中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

བདེ་ཆེན་སེམས་ཀྱི་ཉི་ཟླའི2026ལོའི་དམངས་ཡོངས་ལུས་སྦྱོང་དང་གྲོང་ཁྱེར་དུ་རྒྱུག་ཤར་གློད་པའི་བྱེད་སྒོ་སྐབས་44པ་སྤེལ།

ཁྱབ་བསྒྲགས་དུས་ཚོད་:2026-01-01 16:30:45 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། 2026ལོའི་ཟླ1པོའི་ཚེས1ཉིན་གྱི་སྔ་དྲོའི་ཆུ་ཚོད10དང་སྐར་མ་3ཐོག སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་མ་དམར་པོའི་ཐང་ཆེན་སྟེང་མི་ཚོགས་ཀྱིས་ཁེངས་པ་དང་སྤྲོ་སེམས་རབ་ཏུ་འཕེལ།གསོན་ཤུགས་རྣམ་པར་རྒྱས་པའི་སྒོ་ནས་ལོ་གསར་བ་བསུ། བདེ་ཐང་དང་མཉམ་དུ་བསྐྱོད་ཅེས་པ་བརྗོད་བྱ་གཙོ་བོར་བྱས་པའི་དམངས་ཡོངས་ཀྱི་ལུས་སྦྱོང་དང་ལོ་གསར་གྱི་གྲོང་ཁྱེར་དུ་རྒྱུག་ཤར་གློད་པའི་བྱེད་སྒོ་སྐབས་44པ་དེ་གཟབ་རྒྱས་ངང་འགོ་ཚུགས་པ་རེད། དགུན་དུས་ཀྱི་མཐོ་སྒང་དུ་གྲང་ངར་ཆེ་རུང་།ཡུལ་དངོས་སུ་དྲོ་སྐྱིད་ལྡན་ལ་སེམས་ཤུགས་ཆེན་པོ་འཕེལ།གྲོང་མི་དང་ཡུལ་སྐོར་བ་བཞི་སྟོང་ལྷག་ཙམ་མཉམ་དུ་འཛོམས་ནས་རྒྱུག་ཤར་གློད་པའི་རྣམ་པའི་ཐོག་ནས་ལོ་གསར་པའི་ཞོགས་པའི་ཉི་གཞོན་བསུས་ཏེ་ས་མཐོའི་གྲོང་ཁྱེར་གསར་པའི་བདེ་ཐང་གི་ལེའུ་མཉམ་དུ་བརྩམས་པ་རེད།

   སྔ་དྲོའི་ཆུ་ཚོད་10ཐོག བྱེད་སྒོར་ཞུགས་མཁན་དག་གཅིག་རྗེས་གཉིས་མཐུད་ཀྱིས་ཐང་ཆེན་དུ་སླེབས་ནས་གྲབས་སྦྱོང་བྱེད་བཞིན་ཡོད། འདིའི་ཁྲོད་དུ་ལས་ཁུངས་ཀྱི་ལས་བྱེད་པ་དང་ཁེ་ལས་དང་བྱ་གཞག་ཚན་པའི་ལས་བཟོས་གྲུབ་པའི་དཔུང་ཁག་ཡོད་ལ་ཁྱིམ་མི་ཁྲིད་པའི་གྲོང་མི་དང་ཡུལ་སྐོར་བ་ཡང་ཡོད།བཀའ་བཏང་མེ་མདའ་གྲགས་པ་དང་བསྟུན་ནས་ལུས་ལ་ཚོན་མདོག་སྣ་ཚོགས་ཀྱིས་བརྒྱན་པའི་ལུས་རྩལ་གྱོན་ཆས་གྱོན་མཁན་རྣམས་ཚོན་ཁྲ་ཅན་གྱི་ཐགས་ལྟར་གྲོང་ཁྱེར་གྱི་ཁྲོམ་གཞུང་དུ་བསྐྱོད་ཅིང་།དགའ་སྤྲོའི་འབོད་སྒྲ་གཅིག་རྗེས་གཉིས་མཐུད་ངང་གྲགས་པ་དང་།ས་མཐོའི་དགུན་དུས་ཀྱི་དྲོད་འཇམ་གྱི་ཉི་འོད་དང་ཕན་ཚུན་བཀྲག་མདངས་འཚེར་བཞིན་ཡོད།

   སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གྲོང་མི་ལུང་ཧའེ་ཐེང་ཚང་བསྟུད་མར་ལོ་གསུམ་ལ་བྱེད་སྒོནང་ཞུགས་ཡོས། ཁོང་གིས་ཕྲུ་གུ་འཁྲིད་དེ་རྒྱུག་ཤར་གློད་པ་དེས་གཟུགས་པོ་བདེ་ཐང་ཡོང་བ་མ་ཟད།དུས་ཆེན་གྱི་རྣམ་པ་ཚོར་ཐུབ་པས་དོན་སྙིང་ཆེན་པོ་ལྡན་ཡོད་ཅེས་བཤད་བྱུང་།

   གནམ་ལོ་གསར་ཚེས་ཉིན་གྲོང་ཁྱེར་ནང་ཁུལ་དུ་རྒྱུག་ཤར་གློད་པ་ནི་སེམས་ཀྱི་ཉི་ཟླའི་དམངས་ཡོངས་ཀྱི་ལུས་སྦྱོང་གི་སྤུས་རྟགས་བྱེད་སྒོ་ཞིག་ཡིན་ལ།གྲོང་ཁྱེར་གྱི་གསོན་ཤུགས་མངོན་པའི་སྐར་ཁུང་གལ་ཆེན་ཞིག་ཀྱང་ཡིན་པ་རེད།འདས་ཟིན་པའི་ལོ་གཅིག་རིང་།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ལུས་རྩལ་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ནས་གཞོན་ནུ་ལོ་ཆུང་གི་ལན་ཆིའུ་སྤོ་ལོ་དང་།རྐང་རྩེད་སྤོ་ལོའི་རིམ་བཞིའི་མཉམ་འབྲེལ་འགྲན་བསྡུར་གྱི་གྲ་སྒྲིག་འགྲན་བསྡུར་དང་།ལྔ་པའི་ཚེས་ལྔའི་རྟ་རྒྱུག་འགྲན་བསྡུར།སེམས་ཀྱི་ཉི་ཟླའི་དཔོང་ཕྱིའི་རྒྱུག་འགྲན་སོགས་བདེ་བླག་ངང་གཉེར་བ་དང་།རུ་ཁག་སྒྲིག་འཛུགས་བྱས་ནས་ཧྲའན་ཤིས་ཀྱི་གྲོང་ཚོའི་ལན་ཆིའུ་སྤོ་ལོའི་གདན་ཞུའི་འགྲན་བསྡུར་སོགས་སུ་ཞུགས་ཏེ་ལུས་རྩལ་ཡུལ་སྐོར་མཉམ་འདྲེས་ཀྱི་ཐབས་ལམ་གསར་པ་གཏོད་པ་དང་།དམངས་ཡོངས་ཀྱི་ལུས་སྦྱོང་དང་སློབ་གསོ་ལུས་རྩལ་བྱ་གཞག་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ་རེད།

   ལོ་40ཡི་གོང་གི་སྐབས་དང་པོའི་གྲོང་ཁྱེར་བསྐོར་བའི་རྒྱང་རྒྱུག་ནས་ད་ཆའི“དམངས་ཡོངས་ཀྱི་དུས་ཆེན”བར་བདེ་ཆེན་གྱིས་རྒྱུག་ཤར་གློད་པའི་རྐང་རྗེས་ལས་གྲོང་ཁྱེར་གྱི་འཕེལ་རྒྱས་ཚད་འཇལ་བ་དང་ལུས་རྩལ་གྱི་སྤྲོ་སེམས་ལ་བརྟེན་ནས་ལོ་གསར་གྱི་རེ་བ་གསར་བ་སྦྱིན་པ་རེད།གྲོང་མིས་བཤད་པ་ལྟར།གོམ་པ་མ་འཆད་ན་སེམས་ཀྱི་ཉི་ཟླའི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་ངེས་རེད། འབྱུང་འགྱུར“ཕྱི་རོལ་གྱི་དག་ཞིང”དེས་མུ་མཐུད་ལུས་རྩལ་ལ་བརྟེན་ནས་ས་མཐོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གསོན་ཤུགས་ལྡན་པའི་ལེའུ་རྩོམ་ངེས་རེད།

   ཉིན་འདིར་རང་ཁུལ་གྱི་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱིས་ད་དུང་ཡུལ་དངོས་སུ་གྲོང་མིར་ལོ་གསར་ཆ་ཡིག་བྲིས་ནས་སྤྲད་པ་རེད།

འགན་འཁུར་རྩོམ་སྒྲིག་པ།:万玛措

  • བདེ་ཆེན་གསར་འགྱུར།

ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་དེ་ཡུན་ནན་སློབ་ཆེན་དུ་ཕེབས་ནས་སློབ་གྲྭ་དང་ས་གནས་བར་གྱི་མཉམ་ལས་དོན་དག་ལ་འབྲེལ་མཐུད་བྱས།

ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།

ཁུན་མིང་དང་བདེ་ཆེན་གྱིས་མཛའ་མཐུན་མཉམ་ལས་ཀྱི་ཚོགས་འདུ་འཚོགས།

བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་ཆུས་ཅིང་གྲོང་ཁྱེར་དུ་ཕེབས་ནས་ཁ་གཏད་རོགས་སྐྱོར་ལས་དོན་ཐད་ཚུར་ལན་བཅར་འདྲི་བྱས།

བདེ་ཆེན་སེམས་ཀྱི་ཉི་ཟླའི་ལྔ་བའི་རྟ་རྒྱུག་འགྲན་བསྡུར་ཚོགས་ལ་ཉེ།

བདེ་ཆེན་གྱི་རྒྱུགས་སྤྲོད་སློབ་མ་1883ད་ལོའི་མཐོ་རྒྱུགས་ལ་ཞུགས།

ལུའོ་ཁྲའོ་ཧྥེང་གིས་མཐོ་རྒྱུགས་ཀྱི་གྲ་སྒྲིག་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་སྐབས་ནན་པོ་དང་ཞིབ་ཚགས། ཆད་བཤེར་ཆད་གསབ་བཅས་བྱས་ཏེ་མཐོ་རྒྱུགས་བརྟན་ལ་བདེ་འཇགས་དང་གོ་རིམ་ལྡན་པ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཁུལ་ཨུའི་རྒྱུན་ཨུ་སྐབས་དགུ་པས་གྲོས་ཚོགས་ཐེངས་158པ་འཚོགས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com