中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཞིང་ཨུས་འགོ་ཁྲིད་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་དུ་བསྟར་བའི་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་བསྡུས་པ།

ཁྱབ་བསྒྲགས་དུས་ཚོད་:2026-03-20 15:13:20

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་དུ་བསྟར་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱས་པ།

ཝང་ཉིང་གི་གསུང་བཤད་གནང་།ཝང་ཡུས་པོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་། ལིའུ་ཧུང་ཅན་དང་ལིའུ་ཞའོ་ཁའེ་སོགས་ཚོགས་འདུར་ཞུགས་ཡོད།

ཟླ་3ཚེས་17ཉིན་ནས་ཚེས18ཉིན་བར། ཞིང་ཆེན་ཡོངས་ཀྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་ལས་བྱེད་པ་དང་ཞིང་ཆེན་ཐད་གཏོགས་སྡེ་ཁག་གི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་སློབ་སྦྱོང་དང་ལག་ལེན་དུ་བསྟར་བའི་སློབ་གསོའི་དཔེ་ཀློག་འཛིན་གྲྭ་དང་ཞིང་ཆེན་ཏང་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གི་གཅིག་བསྡུས་སློབ་སྦྱོང་དེ་ཡུས་ཞི་གྲོང་ཁྱེར་ཏང་ཨུའི་ཏང་གི་སློབ་གྲྭར་འཚོགས་པ་རེད།


ཟླ་3ཚེས་17ཉིན་ནས་ཚེས18ཉིན་བར། ཞིང་ཆེན་ཡོངས་ཀྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་ལས་བྱེད་པ་དང་ཞིང་ཆེན་ཐད་གཏོགས་སྡེ་ཁག་གི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་སློབ་སྦྱོང་དང་ལག་ལེན་དུ་བསྟར་བའི་སློབ་གསོའི་དཔེ་ཀློག་འཛིན་གྲྭ་དང་ཞིང་ཆེན་ཏང་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གི་གཅིག་བསྡུས་སློབ་སྦྱོང་དེ་ཡུས་ཞི་གྲོང་ཁྱེར་ཏང་ཨུའི་ཏང་གི་སློབ་གྲྭར་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་དུ་བསྟར་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་། སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། འགོ་ཁྲིད་ལས་བྱེད་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས་ཞིང་ཆེན་ཡོངས་ཀྱི་སློབ་སྦྱོང་དང་སློབ་གསོར་སྐུལ་ཁྲིད་བྱེད་པར་ནུས་ཐོན་དང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། རིམ་པ་ཁག་གི་ཏང་རྩ་འཛུགས་དང་ཏང་ཡོན། ལས་བྱེད་པས་དངོས་ཐོག་བདེན་འཚོལ་དང་བདེན་འཚོལ་དོན་གཉེར་རྒྱུན་འཁྱོངས་བྱས་ཏེ་མི་དམངས་ཀྱི་ཆེད་དུ་སྲིད་དོན་ལས་རྗེས་འཇོག་པ་དང་། དངོས་དོན་སྒྲུབ་པར་བརྟེན་ནས་སྲིད་དོན་ལས་རྗེས་འཇོག་པར་སློབ་གསོ་དང་ཁྲིད་སྟོན་གནང་ཡོད།

ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་གིས་འཛིན་གྲྭ་གཉེར་འགོ་ཚུགས་པའི་སྐུལ་སློང་དང་ཕྱོགས་སྡོམ་གསུང་བཤད་གནང་བ་དང་ཞིང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲེང་ཀྲང་ཝང་ཡུས་པོ་ཡིས་གཙོ་སྐྱོང་གནང་། ཞིང་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུན་མིང་གྲོང་ཨུའི་ཧྲུའུ་ཅི་ལིའུ་ཧུང་ཅན་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ལིའུ་ཞའོ་ཁའེ་ཚོགས་ཞུགས་གནང་ཡོད།

ཝང་ཉིང་གིས་འཛིན་གྲྭ་གཉེར་འགོ་ཚུགས་པའི་སྐུལ་སློང་དང་ཕྱོགས་སྡོམ་གསུང་བཤད་གནང་བ།

ཝང་ཉིང་གིས་འཛིན་གྲྭ་གཉེར་འགོ་ཚུགས་པའི་སྐུལ་སློང་བྱེད་སྐབས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲིད་དོན་ལས་རྗེས་ཀྱི་ལྟ་བའི་གནད་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་དུ་བསྟར་རྒྱུར་དམིགས་ནས་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་གནང་སྟེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རང་འགན་གཙང་སྒྲུབ་དང་ལས་སྒྲུབ་ལས་གཏོད་བྱ་རྒྱུར་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་གནང་ཡོད། ཀྲུང་དབྱང་གིས་ཁ་གསལ་བཟོས་པའི་སློབ་སྦྱོང་གི་ནང་དོན་ལ་དམིགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་གསལ་པོ་དང་གོ་བ་མཐར་ཕྱིན་ཏན་ཏིག་ལེན་པ་དང་། བདེན་དོན་གྱི་བྲོ་བ་ངོ་མ་འདོན་པ་དང་། དམངས་ལ་བཅངས་པའི་བརྩེ་སེམས་འདོན་པ། ཇུས་ཐག་གཅོད་ཐབས་འདོན་པ། ལས་དོན་སྒྲུབ་པའི་སྤྲོ་སེམས་འདོན་པ་བཅས་བྱས་ཏེ་སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡང་དག་པ་སེམས་ལ་འཛིན་པ་དང་ལས་ཀའི་ཐོག་སྤྱོད་དགོས། དངོས་དོན་སྒྲུབ་པའི་གྲུབ་འབྲས་དངོས་ལ་བརྟེན་ནས་“གཏན་འཁེལ་གཉིས་”ལ་བློ་བརྟན་འགྱུར་མེད་ཀྱིས་བརྩི་བཀུར་ཞུ་བ་དང་།“སྲུང་སྐྱོང་གཉིས་”མཐའ་གཅིག་ཏུ་སྒྲུབ་དགོས། ཇི་མ་ཇི་བཞིན་སློབ་སྦྱོང་དང་། བློ་རྩེ་གཅིག་སྒྲིམ་གྱིས་མ་རྩོམ་ཀློག་པ། མ་ཡིག་སྦྱོང་བ། རྩ་བའི་རིགས་པ་རྟོགས་པ་བཅས་བྱས་ཏེ་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་དུ་བསྟར་བའི་ལྟེ་བའི་དོན་སྙིང་དང་། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་ཁོང་དུ་ཡང་དག་ཆུད་པར་བྱ་དགོས། གནད་དོན་ལ་དམིགས་ནས་སློབ་སྦྱོང་བྱས་ཏེ་རང་ཉིད་དེའི་ནང་དུ་འཇུག་པ་དང་། འགན་འཁྲི་དེའི་ནང་དུ་འཇོག་པ། ལས་ཀ་དེའི་ནང་དུ་འཇོག་པ་བཅས་བྱས་ཏེ་“ནན་ཏན་”ལ་དང་དོད་བྱེད་པའི་རྣམ་འགྱུར་ཐོག་ནས་ཧེ་བག་དང་མི་འདང་སར་ཞིབ་ལྟ་བྱས་ཏེ་གང་ཞིག་སྒྲུབ་ཐུབ་པ་དང་། གང་ཞིག་སྒྲུབ་མི་ཐུབ་པ། སུའི་ཆེད་དུ་སྒྲུབ་པ། གང་འདྲ་བྱེད་དགོས་པ་བཅས་གསལ་པོར་ཤེས་པར་བྱ་དགོས། ཤེས་སྤྱོད་ཟུང་འབྲེལ་གྱིས་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤྱོད་ཚུལ་སྒྱུར་བ་དང་། ཕན་ནུས་འདོན་པ། དོན་དངོས་སྒྲུབ་པ་བཅས་བྱས་ནས་སློབ་སྦྱོང་གི་ཕན་འབྲས་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། “3815”འཐབ་ཇུས་ཀྱི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་བའི་གྲུབ་འབྲས་དངོས་སུ་ཏན་ཏིག་བསྒྱུར་དགོས་ཞེས་བསྟན་ཡོད།

ཝང་ཉིང་གིས་ཕྱོགས་སྡོམ་གསུང་བཤད་གནང་སྐབས་ཞིང་ཆེན་ཡོངས་ཀྱི་སློབ་སྦྱོང་སློབ་གསོ་སྤེལ་འགོ་ཚུགས་ཚུན་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཕྱོགས་གཅིག་ནས་སློབ་སྦྱོང་དང་།ཕྱོགས་གཅིག་ནས་ཞིབ་ལྟ་དང་ཕྱོགས་གཅིག་ནས་བཅོས་སྒྲིག་བྱས་ཏེ་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་ཐེབས་པ་དང་འཕེལ་རིམ་ཡག་པོ་བྱུང་ཡོད།གོམ་སྟབས་རྗེས་མར་གཙོ་གནད་ལ་དམིགས་པ་དང་རྒྱུན་མཐུད་ཤུགས་འདོན་བྱས་ཏེ་སློབ་སྦྱོང་སློབ་གསོ་རྒྱུན་ཆད་མེད་པར་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས། རིམ་པ་ཁག་གི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པའི་ཐད་འབད་བརྩོན་བྱས་ནས་ཕན་འབྲས་ཐོན་པར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་ཡག་པོ་དང་། ཁོང་དུ་ཡག་པོ་ཆུད་པ། ལག་བསྟར་ཡག་པོ་བཅས་བྱས་ཏེ་སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡང་དག་པ་འཛུགས་དགོས་པ་མ་ཟད། དེར་བརྟེན་ནས་བྱས་རྗེས་འཇོག་པ་དང་ལས་དོན་སྒྲུབ་ཐུབ་པར་བྱ་དགོས།

གནད་དོན་དག་ཐེར་ཡོ་བསྲང་བྱེད་པའི་ཐད་འབད་བརྩོན་བྱས་ནས་ཕན་འབྲས་ཐོན་པར་བྱེད་པ་དང་། “ལྟ་སྡུར་བཞི་དང་ཞིབ་བཤེར་བཞི་”ཡི་བླང་བྱ་ལྟར་གནད་དོན་གནས་རིགས་གནད་དུ་འཁེལ་བར་འཚོལ་བ་དང་། དག་ཐེར་ཡོ་བསྲང་དང་བཅོས་སྐྱོང་དམ་འཛིན་ཏན་ཏིག་སྒྲིག་སྲོལ་དང་ལམ་ལུགས་འཛུགས་སྐྱོང་ལེགས་པོ་བཅས་བྱས་ཏེ་སྲིད་དོན་བྱས་རྗེས་ཀྱི་ལྟ་བ་ཡང་དག་པ་དེ་ལས་བྱེད་པའི་རང་རྟོགས་དང་ལམ་ལུགས་ཚད་ལྡན་དུ་འགྱུར་བར་བྱ་དགོས། དམངས་ཀྱི་ཆེད་དུ་བྱ་བ་སྒྲུབ་པའི་ཐད་འབད་བརྩོན་བྱས་ནས་ཕན་འབྲས་ཐོན་པར་བྱས་ཏེ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རང་རྟོགས་ངང་ལག་ལེན་བསྟར་བ་དང་།ཞིང་པའི་འབབ་འཕར་དང་། ལས་ཞུགས།སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་བཅས་དོན་ཆེན་གསུམ་ནན་ཏན་གྱིས་དམ་འཛིན་བྱས་ཏེ་མང་ཚོགས་ལ་རྒྱུན་མཐུད་ནས་འབབ་འཕར་བྱུང་བའི་གནད་དོན་ལ་ལན་ཡག་པོ་འདེབས་དགོས། སྤྱོད་ཚུལ་ལེགས་བཅོས་ཐད་འབད་བརྩོན་བྱས་ནས་ཕན་འབྲས་ཐོན་པར་བྱེད་པ་དང་། སྤྱོད་ཚུལ་གསར་བརྗེའི་ཕན་ནུས་གསར་བརྗེ་མཐོར་འདེགས་ཀྱི་བྱ་སྤྱོད་ཡག་པོ་སྤེལ་དགོས། འགན་མི་འཁུར་བ་དང་། སེམས་མི་བཀོལ་བ། ནན་ཏན་མི་བྱེད་པ་སོགས་ཀྱི་གནད་དོན་ཤུགས་ཆེན་པོས་སེལ་ནས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་སེམས་ཤུགས་དང་སྟོབས་ཤུགས་དེ་དམངས་འཚོ་ལེགས་བཅོས་དང་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཐད་སྤྱོད་དགོས་པའི་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས་པའི་ནན་བཤད་གནང་ཡོད།

ཝང་ཉིང་གིས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སློབ་སྦྱོང་སློབ་གསོ་དང་མིག་སྔའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་གཅིག་གྱུར་འཆར་འགོད་ཡག་པོ་དང་སྐུལ་འདེད་ཡག་པོ་བཏང་ནས་ཀྲུང་དབྱང་གི་སྐོར་གཟིགས་དག་ཐེར་ལ་དམ་འཛིན་ཡག་པོ་བྱེད་པ་དང་ནགས་ཚལ་མེ་ཟོན་ལ་དམ་འཛིན་ཞིབ་ཚགས་བྱས་ཏེ་ཞིང་ལས་ཐོན་རྫས་ཐོན་སྐྱེད་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ནུས་ཤུགས་ཡོད་རྒུས་རྣམ་གྲངས་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ་དང་ནུས་ལྡན་གྱི་མ་འཇོག་རྒྱ་ཆེར་ཧུར་ཐག་བཏང་ནས་“ལོ་ལྔ་ཚན་བཅོ་ལྔ་པའི་”འགོ་ཚུགས་པར་སྐུལ་འདེད་བཏང་སྟེ་ཡུན་ནན་གྱི་འཕེལ་རྒྱས་རྣམ་པ་གསར་བ་གཏོད་དགོས་པའི་བླང་བྱ་བཏོན་ཡོད།

ད་ཐེངས་ཀྱི་དཔེ་ཀློག་འཛིན་གྲྭར་ཉིན་གཉིས་ཀྱི་དུས་ཚོད་སྤྱད་དེ་ལས་བྲལ་སློབ་སྦྱོང་བྱས་པ་དང་དུས་ཚོད་ཐུང་ཡང་ཕན་འབྲས་ཧ་ཅང་ཡག་པོ་ཐོན་ཡོད། སློབ་མ་ཡོངས་སློབ་ཁང་དུ་བསྡད་དེ་གཅིག་བསྡུས་ཀྱིས་རང་སྦྱོང་བྱས་ཤིང་། སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡང་དག་པ་འཛུགས་པ་དང་ལག་ལེན་དུ་བསྟར་བའི་སྐོར་གྱི་རྒྱས་བཤད་གནད་བསྡུསདང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་གནས་སུ་ལས་ཀ་བྱེད་རིང་སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡང་དག་པ་རྒྱུན་འཁྱོངས་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན། ཀྲུང་དབྱང་དང་ཞིང་ཨུའི་“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་གྲོས་འགོའི་དཔྱད་གཞིའི་རྒྱུ་ཆ་བཅས་ལ་རེ་རེ་བཞིན་སློབ་སྦྱོང་དང་། ཚིག་འབྲུ་རེ་རེ་བཞིན་བཀླགས་ནས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པའི་ཁྲོད་དུ་དད་སེམས་བརྟན་དུ་གཏོང་བ་དང་ཏང་གཤིས་ཆེ་རུ་གཏོང་བ། དད་སེམས་དང་ལག་ལེན་ཁྲོད་རང་འགན་གཙང་སྒྲུབ་དང་ལས་སྒྲུབ་ལས་གཏོད་བྱེད་དགོས། ཚང་མས་སེམས་རྣལ་དུ་ཕབ་ནས་དཔེ་ཆ་ནན་ཏན་ཀློག་པ་དང་། སེམས་རྣལ་དུ་ཕབ་ནས་བསམ་གཞིགས་ཞིབ་ཚགས་བྱེད་པ། ཁྱོན་ཡོངས་ནས་སློབ་སྦྱོང་དང་། བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་། སློབ་སྦྱོང་གཏིང་ཟབ་བཅས་བྱས་པ་བརྒྱུད་སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡང་དག་པ་འཛུགས་པ་དང་ལག་ལེན་དུ་བསྟར་བའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་སྔར་ལས་ཆེ་རུ་ཕྱིན་པ་དང་། ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་གྲུབ་འབྲས་དངོས་གསར་སྐྲུན་གང་ཐུབ་བྱས་ཡོད།

ཞིང་ཨུའི་རྒྱུན་ཨུ་དང་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་འགོ་ཁྲིད་ཚན་པའི་ཁོངས་མི། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འགོ་འཛིན། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན། ཞིང་ཆེན་རིམ་པའི་སྡེ་ཁག་དང་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ་སློབ་སྦྱོང་ནང་ཞུགས་ཡོད།

图片

来源:云南发布

编译:才让东周

二审:万玛措

卓玛央初



  • བདེ་ཆེན་གསར་འགྱུར།

ཞིང་ཨུས་འགོ་ཁྲིད་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་དུ་བསྟར་བའི་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་བསྡུས་པ།

ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། དཔྱིད་ཀྱི་མེ་ཏོག

ཁུལ་སྲིད་གཞུང་གིས་དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་སྐྱོད་བྱེད་པའི་ཆེད་དོན་ཚོགས་འདུ་འཚོགས།

མྱི་ཟུར་ཡུལ་དུ་རི་སྐྱེས་ཀྲུང་ཧྭའི་དོམ་ཆུང་རྒྱུ་བ་མཐོང་།

ལུའོ་ཁྲའོ་ཧྥེང་གིས“ཆུའི”ཐོན་ལས་ལ་བརྟག་ཞིབ་གནང་སྐབས་ཐོན་ཁུངས་བསྡུ་སྒྲིལ་ཅི་སྤྱོད་བྱས་ནས་ཆུ་དང་འབྲེལ་བའི་ལས་རྣམ་གསར་པའི་འཕེལ་རྒྱས་མགྱོགས་སུ་བཏང་སྟེ་ནུས་ཤུགས་ཡོད་རྒུས“ཆུའི”ལས་དོན་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ།

ཁུལ་ཡོངས་ཀྱི་ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།ལུའོ་ཁྲའོ་ཧྥེང་གིས་མཆན་འགོད་མཛུབ་སྟོན་གནང་བ་དང་། ཞུས་སི་སི་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།

སེམས་ཀྱི་ཉི་ཟླར་བཀྲ་ཤིས་པའི་ཁ་བ་བབས་བྱུང་།

ཀྲང་ཝེ་ཏུང་གིས་ཡུན་ནན་འཛུགས་སྐྲུན་ཚོགས་པ་དང་མཇལ་འཛོམས་བྱས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com