中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

རྒྱ་མཚོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

ཁྱབ་བསྒྲགས་དུས་ཚོད་:2026-03-17 16:14:14 འབྱུང་ཁུངས་:中国西藏新闻网

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་དྲུག་པའི་ཐོག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《རྒྱ་མཚོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས》ཞེས་པ་བཀོད་ཡོད་པ་རེད།

རྩོམ་ཡིག་ནང་ནན་བཤད་བྱས་དོན། རང་རྒྱལ་ལ་རྒྱ་མཚོ་ཇུས་འགོད་བདག་གཉེར་དང་གསར་སྤེལ་བྱེད་པའི་ལོ་རྒྱུས་ཡུན་རིང་ལྡན་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས། ང་ཚོས་རྒྱ་མཚོ་གོ་རིམ་ལྡན་པའི་ངང་གསར་སྤེལ་དང་བེད་སྤྱོད་བྱས་ཡོད། སྒྱུར་བཅོས་སྒོ་དབྱེ་བྱས་རྗེས། རང་རྒྱལ་གྱི་རྒྱ་མཚོའི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་དུས་སྐབས་ལ་སླེབས་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་རྒྱ་མཚོ་ནུས་ཆེའི་ངང་གསར་སྤེལ་བེད་སྤྱོད་བྱེད་པ་དང་། རྒྱ་མཚོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱ་མཚོར་ཕྱོགས་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་ལམ་བུར་སྐྱོད་དགོས།

རྩོམ་ཡིག་ནང་བསྟན་དོན། བསམ་ཕྱོགས་ཆེན་པོའི་ཐད། གསར་གཏོད་སྐུལ་སྤེལ་ལ་དེ་བས་མཐོང་ཆེན་གྱིས་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་གང་མགྱོགས་བྱས་ཏེ། རྒྱ་མཚོའི་ཚན་རྩལ་ཆུ་ཚད་མཐོ་བའི་རང་ཚུགས་རང་དར་ཡོང་བར་སྐུལ་འདེད་གཏོང་དགོས། ནུས་ཆེ་མཉམ་སྒྲུབ་ལ་དེ་བས་མཐོང་ཆེན་གྱིས་སྐམ་མཚོ་སྤྱི་འདོམས་དང་རི་མཚོ་མཉམ་འགུལ་མཐའ་འཁྱོངས་བྱས་ཏེ། མཉམ་སྒྲུབ་འཕེལ་རྒྱས་ཀྱི་མཉམ་ཤུགས་ཆེ་རུ་གཏོང་དགོས། ཐོན་ལས་གསར་སྒྱུར་ལ་དེ་བས་མཐོང་ཆེན་གྱིས་རྒྱ་མཚོའི་སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། རྒྱ་མཚོའི་གསར་དར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། རྒྱ་མཚོའི་འབྱུང་འགྱུར་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱེད་པ་བཅས་བྱས་ཏེ། དེང་རབས་རྒྱ་མཚོའི་ཐོན་ལས་མ་ལག་སྐྲུན་དགོས། མི་དང་རྒྱ་མཚོ་འཆམ་མཐུན་ཡོང་བར་དེ་བས་མཐོང་ཆེན་གྱིས་རྒྱ་མཚོའི་ཐོན་ཁུངས་གསར་སྤེལ་དང་སྲུང་སྐྱོང་ལ་སྤྱི་འདོམས་བྱེད་པ་དང་། རྒྱུན་མཐུད་ཆོག་པའི་རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་བསྐྲུན་ཏེ། མི་དང་རྒྱ་མཚོ་དགེ་མཚན་ལྡན་པའི་མཉམ་འགུལ་གྱི་རྣམ་པ་གསར་པ་ཆགས་པར་བྱེད་དགོས། མཉམ་ལས་གཉིས་ཕན་ལ་དེ་བས་མཐོང་ཆེན་གྱིས་གོ་ལ་ཧྲིལ་པོའི་རྒྱ་མཚོ་བཅོས་སྐྱོང་ལ་རང་འགུལ་ངང་ཞུགས་པ་དང་། རྒྱ་མཚོའི་ནུས་རྒྱུའི་ཐོན་ཁུངས་ཐུན་མོང་དང་ཞི་བདེའི་ངང་སྤྱད་དེ། རང་རྒྱལ་གྱི་མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།

རྩོམ་ཡིག་ནང་བསྟན་དོན། ཞིབ་ཕྲའི་ལས་དོན་ཐད། ཕྱོགས་དྲུག་ལ་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱེད་དགོས་པ་སྟེ། གཅིག རྩེ་རིམ་ཇུས་འགོད་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་ལ་ཤུགས་སྣོན་རྒྱག་དགོས། “ལོ་ལྔ་ཚན་བཅོ་ལྔ་པའི”རྒྱ་མཚོའི་དཔལ་འབྱོར་གྱི་འཕེལ་རྒྱས་འཆར་འགོད་བཟོས་ནས་ཐོན་ལས་དང་། ཚན་རྩལ། ནོར་ཁྲལ། དངུལ་རྩ་སོགས་ཀྱི་ཐད་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། སྤྱི་ཚོགས་ཀྱི་མ་རྩ་རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཐད་ཧུར་ཐག་ཞུགས་པར་བསྔགས་སྐུལ་དང་ཁྲིད་སྟོན་བྱེད་དགོས། གཉིས། རྒྱ་མཚོའི་ཚན་རྩལ་གྱི་རང་བརྟེན་གསར་གཏོད་ནུས་པ་ཆེ་རུ་གཏོང་དགོས། རྒྱ་མཚོའི་འཐབ་ཇུས་ཀྱི་ཚན་རྩལ་སྟོབས་ཤུགས་ཆེ་རུ་བཏང་ནས་རྒྱ་མཚོའི་ཚན་རྩལ་གྱི་སྣེ་ཁྲིད་ཁེ་ལས་དང་ཆེད་ཞིབ་ཁྱད་གསར་བཞིའི་ཁེ་ལས་འབྲིང་ཆུང་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་དགོས། གསུམ། རྒྱ་མཚོའི་ཐོན་ལས་རྒྱ་སྟོབས་ཆེ་རུ་དང་ལེགས་སུ་གཏོང་དགོས། མཚོ་ཐོག་རླུང་གློག་ཚད་ལྡན་དང་གོ་རིམ་ལྡན་པའི་ངང་སྐྲུན་པར་སྐུལ་འདེད་གཏོང་བ་དང་། དེང་རབས་ཅན་གྱི་རྒྱང་རིང་མཚོ་ཁུལ་གྱི་འཛིན་རྙབ་ལས་རིགས་འཕེལ་རྒྱས་གཏོང་བ། རྒྱ་མཚོའི་སྐྱེ་དངོས་སྨན་རྫས་དང་སྐྱེ་དངོས་ཐོན་རྫས་འཕེལ་རྒྱས་ཧུར་ཐག་གཏོང་བ། རྒྱ་མཚོའི་ཁྱད་ལྡན་རིག་གནས་དང་ཡུལ་སྐོར་བྱ་ཡུལ་སྐྲུན་པ། གྲུ་གཟིངས་དང་རྒྱ་མཚོའི་ལས་གྲྭའི་སྒྲིག་ཆས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བྱ་སྤྱོད་ལ་སྐུལ་འདེད་གཏོང་བ། “གྲངས་འཛིན་རྒྱ་མཚོ”འཛུགས་སྐྲུན་ལ་ཤུགས་རྒྱག་པ་བཅས་བྱས་ཏེ། མཚོ་ཐོག་སྐྱེལ་འདྲེན་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། བཞི། མཚོ་ཁུག་གཙོ་བོའི་སྤྱི་ཡོངས་ཀྱི་འཆར་འགོད་ལ་ཤུགས་སྣོན་རྒྱག་དགོས། མཚོ་རྒྱུད་གྲུ་ཁའི་ཁྱུ་ཚོགས་ལེགས་འགྱུར་སྒྲིལ་བཅོས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས་གཙོ་གནད་གྲུ་ཁ་ལྗང་མདོག་ཅན་དང་གྲངས་རིག་ཅན་གྱི་ཕྱོགས་སྒྱུར་ལ་རྒྱབ་སྐྱོར་བྱེད་དགོས། ལྔ། རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། རྒྱ་མཚོའི་ཁོར་ཡུག་གི་ཉེན་ཁ་འབྱུང་རྩ་ནས་འགོག་ཟོན་བྱེད་པར་ཤུཌ་སྣོན་རྒྱག་པ་དང་། གཙོ་གནད་མཚོ་ཁོངས་ལ་ཕྱོཌ་བསྡུས་བཅོས་སྐྱོང་མུ་མཐུད་བྱེད་པ། མཚོ་ཁོངས་རིམ་དབྱེ་ཕྱོགས་བསྡུས་བེད་སྤྱོད་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ། རྒྱ་མཚོའི་ཐཱན་འདུས་ཞིབ་རྩིས་ལས་དོན་འཚོལ་ཞིབ་བྱས་ནས་སྤེལ་དགོས། དྲུག གོ་ལ་ཧྲིལ་པོའི་རྒྱ་མཚོ་བཅོས་སྐྱོང་ལ་གཏིང་ཟབ་ཞུགས་དགོས། གོ་ལ་ཧྲིལ་པོའི་རྒྱ་མཚོའི་ཚན་ཞིབ་བརྟག་དཔྱད་དང་། གེགས་འགོག་གེགས་སེལ། མཚོ་ཐོག་དཔལ་འབྱོར་མཉམ་ལས་བཅས་ལ་ཤུགས་སྣོན་བརྒྱབ་ནས། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་གྲུ་ཁ་མནའ་འབྲེལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།

  • བདེ་ཆེན་གསར་འགྱུར།

ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། དཔྱིད་ཀྱི་མེ་ཏོག

ཁུལ་སྲིད་གཞུང་གིས་དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་སྐྱོད་བྱེད་པའི་ཆེད་དོན་ཚོགས་འདུ་འཚོགས།

མྱི་ཟུར་ཡུལ་དུ་རི་སྐྱེས་ཀྲུང་ཧྭའི་དོམ་ཆུང་རྒྱུ་བ་མཐོང་།

ལུའོ་ཁྲའོ་ཧྥེང་གིས“ཆུའི”ཐོན་ལས་ལ་བརྟག་ཞིབ་གནང་སྐབས་ཐོན་ཁུངས་བསྡུ་སྒྲིལ་ཅི་སྤྱོད་བྱས་ནས་ཆུ་དང་འབྲེལ་བའི་ལས་རྣམ་གསར་པའི་འཕེལ་རྒྱས་མགྱོགས་སུ་བཏང་སྟེ་ནུས་ཤུགས་ཡོད་རྒུས“ཆུའི”ལས་དོན་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ།

ཁུལ་ཡོངས་ཀྱི་ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།ལུའོ་ཁྲའོ་ཧྥེང་གིས་མཆན་འགོད་མཛུབ་སྟོན་གནང་བ་དང་། ཞུས་སི་སི་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།

སེམས་ཀྱི་ཉི་ཟླར་བཀྲ་ཤིས་པའི་ཁ་བ་བབས་བྱུང་།

ཀྲང་ཝེ་ཏུང་གིས་ཡུན་ནན་འཛུགས་སྐྲུན་ཚོགས་པ་དང་མཇལ་འཛོམས་བྱས།

ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། དཔྱིད་ཀྱི་མཛེས་ཉམས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com