中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཐད་གཏོང་ཟོག་ཚོང་གི་ཚུལ་མིན་སྣང་ཚུལ་ལ་དོ་དམ་ནན་པོ་བྱས་ནས་དྲ་རྒྱའི་བཟའ་བཅའི་སྤུས་ཚད་ལེགས་གཏོང་གི་བྱེད་སྒོ་རབ་དང་རིམ་པ་སྤེལ་འགོ་ཚུགས་པ།

ཁྱབ་བསྒྲགས་དུས་ཚོད་:2026-03-18 12:54:49

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་16ཉིན་གློག་འཕྲིན་འབྱོར་གསལ། དྲ་རྒྱའི་བཟའ་བཅའ་ཉོ་ཚོང་ལས་སྟེགས་དང་དྲ་ཞུགས་གཉེར་སྐྱོང་བྱེད་པོའི་འགན་འཁྲི་སྔར་བས་ནན་དུ་གཏོང་ཆེད། ཚེས་16ཉིན་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ཚེས་16ཉིན་ནས་བཟུང་དྲ་རྒྱའི་བཟའ་བཅའི་བདེ་འཇགས་ལུགས་མཐུན་དང་སྤུས་ཚད་ལེགས་གཏོང་གི་བྱ་སྤྱོད་རབ་དང་རིམ་པ་སྤེལ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

བྱ་སྤྱོད་རབ་དང་རིམ་པ་སྤེལ་རིང་། འཛད་སྤྱོད་པའི་བསམ་འཆར་ཆེ་ཤོས་ཀྱི་གནད་དོན་ཆེན་པོ་གསུམ་གཙོ་གནད་དུ་ཐག་གཅོད་བྱ་རྒྱུ་སྟེ། གཅིག་ནི་ཐད་གཏོང་ཟོག་ཚོང་གི་ཚུལ་མིན་སྣང་ཚུལ་ལ་དོ་དམ་ནན་པོ་བྱས་ནས་ཐད་གཏོང་ལས་སྟེགས་དང་། ཐད་གཏོང་ཁང་། སྙན་སྒྲོན་པ་གཙོ་བོ་བཅས་ཀྱིས་ཟླ་3ཚེས་20ཉིན་ནས་བཟུང་ལག་བསྟར་བྱས་པའི《ཐད་གཏོང་དྲ་ཐོག་ཚོང་དོན་གཉེར་སྐྱོང་བར་བཟའ་བཅའི་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པའི་ལྟ་འདོམས་གཏན་འབེབས》ལག་བསྟར་ནན་པོ་བྱ་རྒྱུར་ལྟ་སྐུལ་བྱས་ཏེ། འགན་འཁྲི་ཁ་གསལ་བཟོ་བ་དང་འཚོང་མི་ཆོག་པའི་གསལ་ཐོ་དོན་འཁྱོལ་བྱེད་དགོས་པ་དང་། སྐད་ཆ་སྙན་པོ་བཤད་ནས་འཛད་སྤྱོད་པར་གོ་ནོར་ཐེབས་རིགས་གཏན་འགོག་ནན་པོ་བྱེད་དགོས་པ་དང་། གཉིས་ནི་དྲ་ཐོག་བཟའ་བཅའི་གཉེར་སྐྱོང་ཐོབ་ཐང་ལ་ཞིབ་བཤེར་ནན་པོ་བྱས་ནས་ལས་སྟེགས་ལ་དོན་དངོས་རང་བཞིན་གྱི་ཞིབ་བཤེར་འོས་འགན་ལག་བསྟར་ནན་པོ་བྱེད་པར་སྐུལ་འདེད་གཏོང་བ་དང་། བཟའ་བཅའི་ཐོན་སྐྱེད་གཉེར་སྐྱོང་གི་ཆོག་འཐུས་ལག་ཁྱེར་མེད་པ་དང་། ལག་ཁྱེར་རྫུན་མ་སྤྱོད་པ། མི་གཞན་གྱི་ཐོབ་ཐང་བརྫུས་སྤྱོད་བྱེད་པ་སོགས་ལ་བརྟེན་ནས་བཟའ་བཅའ་དྲ་ཐོག་ཏུ་འཚོང་རིགས་གཏན་འགོག་ནན་པོ་བྱེད་དགོས་པ། གསུམ་ནི་དྲིལ་བསྒྲགས་རྫུན་མའི་བྱེད་སྤྱོད་ལ་ཉེས་ཆད་ནན་པོ་བཅད་ནས་དྲ་ཐོག་བཟའ་བཅའ་གཉེར་སྐྱོང་བས་བཟའ་བཅའ་ཐོན་ཡུལ་དང་། གྲུབ་ཆ། བྱེད་ནུས་སོགས་ཀྱི་ཆ་འཕྲིན་ངོ་མ་སྟོན་རྒྱུར་སྐུལ་འདེད་གཏོང་བ་དང་། རིམས་ནད་སྔོན་འགོག་དང་སྨན་བཅོས་སོགས་ལ་ཁ་གཡར་ནས་འཛད་སྤྱོད་པར་མགོ་སྐོར་གཏོང་རིགས་གཏན་འགོག་བྱེད་དགོས་པ་བཅས་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། བྱ་སྤྱོད་སྤེལ་རིང་ཐད་གཏོང་ནས་འཚོང་བའི་བཟའ་བཅའ་དང་། དྲ་ཐོག་ནས་འཚོང་བའི་བཟའ་བཅའ། བདེ་སྲུང་བཟའ་བཅའ། དྲ་ཐོག་གྲགས་ཅན་གྱི་བཟའ་བཅའ་སོགས་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་ཆེད་དོན་བཅོས་སྒྲིག་བྱས་ཏེ། རྫུན་ལྷད་ཞན་གསུམ་དང་སྤུས་ཞན་སྤུས་ལེགས་སུ་བརྫུས་པ་སོགས་ཀྱི་བཟའ་བཅར་ལྟ་འདོམས་ཁྲིམས་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དྲ་ཐོག་ཉོ་འཚོང་ལས་སྟེགས་ཀྱིས་མཉམ་འབྲེལ་ཐོག་རང་གཅུན་སྤྱི་ཆིངས་ལ་མིང་རྟགས་འགོད་པར་སྐུལ་འདེད་བཏང་ནས་ས་ཁོངས་སྒྲོལ་བ་དང་། དྲ་ཐོག་དང་དྲ་ཕྱིའི་མཐུན་སྦྱོར་ལྟ་འདོམས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་རེད།

  • བདེ་ཆེན་གསར་འགྱུར།

ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། དཔྱིད་ཀྱི་མེ་ཏོག

ཁུལ་སྲིད་གཞུང་གིས་དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་སྐྱོད་བྱེད་པའི་ཆེད་དོན་ཚོགས་འདུ་འཚོགས།

མྱི་ཟུར་ཡུལ་དུ་རི་སྐྱེས་ཀྲུང་ཧྭའི་དོམ་ཆུང་རྒྱུ་བ་མཐོང་།

ལུའོ་ཁྲའོ་ཧྥེང་གིས“ཆུའི”ཐོན་ལས་ལ་བརྟག་ཞིབ་གནང་སྐབས་ཐོན་ཁུངས་བསྡུ་སྒྲིལ་ཅི་སྤྱོད་བྱས་ནས་ཆུ་དང་འབྲེལ་བའི་ལས་རྣམ་གསར་པའི་འཕེལ་རྒྱས་མགྱོགས་སུ་བཏང་སྟེ་ནུས་ཤུགས་ཡོད་རྒུས“ཆུའི”ལས་དོན་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ།

ཁུལ་ཡོངས་ཀྱི་ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།ལུའོ་ཁྲའོ་ཧྥེང་གིས་མཆན་འགོད་མཛུབ་སྟོན་གནང་བ་དང་། ཞུས་སི་སི་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།

སེམས་ཀྱི་ཉི་ཟླར་བཀྲ་ཤིས་པའི་ཁ་བ་བབས་བྱུང་།

ཀྲང་ཝེ་ཏུང་གིས་ཡུན་ནན་འཛུགས་སྐྲུན་ཚོགས་པ་དང་མཇལ་འཛོམས་བྱས།

ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། དཔྱིད་ཀྱི་མཛེས་ཉམས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com