ལུའོ་ཁྲའོ་ཧྥེང་གིས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་བརྟག་ཞིབ་གནང་སྐབས་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་བཏང་ནས་གཞི་རིམ་གྱི་དམག་འཐབ་མཁར་རྫོང་བརྟན་དུ་གཏོང་དགོས་པའི་ནན་བཤད་གནང་བ།

ཟླ12པའི་ཚེས31ཉིན། ལུའོ་ཁྲའོ་ཧྥེང་གིས་མཐུན་སྒྲིལ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་དུ་ཕེབས་ནས་ཡུལ་དངོས་སུ་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་འཛུགས་སྐྲུན་དང་དོ་དམ་བེད་སྤྱོད་བྱས་ཚུལ་ལ་གཟིགས་ཞིབ་གནང་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ12པའི་ཚེས31ཉིན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་དུ་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་བྱེད་སྐབས། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་བཏང་སྟེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བྱེད་དགོས་པའི་ནན་བཤད་གནང་།

ལུའོ་ཁྲའོ་ཧྥེང་གིས་ཧོ་ཕིང་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་དུ་ཡང་ཐང་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་དང་།གྲོང་སྡོད་ལས་བྱེད་མི་སྣ་སོགས་དང་སྤེལ་རེས་གཏིང་ཟབ་བྱས་པ།
བརྟག་ཞིབ་བྱེད་རིང་། ལུའོ་ཁྲའོ་ཧྥེང་དང་བཅས་པས་སྔ་རྗེས་སུ་ཡང་ཐང་གྲོང་རྡལ་གྱི་མཐུན་སྒྲིལ་གྲོང་ཚོ་དང་ཧོ་ཕིང་གྲོང་ཚོ། མཉམ་འབྲེལ་གྲོང་ཚོ་བཅས་སུ་ཕེབས་ནས། ཡུལ་དངོས་སུ་གྲོང་ཚོ་རིམ་པའི་རྩ་འཛུགས་གྱི་བྱེད་སྒོ་སྤེལ་ཡུལ་འཛུགས་སྐྲུན་དང་དོ་དམ་དང་བེད་སྤྱོད་བྱས་ཚུལ་ལ་གཟིགས་ཞིབ་གནང་བ་མ་ཟད།ཡང་ཐང་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་དང་།གྲོང་སྡོད་ལས་བྱེད་མི་སྣ་སོགས་དང་སྤེལ་རེས་གཏིང་ཟབ་བྱས་ནས། གྲོང་ཚོ་ཁག་གི་ཏང་རྩ་འཛུགས་འཛུགས་སྐྱོང་དང་།ཏང་ཡོན་གྱི་སློབ་གསོ་དང་དོ་དམ།ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་ཁྲིད་སྟོན།མི་དམངས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་ལས་དོན་གནས་ཚུལ་སྙན་སེང་གསན་ནས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ཁྲོད་ཀྱི་བཀྲག་མདངས་འཚེར་ས་དང་དཀའ་གནད་ཀྱི་གནད་དོན་ཤེས་རྟོགས་གཏིང་ཟབ་བྱས་པ་རེད།
ལུའོ་ཁྲའོ་ཧྥེང་གིས་ཡང་ཐང་གྲོང་རྡལ་གྱི་གྲོང་ཚོ་ཁག་གི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད།ཁོང་གིས་གཞི་རིམ་གྱི་ཏང་རྩ་འཛུགས་ནི་ཏང་གིས་སྲིད་སྐྱོང་གི་རྩ་བ་ཡིན་པ་མ་ཟད།ཏང་གི་ལས་དོན་ཡོངས་དང་འཐབ་ནུས་ཀྱི་རྨང་གཞི་ཡང་ཡིན་པ་རེད།ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་གཞི་རིམ་གྱི་ཏང་གི་འཛུགས་སྐྲུན་ཤུགས་སྣོན་རྒྱག་དགོས་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ནས།གཞི་རིམ་དམ་འཛིན་ཤུགས་ཆེན་བྱེད་པའི་སྟོན་ཕྱོགས་མངོན་གསལ་བརྟན་པོར་བཙུགས་ཏེ།གཞི་རིམ་ཏང་གི་རྩ་འཛུགས་དེ་ཕན་ནུས་ལྡན་པའི་སྒོ་ནས་ཏང་གི་འགོ་ཁྲིད་མངོན་འགྱུར་བྱེད་པའི་འཐབ་འཛིང་གི་བཙན་རྫོང་བརྟན་པོ་ཞིག་ཏུ་འཛུགས་སྐྱོང་བྱ་དགོས་ཞེས་བསྟན་པ་རེད།

ལུའོ་ཁྲའོ་ཧྥེང་གིས་མཉམ་འབྲེལ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་དུ། ཡུལ་དངོས་སུ་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་གྱི་དོ་དམ་དང་བེད་སྤྱོད་བྱས་ཚུལ་ལ་གཟིགས་ཞིབ་གནང་བཞིན་པ།
ལུའོ་ཁྲའོ་ཧྥེང་གིས་ཏང་གི་ཆབ་སྲིད་འཛུགས་སྐྲུན་དེ་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་དང་།རྒྱ་ཆེའི་གཞི་རིམ་ཏང་ཡོན་ལས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་“གཏན་ཁེལ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཤེས་རྟོགས་གཏིང་ཟབ་དང་།“འདུ་ཤེས་བཞི་”བརྟན་དུ་གཏོང་བ།“གདེང་ཚོད་བཞི་”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས་”ཐུབ་པ་བཅས་བྱས་ཏེ་ཏང་གི་ལམ་ཕྱོགས་དང་།བྱེད་ཕྱོགས།སྲིད་ཇུས་བཅས་གཞི་རིམ་དུ་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་ཏན་ཏིག་བྱ་དགོས།རྩ་འཛུགས་ཀྱི་སྒྲིག་བཀོད་རྒྱུན་མཐུད་ལེགས་འགྱུར་དང་།ཚན་པའི་དཔུང་ཁག་སྟོབས་ཆེར་གཏོང་བ།ལྷག་པར་དུ་གྲོང་ཚོའི་(སྡེ་ཁུལ་)ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པའི་དཔུང་ཁག་འཛུགས་སྐྱོང་དམ་འཛིན་ཡག་པོ་དང་།ཏང་ཡོན་གྱི་སློབ་གསོ་དོ་དམ་ནན་པོ། རྩ་འཛུགས་ཀྱི་འཚོ་བའི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཏང་རྩ་འཛུགས་ཀྱི་གོང་བུར་འགྲིལ་ཤུགས་དང་།བློ་ཁ་ཕྱོགས་ཤུགས།འཐབ་འཛིང་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།ལྟེ་བར་དམ་པོར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ནས་ཏང་འཛུགས་སྐྱོང་གི་ལས་དོན་དེ་གྲོང་གསེབ་དར་རྒྱས་དང་།གཞི་རིམ་བཅོས་སྐྱོང་།མི་རིགས་མཐུན་སྒྲིལ་ཡར་ཐོན་སོགས་གཙོ་གནད་ལས་དོན་དང་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆ།བཅོས་སྐྱོང་གི་ཕན་ནུས་བཅས་སུ་འགྱུར་བ་བྱེད་དགོས།མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་འཛུགས་པ་དང་།མང་ཚོགས་དང་འབྲེལ་གཏུག་དང་དེར་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ཤར་བགྲོད་ཐུབ་པར་བྱས་ཏེ།བརྩེ་སེམས་ཀྱིས་མང་ཚོགས་ཀྱི་སེམས་ཁྲལ་དང་རེ་སྒུག་བྱེད་མང་བའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཏེ།མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་།བདེ་སྐྱིད་ཚོར་སེམས།བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་ནན་གྱིས་བསྟན།
ཁུལ་གྱི་འགོ་ཁྲིད་ཁྲེན་ཆོན་དང་ཧོང་ལུང་ཞིན་བརྟག་ཞིབ་དུ་ཞུགས་པ།
责任编辑:万玛措
- བདེ་ཆེན་གསར་འགྱུར།
དྲི་བར་ལྔར་ལན་བསྐྱོན་ནས་འབབ་འཕར་ལ་སྐུལ་འདེད་གཏོང་བ།ཉི་ཤར་ཤང་གིས་ཞིང་ལས་དང་། རིག་གནས་ཡུལ་སྐོར་མཉམ་འདྲེས་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་པ་བཏོད་པ།
ཁུལ་སྲིད་གཞུང་གིས་རྒྱུན་ལས་ཚོགས་འདུ་ཐེངས་84པ་འཚོགས་པ།
ཞོགས་པ་བདེ་ལེགས།འཛམ་གླིང་གི་སེམས་ཀྱི་ཉི་ཟླ། རྣང་ཞིང་གི་མཛེས་སྡུག
ཀྲང་ཝེ་ཏུང་གིས་རུ་སྣེ་ཁྲིད་དེ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ།
ཁུལ་མི་དམངས་སྲིད་གཞུང་སྐབས་བཅུ་བཞི་བའི་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་77པ་བསྡུས་པ།
ལུའོ་ཁྲའོ་ཧྥེང་གིས་“བློ་སྦྱོང”ལས་གྲྭར་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས་འགན་འཁྲི་དང་ལས་འགན་ལ་དམིགས་ནས་རྩ་བ་བརྟན་སྲུང་དང་གསར་གཏོད་མཐའ་འཁྱོངས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་གནང་བ།
ཁུལ་ཨུས་ཆེད་དོན་ཚོགས་འདུ་འཚོགས་ནས་ཁུལ་ཡོངས་ཀྱི་གྲོང་གསེབ་ཐུན་མོང་གི་“མ་དངུལ་དང་རྒྱུ་ནོར།ཐོན་ཁུངས”ཀྱི་ཆེད་དོན་ལས་དོན་ལ་ཞིབ་འཇུག་བྱས།
ཁུལ་ཡོངས་ཀྱི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་གཅིག་སྡུད་བཅོས་སྐྱོང་བྱེད་པའི་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་འཚོགས་པ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108