐོ་བའི་ངང་‘ལོ་ལྔ་ཚན་བཅུ་བཞི་པའི་’འཆར་འགོད་”ཀྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་རབ་དང་རིམ་པའི་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་ཆེད་དོན་སྤེལ།

ཀྲང་ཝེ་ཏུང་གིས་ཡུན་ནན་ཚད་མཐོའི་རྐང་རྩེད་སྤོ་ལོའི་མཉམ་འགྲན་ལ་གྲ་སྒྲིག་བྱེད་མཁན་བདེ་ཆེན་རུ་ཁག་དང་ཆུས་ཅིང་རུ་ཁག་ལ་འཚམས་འདྲི་གནང་བ།

ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་དེ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ལས་དོན་ལ་རྟོག་ཞིབ་དང་སློབ་སྦྱོང་བྱས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53342102000007

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com