ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡིས་ཚོགས་འདུ་ཐེངས་76པ་འཚོགས།

ཟླ་3པའི་ཚེས་19ཉིན། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡིས་ཚོགས་འདུ་ཐེངས་76པ་འཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་རིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས།རང་ཁུལ་གྱི་ལག་བསྟར་དོན་འཁྱོལ་བྱེད་པའི་ལས་དོན་ལ་ཞིབ་འཇུག་བྱས།
ཁུལ་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི།ཁུལ་དཔོན་ཀྲང་ཝེ་ཏུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གནང་།
ཚོགས་འདུའི་ཐོག རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་འཛུགས་སྐྱོང་བྱེད་པ་དེ་ཨང་དང་པོར་བཞག་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས། ལྟེ་བའི་དོན་སྙིང་གཏིང་ཟབ་སྦྱངས་པ་དང་། ཐུན་མོང་གི་ངོས་འཛིན་གཅིག་མཐུན་བྱེད་དེ། སློབ་སྦྱོང་གི་གྲུབ་འབྲས་དེ་ལས་སྒྲུབ་ལས་གཏོད་བྱེད་པའི་བྱ་སྤྱོད་དངོས་སུ་བསྒྱུར་ནས། དངོས་སྒྲུབ་དངོས་ཐོབ་ལ་བརྟེན་ནས“གཏན་འཁེལ་གཉིས”ལ་བརྩི་བཀུར་བྱེད་པ་དང་“སྲུང་སྐྱོང་གཉིས”ཡག་པོ་བསྒྲུབ་དགོས། བདེ་ཆེན་གྱི་དོན་དངོས་ལ་གཞི་ཚུགས་ཏེ། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་བཀོད་སྒྲིག་ལ་དམ་པོར་དམིགས་ནས། བདེ་འཇགས་དང་བརྟན་བརླིང་གི་མ་མཐའི་ཚད་གཞི་མཐའ་གཅིག་ཏུ་བརྟན་སྲུང་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་ཡང་དག་ངང་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། སྐྱེ་ཁམས་སྔོན་ལ་ལྗང་མདོག་འཕེལ་རྒྱས་གཏོང་བར་མཐའ་འཁྱོངས་བྱེད་པ་དང་། སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་པོ་བསྐྲུན་པ། དམངས་འཚོ་རྒྱུན་མཐུད་ངང་འགན་ལེན་དང་ལེགས་བཅོས་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ཟབ་སྤེལ་བྱས་པ་བཅས“དོན་ཆེན་བཞི”ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་པར་འགན་ལེན་ཏན་ཏིག་བྱ་དགོས།དམ་པ་དོན་གཉེར་གྱི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་བཏང་ནས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤང་གང་ཐུབ་བྱེད་པ་དང་། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ལས་འགན་སྒྲུབ་ནུས་ཆེ་རུ་གཏོང་གང་ཐུབ་བྱེད་པ། གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་དོན་འཁྱོལ་དམ་འཛིན་བྱས་ཏེ།རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དེ་བདེ་ཆེན་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་དངོས་སུ་བསྒྱུར་དགོས་ཞེས་ནན་གསུང་གནང་།
ཚོགས་འདུའི་ཐོག ཞིང་ཆེན་ཡོངས་ཀྱི་དངུལ་རྩ་མ་ལག་གི་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱེད་སྐབས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་དངུལ་རྩའི་ཉེན་ཁ་སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་ཏན་ཏིག་འཁུར་ནས། ཉེན་ཁ་སྣ་ཚོགས་ཀྱི་མི་མངོན་པའི་རྐྱེན་ངན་ནུས་ལྡན་ངང་སེལ་དགོས།སྲིད་ཇུས་ཀྱི་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས། དམངས་འཚོ་དང་ཉམས་ཞན་རིམ་པའི་དངུལ་རྩའི་འགན་ལེན་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་སྟེ། དམངས་འཚོ་འགན་ལེན་གྱི་དངུལ་རྩའི་རྨང་རྡོ་བརྟན་དུ་གཏོང་དགོས།དངུལ་རྩའི་སྒྲིག་གཞི་ཁག་གིས་དངུལ་རྩའི་ཉེན་ཁ་དོགས་ཟོན་དང་སེལ་བའི་འགན་འཁྲི་གཙོ་བོ་ནན་དུ་བཏང་སྟེ། དངུལ་རྩའི་གྱོད་གཞི་དང་ཉེན་ཁའི་དོན་རྐྱེན་སྣ་ཚོགས་བྱུང་བར་གཏན་འགོག་བྱ་དགོས་ཞེས་ནན་གསུང་གནང་།
ཚོགས་འདུའི་ཐོག་ད་དུང་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་དང་སློབ་གསོའི་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་བྱས།
- བདེ་ཆེན་གསར་འགྱུར།
ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡིས་ཚོགས་འདུ་ཐེངས་76པ་འཚོགས།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། ཞིང་གྲོང་གི་མཛེས་ཉམས།
ཞོགས་པ་བདེ་ལེགས།འཛམ་གླིང་གི་སེམས་ཀྱི་ཉི་ཟླ། མེ་ཏོག་སྣ་བརྒྱ་བཀྲ་བའི་དཔྱིད་ཀ
ཞོགས་པ་བདེ་ལེཊ།འཛམ་གླིང་གི་སེམས་ཀྱི་ཉི་ཟླ།དཔྱིད་ཆུ་ཤར་དུ་རྒྱུག་པ
ཞིང་ཨུས་འགོ་ཁྲིད་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་དུ་བསྟར་བའི་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་བསྡུས་པ།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། དཔྱིད་ཀྱི་མེ་ཏོག
ཁུལ་སྲིད་གཞུང་གིས་དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་སྐྱོད་བྱེད་པའི་ཆེད་དོན་ཚོགས་འདུ་འཚོགས།
མྱི་ཟུར་ཡུལ་དུ་རི་སྐྱེས་ཀྲུང་ཧྭའི་དོམ་ཆུང་རྒྱུ་བ་མཐོང་།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108