ཞིམ་ཟས་གཡོས་སྦྱོར་ལ་མཁས་པའི་སེམས་ཉིད་སྒྲོལ་མ།
དེ་རིང་གུས་མོས་ཁྱེད་ཀྱི་སྙན་ལམ་དུ་ཕ་ཡུལ་སི་ཁྲོན་འཛམ་ཐང་རྫོང་ནས་ཡིན་ཞིང་། ཟས་རིགས་སྣ་ཚོགས་གཡོས་སྦྱོར་ལ་བྱང་ཆུབ་པའི་བོད་རིགས་བུ་མོ་སེམས་ཉིད་སྒྲོལ་མས་རོ་བརྒྱ་བཅུད་སྟོང་གི་ཟས་མཆོག་གཡོ་སྦྱོར་ལམ་བུའི་ཐོག་བསྐྱོད་པའི་གཏམ་རྒྱུད་ཅིག་ཞུ་རྒྱུ་ཡིན།

ཉེ་ལམ། བུ་མོ་སེམས་ཉིད་སྒྲོལ་མས་བོད་ཟས་བཟོ་བའི་བརྙན་ཐུང་ཁག་གཅིག་དྲ་ཐོག་ཏུ་སྤེལ་རྗེས་དྲ་གྲོགས་མང་པོའི་དགའ་བསུ་དང་བསྟོད་བསྔགས་ཐོབ་པ་དང་། དེར་ཁོང་གི་གཡོས་སྦྱོར་ལག་རྩལ་དེ་སྦྱོང་འདོད་བྱེད་མཁན་དྲ་གྲོགས་ཀྱང་མི་ཉུང་བ་ཞིག་བྱུང་འདུག
སེམས་ཉིད་སྒྲོལ་མ་ནི་ཕ་ཡུལ་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་འཛམ་ཐང་རྫོང་ནས་ཡིན་པ་དང་། ཁོང་ཆུང་དུས་ནས་ཟས་རིགས་འདྲ་མིན་སྣ་ཚོགས་བཟོ་རྒྱུར་དགའ་ཞེན་ཆེ་ཞིང་། རང་གིས་ཟས་རིགས་མི་འདྲ་བ་བཟོས་ཏེ། ཟས་རིགས་དེ་དག་གི་བྲོ་བ་མི་འདྲ་བར་མྱོང་རོལ་བྱེད་ཀྱིན། ཟས་མཆོག་དེ་དག་གི་བྲོ་བ་ཡང་ཉེ་འགྲམ་གྱི་གྲོགས་པོ་ཚོར་མྱོང་དུ་འཇུག་གི་ཡོད། མ་ཟད་ཁོང་ནི་རང་ཉིད་ཀྱི་ཚོད་ལྟ་དང་གསར་གཏོད་ལ་བརྟེན་ནས་ཟས་རིགས་ཀྱི་སྣེ་ཁ་གསར་པ་བཟོ་རྒྱུར་མཁས།

སློབ་གྲྭ་མཐར་ཕྱིན་རྗེས་སྔར་བཞིན་ཟས་རིགས་གཡོས་སྦྱོར་ཐད་སྤྲོ་བས་ཞུགས་པ་མ་ཟད། ཁྲེང་ཏུའི་ཟས་རིགས་གཡོས་སྦྱོར་སློབ་གླིང་ཞིག་ཏུ་སོང་ནས་ལོ་གཉིས་རིང་ནུབ་ཟས་དང་རྒྱ་ཟས་བཟོ་སྟངས་ཐད་སློབ་སྦྱོང་བྱས། དེའི་རིང་གཞུང་ལུགས་དང་ལག་ལེན་ཕྱོགས་གཉིས་ཀྱི་ཐད་ནས་སྦྱངས་པ་བྱས་པས་གཡོས་སྦྱོར་ལག་རྩལ་ཡར་རྒྱས་ཆེན་པོ་བྱུང་། སྤྱི་ལོ་2018ལོར་སློབ་གླིང་དེ་ནས་སློབ་མཐར་ཕྱིན་རྗེས། གྲོགས་པོ་ཞིག་དང་མཉམ་དུ་ཁྲེང་ཏུའུ་གྲོང་ཁྱེར་དུ་ནུབ་ཟས་གཡོས་སྦྱོར་ཁང་ཞིག་བཙུགས། ལས་ཀ་དེ་གཉེར་ཞོར་དུ་ཁོང་གིས་བོད་ཟས་གཡོས་སྦྱོར་བྱ་ཐབས་རང་སྦྱོང་བྱས་ཤིང་། ནུབ་ཟས་གཡོས་སྦྱོར་བྱ་ཐབས་དང་ལྷད་མ་འདྲེས་པའི་བོད་ཟས་རྒྱུ་ཆ་ཟུང་འབྲེལ་བྱས་ནས་ཟས་རིགས་སྣ་ཚོགས་ཞིབ་བཟོ་བྱས། ཁོང་གི་བོད་ཟས་ལ་ཁྱད་ཆོས་ཤིག་ཡོད་པ་ནི་རྒྱུད་འཛིན་ཐོག་གསར་གཏོད་ཀྱི་ཆ་ལྡན་པ་དེ་ཡིན། དེ་ལྟར་རོ་བཅུད་འཛོམས་ཤིང་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་ཟས་མཆོག་མང་པོ་ཞིག་བཟོ་ཤེས་པར་གྱུར་ཅིང་། ཟས་མཆོག་དེ་དག་ལའང་འཛད་སྤྱོད་པ་ཚོའི་དགའ་བསུ་ཆེན་པོ་ཐོབ་ཡོད།

དེ་བས་ཁོང་གིས་རང་གི་ལག་རྩལ་དེ་དག་མི་དེ་བས་མང་བར་མཉམ་སྤྱོད་བྱེད་པའི་བློ་ཞིག་བཅངས་ནས། ཟས་རིགས་འདྲ་མིན་སྣ་ཚོགས་བཟོ་ཐབས་བརྙན་ལ་ཕབ་ནས་དྲ་ཐོག་ཏུ་སྤེལ་རྐྱེན། དྲ་གྲོགས་མང་པོའི་སྦྱོང་འདོད་བློ་ལ་སྐུལ་མ་ཐེབས་ཤིང་། ཁོང་ལ་སློབ་སྦྱོང་དང་དགའ་མོས་བྱེད་མཁན་མང་པོ་བྱུང་། ད་ལྟ་ཁོང་དྲ་སྦྲེལ་བརྙན་ཐུང་བརྒྱུད་སློབ་ཡོན་སོགས་མི་དགོས་པར་བོད་ཟས་གཡོས་སྦྱོར་བྱེད་སྟངས་སློབ་ཁྲིད་བྱེད་མཁན་ཞིག་ལ་གྱུར་ཡོད་ལ། རང་ཉིད་ཀྱིས་བདམས་པའི་ལམ་དེར་ཡིད་ཆེས་ཀྱང་སྔར་བས་བརྟན་དུ་སོང་ཡོད།
ཁོང་གིས་གཡོས་སྦྱོར་ལག་རྩལ་དེ་གྲོགས་པོ་དེ་བས་མང་བར་ཁྲིད་དེ་ཁོ་ཚོར་ཕན་པ་ཅུང་ཙམ་རེ་ཐོགས་པ་དང་། བོད་ཟས་ཀྱི་ཐུན་མོང་མ་ཡིན་པའི་ཐོན་རྫས་འགའ་རེ་གསར་བཟོ་བྱེད་ཨེ་ཐུབ་སྙམ་པའི་རེ་སྨོན་བཟང་པོ་ཡིད་ལ་བཅངས་ནས། མུ་མཐུད་རོ་བཅུད་ལྡན་པའི་ཟས་མཆོག་གཡོས་སྦྱོར་ལམ་ལ་ཞུགས་བཞིན་མཆིས།




- བདེ་ཆེན་གསར་འགྱུར།
བསམ་བློའི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་ནས་འཕེལ་རྒྱས་ཀྱི་འགན་འཁྲི་བློ་ཁོག་ཆེན་པོས་འཁུར། —ཞིང་ཨུ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་དེ་བདེ་ཆེན་གྱི་ལས་བྱེད་ལས་བཟོའི་ཁྲོད་ཚུར་སྣང་དྲག་པོ་བྱུང་།
བདེ་ཆེན་ཁུལ་ཚད་མཐོའི་སྤུས་ལེགས་ཁུལ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོན་པ།
《ཡུན་ནན་ཉིན་རེའི་ཚགས་པར་》གྱི་ཆེད་བརྗོད། ཡིད་ཆེས་སྲ་བརྟན་གྱིས་མུ་མཐུད་འབད་འཐབ་བྱས་ནས་ཡུན་ནན་གྱི་འཕེལ་རྒྱས་རྣམ་པ་གསར་པ་གཏོད།
སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་(རྒྱས་འཛོམས་)གྲོས་ཚོགས་ཐེངས་163པ་འཚོགས།
ཀྲུང་གུང་ཡུན་ནན་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་ཁུན་མིང་དུ་འཚོགས། ཞིང་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་། ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་གིས་གསུང་བཤད་གནང་།
ལུའོ་ཁྲའོ་ཧྥེང་གིས་ཞབས་ཞུ་ལས་རིགས་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་གནང་སྐབས་ཞབས་ཞུ་ལས་རིགས་ཀྱི་འཕེལ་རྒྱས་ལ་ཤུགས་ཆེན་གཏོང་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་།
ལུའོ་ཁྲའོ་ཧྥེང་གིས་ནགས་ཕག་མཚོར་བརྟག་ཞིབ་གནང་སྐབས་བློ་བརྟན་འགྱུར་མེད་ངང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་དམ་འཛིན་ནན་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ས་མཐོའི་འདམ་ར་ལ་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་།
ལུའོ་ཁྲའོ་ཧྥེང་གིས་འོག་རིམ་ཏང་རྩ་འཛུགས་ཀྱི་“འགོ་ཁྲིད་དང་པོར་”ལྟ་སྐུལ་དང་གླེང་མོལ་གནང་།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108