༄༅།།ཁ་ཆེ་གུར་གུམ་གྱིས་གངས་ལྗོངས་མཐོ་སྒང་གི་རྫོང་དབུལ་ཕོངས་དག་དབུལ་ཕོངས་ལས་སྒྲོལ་བ།
ཟླ་12ཚེས་18ཉིན། ཀྲུང་གོའི་གསར་འགྱུར་ཁང་གི་གསར་འགོད་པས་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ནས་ཤེས་རྟོགས་བྱུང་གསལ་དུ། མི་རིང་བའི་གོང་ལ། རྫོང་འདིའི་རོང་ས་དམར་པོའི་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་དུ་ཁ་ཆེ་གུར་གུམ་རྐང་ཁྲི་46བཏབ་པ་ལམ་ལྷོང་བྱུང་བ་རེད།

རྒྱལ་རྩེ་རྫོང་ནི་བོད་ལྗོངས་ལྷོ་རྒྱུད་དུ་གནས་ཤིང་། དེ་ནི་བོད་ལྗོངས་གཞིས་རྩེའི་ཞིང་ལས་རྫོང་ཆེན་ཞིག་ཡིན་པ་དང་། མཐའ་མཚམས་ཀྱི་གྲོ་མོ་རྫོང་ནས་ལྷ་ས་བར་གྱི་མཐུད་མཚམས་ཡིན་ལ། ལོ་ངོ་བརྒྱའི་གོང་ལ་དབྱིན་འགོག་དམག་འཁྲུག་རྒྱག་སའང་ཡིན་པ་རེད། རོང་ས་དམར་པོའི་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་ནི་ཧྲང་ཧའེ་གྲོང་ཁྱེར་གྱིས་རྒྱལ་རྩེ་རྫོང་ལ་རོགས་སྐྱོར་བྱས་པའི་ཐོན་ལས་བྱ་གཞག་གཙོ་བོའི་ཡ་གྱལ་ཞིག་ཀྱང་ཡིན་པ་རེད། ར་བའི་ནང་གི་ཁ་ཆེ་གུར་གུམ་གསོ་སྤེལ་བྱེད་སའི་རྟེན་གཞི་ནི་ཧྲང་ཧའེ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཁག་བརྒྱད་པས་རྒྱལ་རྩེ་རྫོང་གི་གྲོང་ཚོ་90ལ་ལྟ་ཞིབ་ཞིབ་འཇུག་བྱས་པའི་རྗེས་སུ། གཏན་འཁེལ་བྱས་པའི་དབུལ་སྐྱོར་བྱ་གཞག་ཅིག་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ལྟ་རྒྱལ་རྩེ་རྫོང་གི་ཁ་ཆེ་གུར་གུམ་ཐོན་ལས་ཀྱིས་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་10ལྷག་ལས་ཀར་ཞུགས་པར་བསྡུས་ཡོད་ཅིང་། གཞན་ཡང་། མང་ཚོགས་100ལྷག་ཙམ་ལ་དུས་རིམ་རང་བཞིན་གྱི་ལས་ཀ་སྤྲོད་པའི་སྣེ་ཁྲིད་བྱས་པ་རེད།

ཁ་ཆེ་གུར་གུམ་ནི་རྒྱང་རྩེ་རྫོང་གི"ལོ་ལྔ་ཚན་བཅུ་གསུམ་པའི"འཆར་གཞིའི་ནང་གི་དབུལ་སྐྱོར་ཐོན་ལས་གཙོ་བོ་དེ་ཡིན་པ་དང་། ལོ་3གྱི་རིང་རིགས་འདྲ་མིན་གྱི་མ་དངུལ་གྱིས་འདེབས་འཛུགས་རྒྱ་ཁྱོན་མུའུ་300ལྷག་ཙམ་ཆེ་རུ་བཏང་བ་དང་། རྒྱལ་ཡོངས་ཀྱི་འདེབས་འཛུགས་རྟེན་གཞི་ཆེ་ཤོས་སུ་གྱུར་ཡོད་པ་རེད། 2020ལོར་དཔེ་སྟོན་ས་ཁུལ་འདིར་གསོ་སྤེལ་བྱས་པའི་ཁ་ཆེ་གུར་གུམ་འདེབས་འཛུགས་དང་འགྲེམས་ཚོང་། ཁ་ཆེ་གུར་གུམ་གྱི་སྨན་གསར་སྤེལ། དེ་བཞིན་ཁ་ཆེ་གུར་གུམ་གྱི་སྦྲང་རྩི། འདག་རྫས། སྣུམ། མེ་ཏོག་བག་ལེབ་སོགས་ཀྱི་ཟས་རིགས། རྒྱུན་མཁོའི་ཐོན་རྫས་བཅས་ཐོན་ལས་ཀྱི་སྦྲེལ་ཐག་ཏུ་གྱུར་ཅིང་། མཉམ་ལས་རྩ་འཛུགས་དང་ཐོན་ལས་ཅན་གཉེར་སྐྱོང་གི་རྣམ་པ་བརྒྱུད་ནས། ཞིང་འབྲོག་དབུལ་ཕོངས་མི་དམངས་དབུལ་སྒྲོལ་བྱེད་ཚད་20%བརྒལ་ཏེ། དུད་ཚང་2500ཟིན་པ་དང་། ལོ་རེར་བྲིན་འཚོང་གི་ཐོན་རྫས་རིན་ཐང་མི་དམངས་ཤོག་སྒོར་དུང་ཕྱུར་10ཟིན་པ་བྱ་རྒྱུ་ཡིན་པ་རེད།

བོད་རང་སྐྱོང་ལྗོངས་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཉི་སྒྲོན་ལགས་ཀྱིས། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་སྐབས། བོད་ལྗོངས་སུ་ཁ་ཆེ་གུར་གུམ་འདེབས་འཛུགས་ཚོད་ལྟ་བྱས་མྱོང་བ་མ་ཟད། ད་དུང་གསོ་སྤེལ་གྱི་ལག་རྩལ་ཡང་ཤེས་ཡོད་པ་རེད། དེའང་དཔལ་འབྱོར་འཕེལ་རྒྱས་འགྲོ་བ་དང་ཚན་རིག་ལག་རྩལ་ཇེ་དར་དུ་ཕྱིན་ཞིང་། དེའི་ཁར་ཁྲོམ་རའི་དགོས་མཁོ་མུ་མཐུད་ནས་ཆེ་རུ་ཕྱིན་པ་དང་བསྟུན་ནས། བོད་ལྗོངས་ལྷ་ས་གྲོང་ཁྱེར་དང་། ལྷོ་ཁ་གྲོང་ཁྱེར། གཞིས་རྩེ་གྲོང་ཁྱེར་བཅས་ཀྱིས་ཁ་ཆེ་གུར་གུམ་གསོ་སྤེལ་ཁྱབ་སྤེལ་བཏང་ཡོད་ཚུལ་ངོ་སྤྲོད་བྱས་པ་རེད།
- བདེ་ཆེན་གསར་འགྱུར།
ལུའོ་ཁྲའོ་ཧྥེང་དང་ལི་ཡན་ལན་གྱིས་སྨན་པའི་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་སུ་འཐབ་ས་དང་པོའི་སྨན་དོན་ལས་དོན་པར་འཚམས་འདྲི་གནང་ནས་ཁུལ་ཡོངས་ཀྱི་སྨན་དོན་ལས་དོན་པར་དུས་ཆེན་གྱི་འཚམས་འདྲི་ཞུས་པ།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། དགུང་ཨ་སྔོན་འོག་ན་ནགས་རི་བརྗིད།
སྒུལ་འཁོར་གྱིས“ཐག་རིང”ཇེ་ཐུང་དུ་བཏང་ནས་གྲོང་གསེབ་ཀྱི་དམངས་སྲོལ་གནས་ཚང་སྐུལ་ཁྲིད་བྱས། ——སེམས་ཀྱི་ཉི་ཟླ་ཨ་ཅག་བདག་རྩྭ་ཐང་དམངས་སྲོལ་གནས་ཚང་གི་ཕྱུག་འགྱུར་ཐབས་ལམ་དང་རང་བྱུང་འཚོ་གནས་ཀྱི་གཏམ་རྒྱུད།
རང་ཁུལ་གྱིས་2026ལོར་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལ་སྐུལ་འདེད་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་ལས་དོན་གྱི་ཚོགས་འདུ་འཚོགས།
རང་ཁུལ་གྱིས་ཆེད་དོན་གྲོས་ཚོགས་འཚོགས་ནས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བའི་ལས་ཀར་ཞིབ་འཇུག་དང་བཀོད་སྒྲིག་བྱས་སྐབས། གསོག་ཚད་བརྟན་པོ་དང་འཕར་ཚད་རྒྱ་ཆེར། སྤུས་ཚད་མཐོར་གཏོང་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་ཁུལ་ཡོངས་ཀྱི་ཞབས་ཞུ་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་བྱས།
ཁུལ་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་པའི་སྙན་ཞུ་བསམ་འཆར་བསྡུ་ལེན་བཞུགས་མོལ་ཚོགས་འདུ་འཚོགས་པ།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། མེ་ཏོག་བསུང་ངད་ཕྱོགས་བཞིར་ཁྱབ།
ཡུན་ནན་ཞིང་ཆེན་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བདུན་པ་བདེ་བླག་ངང་མཇུག་འགྲིལ་བ། བདེ་ཆེན་ཁུལ་ལ་གསེར་གྱི་རྟགས་མ་4དང་དངུལ་གྱི་རྟགས་མ་3ཐོབ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108