中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཁུལ་ཨུའི་ཆེད་དོན་ཚོགས་འདུའི་ཐོག་སྐྱེ་ཁམས་རྨང་གཞིར་བྱས་ཏེ་ནགས་ཕག་མཚོ་ཡུལ་སྐོར་ཁུལ་བཏོད་དེ་ས་ཁོངས་ཧྲིལ་པོའི་རིག་གནས་ཡུལ་སྐོར་གྱི་སྤུས་ཚད་མཐོ་རུ་དང་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་།

རྩོམ་པ་པོ་:和泰君 ཁྱབ་བསྒྲགས་དུས་ཚོད་:2025-12-30 15:58:17

   ཟླ་12ཚེས་29ཉིན་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཆེད་དོན་ཚོགས་འདུ་འཚོགས་ནས་རིག་གནས་ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ལས་དོན་ཞིབ་འཇུག་བྱས།ཁོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་ལག་བསྟར་གཏིང་ཟབ་བྱེད་དགོས་ལ།སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས།སྤུས་ཚད་མཐོ་བའི་སྒོ་ནས་ནགས་ཕག་མཚོ་རྒྱལ་ཁབ་ཀྱི་3Aརིམ་པའི་མཛེས་ལྗོངས་ཁུལ་གྱི་སྤྱིའི་འཆར་འགོད་དང་།ནགས་ཕག་མཚོའི་སྐྱེ་ཁམས་ཡུལ་སྐོར་ཁུལ་འཛུགས་སྐྲུན།སེམས་ཀྱི་ཉི་ཟླའི་ཁོངས་ཡོངས་ཀྱི་ཡུལ་སྐོར་རིག་གནས་རྣམ་གྲངས་འཛུགས་སྐྲུན་ཡག་པོ་བྱས་སྟེ།སྐྱེ་ཁམས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲསསྤྱི་ཚོགས་ཀྱི་ཕན་འབྲས་བཅས་གཅིག་གྱུར་ཡོང་དགོས་པ་ནན་བཤད་བྱས

   ཚོགས་འདུའི་ཐོག་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནགས་ཕག་མཚོ་མཛེས་ལྗོངས་ཁུལ་གྱི་སྤྱིའི་འཆར་འགོད་ཇུས་གཞི་དང་།ས་ཁོངས་ཡོངས་ཀྱི་ལྟ་སྐོར་རིག་གནས་རྣམ་གྲངས་ཀྱི་དུས་ཐེངས་དང་པོའི་གཉེར་སྐྱོང་ཇུས་གཞི།ཐཱན་མེད་སྤྱི་གླིང་འཛུགས་བསྐྲུན་བཅས་ཀྱི་འཆར་འགོད་ཇུས་གཞིའི་སྙན་ཞུ་ཉན་པ་རེད།

   ཀྲང་ཝེ་ཏུང་དང་ཕེང་ཧྲན།ཞུས་སི་སི།ལི་ཡན་ལན།མིའོ་ཡིའུ་ཧྥ་བཅས་ཚོགས་འདུར་ཞུགས་པ་རེད།

   ཚོགས་འདུའི་ཐོག་“རི་སྔོ་ཆུ་དྭངས་ནི་གསེར་དངུལ་རི་ཡིན་ཞེས་པའི་འདུ་ཤེས་ལྟ་བ་བསམ་གཞི་ལག་ལེན་གཏིང་ཟབ་བྱས་ཏེནགས་ཕག་མཚོ་སྐྱེ་ཁམས་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་བཏང་དགོས་ལ།ཚད་གཞི་མཐོ་བའི་ནགས་ཕག་མཚོ་3Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་སྒྲིག་འཛུགས་ཀྱི་སྤྱིའི་འཆར་འགོད་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།འཆར་འགོད་ཀྱིས་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ“འཚེམ་དྲུབ་ཀྱི་རྩལ་ནུས་”འདོན་དགོས་ལ།འཆར་འགོད་གནད་འཁེལ་མེད་པའི་གནད་དོན་མཐའ་གཅིག་ཏུ་གཏན་འགོག་བྱས་ཏེ།འཆར་འགོད་ཀྱི་ཚན་རིག་རང་བཞིན་དང་མ་ལག་རང་བཞིན་འགན་ལེན་བྱས་ཏེ།འཆར་འགོད་ཀྱི་འགྱུར་མེད་རང་བཞིན་ཀྱིས་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་རྨང་གཞི་བརྟན་པོ་འཇོག་དགོས།སྐྱེ་ཁམས་ཀྱི་མཐའ་ཐིགབརྟན་སྲུང་བྱས་ཏེ“སྔོན་ལ་སྲུང་སྐྱོང་བྱེད་ནས་དེ་ནས་བསྒྱུར་བཀོད་བྱེད་དང་།སྲུང་སྐྱོབ་བྱེད་ཞོར་བསྒྱུར་བཀོད་བྱེད་པའི་”རྩ་དོན་གཏན་འཁེལ་བྱས་ནས།ཡུལ་སྐོར་གསར་སྤེལ་དང་སྐྱེ་ཁམས་ཐེག་ནུས་ཕན་ཚུན་མཐུན་སྦྱོར་ཡོང་བར་འགན་ལེན་བྱས་ཏེ།སྐྱེ་ཁམས་ཀྱི་རིན་ཐང་དེ་དཔལ་འབྱོར་རིན་ཐང་དུ་ཕན་ནུས་ཆེ་བའི་སྒོ་ནས་བསྒྱུར་རྒྱུར་སྐུལ་འདེད་གཏོང་དགོས།ནགས་ཕག་མཚོ་མཛེས་ལྗོངས་ཁུལ་གྱི་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ།བཅོས་སྐྱོང་བྱེད་ཐབས་དང་དོ་དམ་བྱེད་ཐབས་མཉམ་དུ་མཐོང་ཆེན་བྱེད་ནས།རྒྱུན་མཐུད་གྱིས་ནགས་ཕག་མཚོའི་ཆུའི་སྤུས་ཚད་མཐོ་རུ་གཏོང་བའི་འགག་སྒྲོལ་ལས་ཀ་ཡག་པོ་བྱེད་དགོས།

   ཚོགས་འདུའི་ཐོག་ས་ཁོངས་ཡོངས་སུ་ལྟ་སྐོར་རིག་གནས་ཀྱི་རྣམ་གྲངས་ནི་འཛུགས་སྐྲུན་བྱེད་པ་ནི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་འདེགས་སྤུས་ཚད་དང་རིམ་སྤར་ལ་སྐུལ་འདེད་གཏོང་བའི་ལག་་གལ་ཆེན་ཞིག་ཡིན།ལྗང་མདོག་གི་གོང་འཕེལ་འདུ་ཤེས་ལྟ་བ་བསམ་གཞི་དེ་རྣམ་གྲངས་ཀྱི་ཇུས་བཀོད་དང་འཛུགས་སྐྲུན།གཉེར་སྐྱོང་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་བྱས་ཏེ།ཐོག་མཐའ་བར་གསུམ་དུ“སྲུང་སྐྱོང་སྔོན་འགྲོ་དང་འཆར་འགོད་སྔོན་འགྲོ།ལུགས་མཐུན་གསར་སྤེལ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ།བདེ་ཆེནགྱི་སྐྱེ་ཁམས་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་ཁྱད་ཆོས་དེ་འཕེལ་རྒྱས་ཀྱི་སྒུལ་ནུས་སུ་བསྒྱུར་དགོས་ལ།རྣམ་གྲངས་ཇུས་བཀོད་ལག་བསྟར་གྱི་བརྒྱུད་རིམ་ཁྲོད་མཐའ་འཁོར་གྱི་མི་རིགས་ཁག་གི་མང་ཚོགས་ཀྱི་གོམས་སྲོལ་ལ་བརྩི་འཇོག་བྱེད་པ་དང་།ད་ཡོད་ཁྲོམ་ར་གཙོ་གཟུགས་ཀྱི་ཁེ་ཕན་ལ་བསམ་གཞིག་གང་ལེགས་བྱེད་དེ།འཛུགས་སྐྲུན་གྱི་ཉམས་འགྱུར་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་དགོས་ན།འཛུགས་སྐྲུན་གྱི་ཉམས་འགྱུར་དང་ལས་རྣམ་བཀོད་སྒྲིག་དེ་ངེས་པར་དུ་ས་གནས་དེ་གའི་འཛུགས་སྐྲུན་གྱི་ཁྱད་ཆོས་དང་མི་རིགས་ཀྱི་རིག་གནས་དང་མཐུན་དགོས་ལ།“ཁྱད་ཆོས་ཅན་དང་།ཁྱད་པར་ཅན་གྱི་”འཕེལ་རྒྱས་ཀྱི་མཐའ་ཐིགབརྟན་པོ་སྲུང་དགོས་ཞེས་ནན་གྱིས་བསྟན།

   ཚོགས་འདུའི་ཐོག་རང་འགུལ་ངང་བྱ་སྤྱོད་སྤེལ་ནས་བྱ་བ་འགྲུབ་པའི་ཐབས་ཤེས་མང་ཙམ་བསམ་བློ་གཏོང་བ།སྒྲུབ་མི་ཐུབ་པའི་རྒྱུ་མཚན་ཉུང་ཙམ་འཚོལ་བ།སྡེ་ཚན་གྱི་མཐུན་སྦྱོར་དང་སྲིད་གཞུང་དང་ཁེ་ལས་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་སྟེརྣམ་གྲངས་ལ་སྐུལ་འདེད་གཏོང་བར་འཁོར་ཡུན་ཡོངས་ཀྱི་ཞབས་ཞུའི་འགན་ལེན་མཁོ་འདོན་བྱས་ཏེ།“འཛེར་གཟེར་”གྱི་སྙིང་སྟོབས་ལ་བརྟེན་ནས་ས་ཁོངས་ཡོངས་ཀྱི་ལྟ་སྐོར་རིག་གནས་དེ“འཆར་འགོད”ནས“ཡུལ་ལྗོངས་དངོས་”སུ་འགྱུར་བར་སྐུལ་འདེད་གཏོང་དགོས།བསམ་འཆར་དང་གྲོས་འཆར་བསྡུ་ལེན་གང་ལེགས་བྱས་ཏེ།འཆར་འགོད་ཇུས་གཞིར་སྔར་བས་བཟོ་བཅོས་འཐུས་ཚང་དུ་བཏང་སྟེ།འཆར་འགོད་དེ་བདེ་ཆེནགྱི་དོན་དངོས་དངོས་ཡོད་དང་སྔར་བས་མཐུན་པ་དང་ལག་བསྟར་རང་བཞིན་ལྡན་པར་བྱེད་དགོས།མ་དངུལ་བསྡུ་རྒྱུག་གིལམ་ཁ་སྔར་བས་རྒྱ་སྐྱེད་བཏང་ནས་རྣམ་གྲངས་བདེ་བླག་ངང་ལག་བསྟར་ཡོང་བར་འགན་ལེན་བྱ་དགོས་པའི་བླང་བྱ་བཏོན།

   ཁུལ་ཨུ་ལྷན་གྱི་རྒྱུན་ལས་ཨུ་ཡོན་དང་ཁུལ་རིམ་པའིཚན་ཁག་བཞིའི་འབྲེལ་ཡོད་འགོ་ཁྲིད།ཁུལ་དང་གྲོང་ཁྱེར་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་འདུའི་ནང་ཞུགས་པ་རེད།


责任编辑:仁欠才让扎史次里

  • བདེ་ཆེན་གསར་འགྱུར།

དྲི་བར་ལྔར་ལན་བསྐྱོན་ནས་འབབ་འཕར་ལ་སྐུལ་འདེད་གཏོང་བ།ཉི་ཤར་ཤང་གིས་ཞིང་ལས་དང་། རིག་གནས་ཡུལ་སྐོར་མཉམ་འདྲེས་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་པ་བཏོད་པ།

ཁུལ་སྲིད་གཞུང་གིས་རྒྱུན་ལས་ཚོགས་འདུ་ཐེངས་84པ་འཚོགས་པ།

ཞོགས་པ་བདེ་ལེགས།འཛམ་གླིང་གི་སེམས་ཀྱི་ཉི་ཟླ། རྣང་ཞིང་གི་མཛེས་སྡུག

ཀྲང་ཝེ་ཏུང་གིས་རུ་སྣེ་ཁྲིད་དེ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ།

ཁུལ་མི་དམངས་སྲིད་གཞུང་སྐབས་བཅུ་བཞི་བའི་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་77པ་བསྡུས་པ།

ལུའོ་ཁྲའོ་ཧྥེང་གིས་“བློ་སྦྱོང”ལས་གྲྭར་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས་འགན་འཁྲི་དང་ལས་འགན་ལ་དམིགས་ནས་རྩ་བ་བརྟན་སྲུང་དང་གསར་གཏོད་མཐའ་འཁྱོངས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་གནང་བ།

ཁུལ་ཨུས་ཆེད་དོན་ཚོགས་འདུ་འཚོགས་ནས་ཁུལ་ཡོངས་ཀྱི་གྲོང་གསེབ་ཐུན་མོང་གི་“མ་དངུལ་དང་རྒྱུ་ནོར།ཐོན་ཁུངས”ཀྱི་ཆེད་དོན་ལས་དོན་ལ་ཞིབ་འཇུག་བྱས།

ཁུལ་ཡོངས་ཀྱི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་གཅིག་སྡུད་བཅོས་སྐྱོང་བྱེད་པའི་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་འཚོགས་པ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com