中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ལུའོ་ཁྲའོ་ཧྥེང་གིས་དཀའ་ངལ་ཡོད་པའི་ལས་བཟོ་བ་དང་ལས་ཡུལ་དང་པོའི་ཐོན་ལས་བཟོ་པར་འཚམས་འདྲི་བྱས།

རྩོམ་པ་པོ་:何帝龙 ཁྱབ་བསྒྲགས་དུས་ཚོད་:2025-12-30 15:56:36

ཟླ་12ཚེས་29ཉིན་གྱི་ཕྱི་དྲོར། ཁུལ་ཨུ་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་དཀའ་ངལ་ཡོད་པའི་ལས་བཟོ་བ་དང་ལས་ཡུལ་དང་པོའི་ཐོན་ལས་བཟོ་པ་ལ་འཚམས་འདྲི་གནང་བ་མ་ཟད། ཁོང་ཚོར་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་དང་ཐུགས་ཁུར་གནང་།

དཀའ་ངལ་ཡོད་པའི་ལས་བཟོ་བ་ལྕམ་མོ་ཚའེ་ཡི་ཁྱིམ་དུ་ལུའོ་ཁྲའོ་ཧྥེང་དང་ཁོང་གཉིས་ཁ་བརྡ་ཡུན་རིང་བྱས་ཏེ། བྱམས་བརྩེའི་སྤེལ་རེས་ཀྱིས་ཁྱིམ་ཚང་གི་ཡོང་འབབ་དང་འཚོ་བའི་འགྲོ་སོང་། བུ་ཕྲུག་སློབ་གསོ་སོགས་ཀྱི་གནས་ཚུལ་ལ་འདྲི་རྩད་ཞིབ་ཚགས་བྱས། ལུའོ་ཁྲའོ་ཧྥེང་གིས་ཁོང་གིས་ཨ་མའི་འགན་འཁྲི་བརྟན་སྲུང་དང་ཕྲུ་གུ་གཟབ་ནན་ངང་གསོ་སྐྱོང་བྱེད་པར་ཁས་ལེན་བྱས་པ་མ་ཟད། ཁོང་ལ་ཡིད་ཆེས་བརྟན་པོ་དང་སྤྲོ་སྣང་རྒྱུན་འཁྱོངས་བྱས་ནས། མིག་སྔའི་དཀའ་ངལ་ཁྱད་བསད་བྱེད་དགོས་པའི་སྐུལ་ལྕག་གནང་། དུས་མཚམས་སུ་འབྲེལ་ཡོད་སྡེ་ཚན་ལ་རང་འགུལ་ངང་འབྲེལ་མཐུད་དང་གནད་འཕིགས་ཇུས་འདོན་བྱས་ནས། འབྲེལ་ཡོད་དཀའ་ངལ་སེལ་བའི་སྲིད་ཇུས་རེ་ཞུ་བྱས་པར་རོགས་རམ་བྱེད་དགོས། ཁོང་གི་འཚོ་བའི་དཀའ་གནད་ཐག་གཅོད་ཏན་ཏིག་བྱས་ནས། དཀའ་ངལ་ཡོད་པའི་ལས་བཟོ་བ་རྣམས་ཏང་དང་སྲིད་གཞུང་ཀྱི་དྲོ་སྐྱིད་དང་ཐུགས་ཁུར་ཚོར་དུ་འཇུག་དགོས་པའི་བཀའ་བརྡ་གནང་།

ཧྲེང་ཡུས་ཐེན་ཞང་འབྲུ་གཡག་ཐོན་ལས་གསར་སྤེལ་ཀུང་སི་རུ་ལུའོ་ཁྲའོ་ཧྥེང་གིས་ཐོན་རྫས་གསར་པ་གསར་སྤེལ་དང་ལག་རྩལ་གསར་པའི་བེད་སྤྱོད་གནས་ཚུལ་ལ་བརྟག་དཔྱད་ཞིབ་འཇུག་དང་རྒྱུས་ལོན་བྱས། ཁེ་ལས་ཀྱི་ཁྲོམ་རའི་ཕྱིར་འཚོང་དང་ཚོང་གཉེར་ཡོང་འབབ་གནས་ཚུལ་སོགས་ཀྱི་གཉེར་སྐྱོང་འཁོར་སྐྱོད་གནས་ཚུལ་ལ་འདྲི་རྩད་ཞིབ་ཚགས་བྱས་པ་མ་ཟད། ཁེ་ལས་ཀྱི་མིག་སྔར་འཕྲད་པའི་འཕེལ་རྒྱས་ཀྱི་དཀའ་གནད་ལ་ནན་ཏན་ངང་གསན་ནས། ཁེ་ལས་ཀྱི་དཀའ་ངལ་སེལ་མ་ཟད། ལས་ཡུལ་དང་པོའི་ལས་བཟོ་བ་67ལ་གཅིག་སྡུད་འཚམས་འདྲི་བྱས། ལུའོ་ཁྲའོ་ཧྥེང་གིས་འབྲུ་གཡག་ཐོན་ལས་ནི་བདེ་ཆེན་གྱི་ཁྱད་ཆོས་ལེགས་ཆ་ལྡན་པའི་ཐོན་ལས་ཡིན་ལ། ཁེ་ལས་ཀྱིས་རྒྱ་ཆེའི་ཞིང་དུད་དང་འབྲེལ་མཐུད་བྱས་པས། ཞིང་ལས་དང་དམིགས་བསལ་གྱི་ཐོན་རྫས་ཕྱིར་འཚོང་བྱས་པར་སྐུལ་འདེད་གཏོང་བ་དང་། ཞིང་པའི་ཡོང་འབབ་འཕར་བའི་སྐུལ་ཁྲིད་ནུས་པ་གལ་ཆེན་ལྡན་ཞེས་སྟོན། ཁོང་གིས་ཉེ་བའི་ལོ་ཤས་རིང་། བདེ་ཆེན་དུ་ཡུལ་སྐོར་བ་རྒྱུན་མཐུད་ངང་ཇེ་མང་ཕྱིན་ཡོད་ལ། ཐོན་ལས་འཕེལ་རྒྱས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་བྱས་ཤུགས་ཆེ་རུ་གཏོང་ནས། རང་འགུལ་ངང་ཁེ་ལས་ཁྲོམ་ར་འགྱུར་ལྡོག་དང་འཚམས་པར་རེ་བ་ཞུས། ཐོན་རྫས་ཚད་གཞི་དང་ཕྱིར་འཚོང་བྱེད་སྟངས་ལེགས་སུ་གཏོང་བ། ཁྲོམ་ར་བར་སྟོང་སྔར་ལས་རྒྱ་སྐྱེད་བཏང་ནས། བདེ་ཆེན་གྱི་བྲོ་བ་ཞེས་པར་ཁྲོམ་ར་ཕྱོགས་སུ་བསྐྱོད་པར་བྱེད་དགོས་པའི་ནན་བཤད་གནང་།

འཚམས་འདྲི་བྱེད་རིང་། ལུའོ་ཁྲའོ་ཧྥེང་གིས་དཀའ་ངལ་ཡོད་པའི་ལས་བཟོ་བ་ལ་འཚམས་འདྲི་མ་དངུལ་དང་ལས་ཡུལ་དང་པོའི་ལས་བཟོ་བ་ལ་འཚམས་འདྲི་དངོས་རྫས་སྤྲད། ཁོང་གིས་ཁེ་ལས་ཀྱི་ཐོག་མཐའ་བར་གསུམ་དུ་ལས་བཟོ་བའི་དྲོ་གྲང་སེམས་ལ་བཞག་ནས། ནུས་ཤུགས་ཡོད་རྒུས་ལས་ཀའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་ལས་བཟོ་བའི་ཁེ་དབང་འགན་སྲུང་བྱས་ནས། ལས་བཟོ་བས་སེམས་བདེ་མོ་ངང་ལས་ཀ་ལས་ཐུབ་པ་དང་འཚོ་བ་སྐྱིད་པོ་ཡོང་ཐུབ་པ་བྱེད་དགོས་ཞེས་བསླབ་བྱ་གནང་། ཁོང་གིས་རྒྱ་ཆེའི་ལས་ཡུལ་དང་པོའི་ལས་བཟོ་བ་རྣམས་ལས་གནས་སུ་གཞི་ཚུགས་ནས། དཀའ་སྤྱད་འབད་བརྩོན་བྱས་ཏེ། བདེ་ཆེན་གྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་ལས་སྟོབས་ཤུགས་ཆེ་རུ་གཏོང་བར་ལེགས་སྐྱེས་སུ་འབུལ་རྒྱུ་རེ་བ་བཏོན། ཁྲེན་ཆུན་དང་སུང་ཡུང་ལི་འཚམས་འདྲི་ནང་ཞུགས།

 


责任编辑:仁欠才让 扎史次里

  • བདེ་ཆེན་གསར་འགྱུར།

དྲི་བར་ལྔར་ལན་བསྐྱོན་ནས་འབབ་འཕར་ལ་སྐུལ་འདེད་གཏོང་བ།ཉི་ཤར་ཤང་གིས་ཞིང་ལས་དང་། རིག་གནས་ཡུལ་སྐོར་མཉམ་འདྲེས་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་པ་བཏོད་པ།

ཁུལ་སྲིད་གཞུང་གིས་རྒྱུན་ལས་ཚོགས་འདུ་ཐེངས་84པ་འཚོགས་པ།

ཞོགས་པ་བདེ་ལེགས།འཛམ་གླིང་གི་སེམས་ཀྱི་ཉི་ཟླ། རྣང་ཞིང་གི་མཛེས་སྡུག

ཀྲང་ཝེ་ཏུང་གིས་རུ་སྣེ་ཁྲིད་དེ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ།

ཁུལ་མི་དམངས་སྲིད་གཞུང་སྐབས་བཅུ་བཞི་བའི་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་77པ་བསྡུས་པ།

ལུའོ་ཁྲའོ་ཧྥེང་གིས་“བློ་སྦྱོང”ལས་གྲྭར་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས་འགན་འཁྲི་དང་ལས་འགན་ལ་དམིགས་ནས་རྩ་བ་བརྟན་སྲུང་དང་གསར་གཏོད་མཐའ་འཁྱོངས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་གནང་བ།

ཁུལ་ཨུས་ཆེད་དོན་ཚོགས་འདུ་འཚོགས་ནས་ཁུལ་ཡོངས་ཀྱི་གྲོང་གསེབ་ཐུན་མོང་གི་“མ་དངུལ་དང་རྒྱུ་ནོར།ཐོན་ཁུངས”ཀྱི་ཆེད་དོན་ལས་དོན་ལ་ཞིབ་འཇུག་བྱས།

ཁུལ་ཡོངས་ཀྱི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་གཅིག་སྡུད་བཅོས་སྐྱོང་བྱེད་པའི་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་འཚོགས་པ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com