中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཉར་ཚགས་བྱོས། ཀྲུང་གོ་གུང་ཁྲན་ཏང་གི་ཏང་རྟགས་དང་ཏང་དར་སྲོལ་ཡིག

ཁྱབ་བསྒྲགས་དུས་ཚོད་:2021-07-02 16:33:35 འབྱུང་ཁུངས་:ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་གུང་ཁྲན་ཏང་གི་ཏང་རྟགས་དང་ཏང་དར་སྲོལ་ཡིག

(2021ལོའི་ཟླ6པའི་ཚེས17ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་ཆོག་མཆན་བཀོད་ཅིང་། 2021ལོའི་ཟླ6པའི་ཚེས26ཉིན་ཀྲུང་གུང་ཀྲུང་དབྱང་གིས་ཁྱབ་བསྒྲགས་བྱས)

 དོན་ཚན་དང་པོ།  ཏང་རྟགས་དང་ཏང་དར་བཟོ་བ་དང་། བེད་སྤྱོད། དོ་དམ་བཅས་ཚད་ལྡན་དུ་གཏོང་བ་དང་། ཏང་རྟགས་དང་ཏང་དར་གྱི་ཆབ་སྲིད་ནུས་པ་གང་ལེགས་སྒོས་འདོན་པ། ཏང་གི་གཅིག་འདུས་ནུས་ཤུགས་དང་འཐབ་རྩོད་ནུས་ཤུགས་ཇེ་དྲག་ཏུ་གཏོང་བ། ཏང་ཡོན་གྱི་ཏང་གི་འདུ་ཤེས་སློང་བ། ཏང་ཡོངས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་ཅིང་འགན་འཁྲི་ཡིད་ལ་དམ་པོར་བཅིངས་པར་སྐུལ་བ། ཕུགས་འདུན་དད་སེམས་བརྟན་པར་བྱས་ཏེ། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཏང་གི་དར་ཆའི་འོག་འབད་འཐབ་མདུན་སྐྱོད་བྱེད་པར་མཐུན་སྒྲིལ་དམ་པོས་སྣེ་ཁྲིད་བྱེད་པར། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》གཞིར་བཟུང་ནས་སྲོལ་ཡིག་འདི་གཏན་ལ་ཕབ། 


 དོན་ཚན་གཉིས་པ། ཀྲུང་གོ་གུང་ཁྲན་ཏང་གི་ཏང་རྟགས་ནི་ཟོར་བ་དང་སྟ་རེ་སྣོལ་མའི་རི་མོ་ཡིན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་ཏང་དར་ནི་དར་ཆའི་ངོས་སུ་གསེར་མདོག་གི་ཏང་རྟགས་རི་མོས་རྒྱན་པའི་དར་དམར་ཡིན། 


ཏང་རྟགས་དང་ཏང་དར་གྱིས་ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་གོའི་བཟོ་པ་གྲལ་རིམ་གྱི་གདོང་ལེན་རུ་ཁག་ཡིན་པ་མཚོན་ཡོད་དང་། དུས་མཚུངས་སུ་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་གདོང་ལེན་རུ་ཁག་ཡིན་པ་མཚོན་ཡོད་ལ། ཀྲུང་གོ་མི་དམངས་ཀྱི་བདེ་སྐྱིད་ལ་འབད་ཅིང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་ལ་བརྩོན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ། གུང་ཁྲན་རིང་ལུགས་ཀྱི་རླབས་ཆེ་བའི་རྒྱང་རིང་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ཀྱི་སླད་དུ་དཀའ་སྤྱད་འབད་བརྩོན་བྱེད་པའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཞིག་ཡིན་པ་གསལ་པོར་བསྟན་ཡོད། 


 དོན་ཚན་གསུམ་པ། ཀྲུང་གོ་གུང་ཁྲན་ཏང་གི་ཏང་རྟགས་དང་ཏང་དར་ནི་ཀྲུང་གོ་གུང་ཁྲན་ཏང་གི་མཚོན་བྱེད་དང་མཚོན་རྟགས་ཡིན། 


ཏང་གི་རིམ་པ་སོ་སོའི་རྩ་འཛུགས་དང་ཏང་ཡོན་རེ་རེ་ནས་ཏང་རྟགས་དང་ཏང་དར་གྱི་བརྗིད་ཉམས་ལ་སྲུང་སྐྱོབ་བྱེད་དགོས། 


 དོན་ཚན་བཞི་པ། ཏང་རྟགས་དང་ཏང་དར་བཟོ་བ་དང་། བེད་སྤྱོད། དོ་དམ་བྱེད་པར་ངེས་པར་གཅིག་གྱུར་ཚད་གཞི་དང་གཅིག་གྱུར་ཚད་ལྡན་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད། རིམ་དགར་འགན་ཁུར་དང་གཅིག་བསྡུས་དོ་དམ་རྒྱུན་འཁྱོངས་བྱེད་དགོས། 
དོན་ཚན་ལྔ་པ། ཏང་རྟགས་ཀྱི་ཚངས་ཐིག་ཕྱོགས་ནས་རྒྱུན་སྤྱོད་ཚད་གཞི་གཤམ་གསལ་རིགས་གསུམ་ཡོད། 


གཅིག ལི་སྨི100ཅན། 

གཉིས། ལི་སྨི80ཅན། 

གསུམ། ལི་སྨི60ཅན། 

རྒྱུན་སྤྱོད་ཚད་གཞི་མིན་པའི་ཏང་རྟགས་འགེལ་དགོས་ཚེ། རྒྱུན་སྤྱོད་ཚད་གཞིའི་བསྡུར་ཚད་ལྟར་འོས་འཚམ་སྒོས་ཆེ་ཆུང་གང་རུང་བཟོས་ཏེ། རྒྱབ་ལྗོངས་དང་ཁོར་ཡུག་ལ་འཚམ་པར་འགེལ་དགོས། 

ཏང་རྟགས་ཀྱི་རི་མོའི་ཁ་མདོག་ལ་སྤྱིར་བཏང་སེར་པོའམ་དམར་པོ་བེད་སྤྱོད་བྱེད་དགོས། 


 དོན་ཚན་དྲུག་པ། གཤམ་གྱི་གནས་ཚུལ་འོག་ཏང་རྟགས་སམ་ཏང་རྟགས་རི་མོ་སྤྱོད་འོས། 


(གཅིག) ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་དང་། འཐུས་མི་གྲོས་ཚོགས། ས་གནས་ཀྱི་རིམ་པ་སོ་སོའི་འཐུས་མི་ཚོགས་ཆེན་དང་འཐུས་མི་གྲོས་ཚོགས་བཅས་འཚོགས་སྐབས། མངོན་གསལ་གནས་ཡུལ་དུ་ཏང་རྟགས་བཀལ་ཏེ། དེའི་ཕྱོགས་གཉིས་སུ་དར་དམར་ལྔ་རེ་འགེལ་དགོས། 

(གཉིས) ཏང་གི་ཀྲུང་དབྱང་དང་ས་གནས་ཀྱི་ཨུ་ཡོན་ལྷན་ཁང་གི་ཚོགས་མི་ཡོངས་ཀྱི་ཚོགས་འདུ་འཚོགས་སྐབས། མངོན་གསལ་གནས་ཡུལ་དུ་ཏང་རྟགས་འགེལ་དགོས། 

(གསུམ) ཏང་གི་ཀྲུང་དབྱང་དང་ས་གནས་ཀྱི་ཨུ་ཡོན་ལྷན་ཁང་དང་དེའི་ལས་དོན་སྡེ་ཁག  ཏང་གི་ཀྲུང་དབྱང་དང་ས་གནས་ཀྱི་ཨུ་ཡོན་ལྷན་ཁང་གིས་དམིགས་བསལ་ས་ཁོངས་སུ་མངགས་པའི་འཐུས་ཚབ་ལས་ཁུངས་དང་ལས་དོན་སྡེ་ཁག  ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་དང་ཏང་ཙུའུ། ཏང་གི་གཞི་རིམ་རྩ་འཛུགས་བཅས་ཀྱི་ཐམ་གའི(ཐམ་རིས)དབུས་སུ་ཏང་རྟགས་རི་མོ་བརྐོ་དགོས། 


 དོན་ཚན་བདུན་པ། ཏང་གི་གཞི་རིམ་ཨུ་ཡོན་ལྷན་ཁང་གིས་ཏང་ཡོན་ཚོགས་ཆེན་ནམ་ཏང་ཡོན་འཐུས་མིའི་ཚོགས་ཆེན་འཚོགས་སྐབས། དགོས་མཁོ་ལྟར་ཏང་རྟགས་འགེལ་ཆོག 


གཤམ་གྱི་གནས་ཚུལ་དག་ལ་ཏང་རྟགས་ཀྱི་རི་མོ་སྤྱད་ཆོག

(གཅིག) ཏང་ནང་གི་གྲོས་ཚོགས་གལ་ཆེན་དང་། བྱེད་སྒོ་གལ་ཆེན་ལ་སྤྱོད་པའི་དཔང་ཡིག་དང་མཚོན་རྟགས་སོགས།

(གཉིས) ཏང་གི་རིམ་པ་སོ་སོའི་རྩ་འཛུགས་ཀྱིས་གནང་པའི་གཟེངས་རྟགས་དང་། རྟགས་མ། བྱ་དགའ། གཟེངས་བསྟོད་དཔང་ཡིག གཞན་པའི་གཟི་བརྗིད་རང་བཞིན་གྱི་ཡིག་ཆ་དང་དཔང་ཡིག སྒྲིག་བཟོ་བྱས་པའི་འབྲེལ་ཡོད་བྱ་བའི་དཔང་ཡིག་སོགས།

(གསུམ) ཏང་ནང་གི་དཔེ་སྐྲུན་དངོས་པོ་གལ་ཆེན་རིགས་དང་དྲིལ་སྒྲོག་ཡིག་རིགས་སོགས།

(བཞི) ཏང་གི་རྩ་འཛུགས་རིམ་པ་སོ་སོའི་དྲ་རྒྱ་དང་དྲ་ཚིགས།

(ལྔ) ཏང་ཡོན་གྱི་སློབ་གསོའི་རྟེན་གཞི་དང་། ཏང་ཡོན་གདོང་ལེན་པའི་ལས་གནས། ཏང་འཛུགས་སྐྱོང་གི་དྲིལ་སྒྲོག་སྟེགས་བུ། དེ་བཞིན་ཏང་དང་མང་ཚོགས་ཀྱི་ཞབས་ཞུ་ལྟེ་གནས་དང་། ཏང་ཡོན་བྱ་འགུལ་ཁང་སོགས་གཞི་རིམ་གྱི་ཏང་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་གནས།

(དྲུག) ཏང་གིས་ཕྱི་འབྲེལ་ལས་དོན་སྤེལ་སྐབས།


 དོན་ཚན་བརྒྱད་པ། ཏང་གི་དར་ཆ་སྤྱོད་པའི་ཚད་གཞིར་གཤམ་གསལ་རིགས་ལྔར་དབྱེ་ཡོད།


(གཅིག) རིང་ཚད་ལ་ལི་སྨི288དང་། ཞེང་ཚད་ལ་ལི་སྨི192ཡོད་པ།

(གཉིས) རིང་ཚད་ལ་ལི་སྨི240དང་། ཞེང་ཚད་ལ་ལི་སྨི160ཡོད་པ།

(གསུམ) རིང་ཚད་ལ་ལི་སྨི192དང་། ཞེང་ཚད་ལ་ལི་སྨི128ཡོད་པ།

(བཞི) རིང་ཚད་ལ་ལི་སྨི144དང་ཞེང་ཚད་ལ་ལི་སྨི96ཡོད་པ།

(ལྔ) རིང་ཚད་ལ་ལི་སྨི96དང་། ཞེང་ཚད་ལ་ལི་སྨི64ཡོད་པ།

     དམིགས་བསལ་གནས་ཡུལ་དུ་སྤྱི་སྤྱོད་ཚད་གཞི་མིན་པའི་ཏང་གི་དར་ཆ་སྤྱོད་དགོས་ཚེ། སྤྱི་སྤྱོད་ཀྱི་ཚད་གཞི་ལྟར་བསྡུར་ཚད་བཟོས་ནས་འོས་འཚམ་གྱིས་ཆེ་རུ་གཏོང་བའམ་ཡང་ན་ཆུང་དུ་བཏང་ཆོག


དོན་ཚན་དགུ་པ། གཤམ་གྱི་གནས་ཚུལ་སྐབས་ཏང་གི་དར་ཆ་སྤྱད་ཆོག


(གཅིག) ཏང་ཡོན་གསར་པ་ཏང་ནང་དུ་ཞུགས་པའི་དམ་བཅའ་འཇོག་པའི་མཛད་སྒོ་སྤེལ་བ་དང་། ཏང་ཡོན་རྩ་འཛུགས་བྱས་ཏེ་ཏང་ནང་དུ་ཞུགས་པའི་དམ་བཅའ་བསྐྱར་སྦྱོང་བྱེད་སྐབས།

(གཉིས) ཏང་ནང་དུ་རྟེན་འབྲེལ་གལ་ཆེན་ཞུ་བ་དང་དྲན་གསོའི་བྱེད་སྒོ་སྤེལ་སྐབས།

(གསུམ) ཏང་གི་ཀྲུང་དབྱང་དང་ས་གནས་ཨུ་ཡོན་ལྷན་ཁང་དང་དེའི་ལས་དོན་སྡེ་ཁག  ཏང་གི་ཀྲུང་དབྱང་དང་ས་གནས་ཨུ་ཡོན་ལྷན་ཁང་གིས་དམིགས་བཙུགས་ས་ཁོངས་སུ་མངག་གཏོང་བྱས་པའི་འཐུས་ཚབ་ལས་ཁུངས་དང་དེའི་ལས་དོན་སྡེ་ཁག ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས། ཏང་ཙུའུ་བཅས་ཀྱི་གྲོས་ཚོགས་ཁང་།


 དོན་ཚན་བཅུ་པ། གཤམ་གསལ་གྱི་གནས་ཚུལ་དག་ལ་ཏང་གི་དར་ཆ་སྤྱད་ཆོག


(གཅིག) ཏང་ཡོན་གྱི་ཚོགས་ཆེན་དང་ཏང་གི་གཞི་རིམ་འཐུས་མིའི་ཚོགས་ཆེན་འཚོགས་པ།

(གཉིས) ཏང་གི་གཞི་རིམ་རྩ་འཛུགས་ཀྱིས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱ་འགུལ་སྤེལ་སྐབས།

(གསུམ) ཏང་ཡོན་གྱི་སློབ་གསོའི་རྟེན་གཞི་དང་། ཏང་ཡོན་གདོང་ལེན་ལས་གནས། དེ་བཞིན་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས། ཏང་ཡོན་བྱ་འགུལ་ཁང་སོགས་གཞི་རིམ་ཏང་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་གནས།

(བཞི) བྱ་བ་གལ་ཆེན་དང་རྣམ་གྲངས་གལ་ཆེན་གྱི་འགག་གནད་སྒྲོལ་བ་དང་ཉེན་སེལ་རྒུད་སྐྱོབ། རིམས་ནད་འགོག་སྲུང་གི་ལས་ཡུལ་དང་པོའི་ཏང་རྩ་འཛུགས་ཀྱི་གཡུལ་ས་དང་། ཏང་ཡོན་འཕྲལ་སྒྲུབ་རུ་ཁག་སོགས།

(ལྔ) ཏང་གིས་ཕྱི་འབྲེལ་ལས་དོན་སྤེལ་སྐབས།

གོང་གསལ་གྱི་གནས་ཚུལ་དག་ཕུད། སྤྱིར་བཏང་དུ་ཏང་རྟགས་ཀྱི་རི་མོ་བེད་སྤྱོད་བྱས་ཆོག་པའི་གནས་ཚུལ་དཔྱད་གཞིར་བཟུང་ནས་ཏང་གི་དར་ཆའི་རི་མོ་བེད་སྤྱོད་བྱས་ཆོག


 དོན་ཚན་བཅུ་གཅིག་པ། གནས་ཚུལ་དམིགས་བསལ་ཅན་ལ་ཏང་གི་དར་ཆ་དང་དར་ཆ་གཞན་དག་དུས་མཉམ་དུ་འགེལ་དགོས་ཚེ། ཏང་གི་དར་ཆ་གནས་ཡུལ་དང་པོར་འཇོག་དགོས།
 དོན་ཚན་བཅུ་གཉིས་པ། སྤྱི་སྤྱོད་ཚད་གཞི་མིན་པའི་ཏང་རྟགས་དང་ཏང་དར་བཟོ་སྐབས། གཏན་འབེབས་ཀྱི་གནས་ཚུལ་ཕུད་ཏང་རྟགས་དང་ཏང་དར་དང་། དེའི་དཔེ་རིས་སྤྱོད་པར་རྫོང་རིམ་པ་ཡན་གྱི་ཏང་ཨུའི་རྩ་འཛུགས་སྡེ་ཁག་ལ་ཆོག་མཆན་ཞུ་དགོས།
 དོན་ཚན་བཅུ་གསུམ་པ། ཏང་རྟགས་དང་ཏང་དར་རི་མོ་བེད་སྤྱོད་བྱས་མི་ཆོག་པའི་སྐོར།


(གཅིག) ཚོང་རྟགས་དང་ཆེད་ཁེའི་བདག་དབང་གི་ཕྱི་ངོས་ཇུས་འགོད་དང་ཚོང་ལས་བརྡ་ཁྱབ།

(གཉིས) སྒེར་གྱི་བྱ་འགུལ།

(གསུམ) སྒེར་གྱི་བྱེད་སྒོ་སྤེལ་ས་དང་སྒེར་གྱི་དྲ་བའི་བར་སྟོང་གི་མཚོན་རྟགས།

(བཞི)སྒེར་གྱི་རྒྱུན་སྤྱོད་དངོས་རྫས་དང་ཉིན་རྒྱུན་འཚོ་བའི་སྒྲིག་ཆས་བཀོད་སྒྲིག

(ལྔ) འོས་མཐུན་མིན་པའི་བྱེད་སྒོ་སྤེལ་ས་དང་གནས་བབ་དང་ཁོར་ཡུག་གཞན་དག 


 དོན་ཚན་བཅུ་བཞི་པ། ཏང་རྟགས་ཏང་དར་སྟེང་ཡི་གེ་དང་མཚོན་རྟགས། རི་མོ་སོགས་ཅི་ཡང་ཁ་སྣོན་བྱས་མི་ཆོག་ལ། ཆག་རལ་དུ་གྱུར་བའམ་བཙོག་སྐྱོན་ཤོར་བ།  མདོག་ཡལ་བའི་ཏང་རྟགས་དང་ཏང་དར་བཀོལ་མི་ཆོག་པ་དང་། ཁྲིམས་སྲོལ་འདིའི་དོན་ཚན་གྱི་ཁྲིམས་བཀོད་གསལ་བཤད་དག་ལས་འགལ་ནས་ཏང་རྟགས་དང་ཏང་དར་བཟོས་མི་ཆོག ལོག་འགེལ་དང་ལོག་འཛུགས། ཡང་ན་ཏང་རྟགས་དང་ཏང་དར་གྱི་བརྗིད་ཉམས་དང་འགལ་བའི་རྣམ་པས་ཏང་དར་དང་ཏང་རྟགས་འགེལ་བ་དང་བེད་སྤྱོད་བྱས་མི་ཆོག


རང་དགར་ཏང་རྟགས་དང་ཏང་དར་གང་སར་གཡུགས་མི་ཆོག ཆག་རལ་དང་ཉམས་ཆག མདོག་ཡལ་བ། མཚོན་རྟགས་ཡི་གེ་དང་རི་མོ་སོགས་ཚད་ལྡན་མིན་པར་བཟོས་པའི་ཏང་རྟགས་དང་ཏང་དར་བེད་སྤྱོད་དང་སྒྲིག་བཟོ་བྱས་མི་ཆོག་ལ། ངེས་པར་གཏན་འཁེལ་ལྟར་ཚུར་ལེན་དང་ཐག་གཅོད་བྱེད་དགོས། ཏང་ནང་ཁུལ་གྱི་རྟེན་འབྲེལ་བྱ་འགུལ་གལ་ཆེན་དང་རྗེས་དྲན་བྱ་འགུལ་སྤེལ་ན། སུས་བྱིན་ན་དེས་འགན་ཁུར་བའི་རྩ་དོན་ལྟར། འབྲེལ་ཡོད་ལས་ཁུངས་ཀྱིས་བྱ་འགུལ་ཡུལ་དངོས་སུ་བཀོལ་བའི་ཏང་རྟགས་དང་ཏང་དར་ཚུར་ལེན་དང་འོས་འཚམ་གྱིས་ཐག་གཅོད་བྱེད་དགོས། 

 དོན་ཚན་བཅོ་ལྔ་པ། ཏང་ཡོན་ཚེ་ལས་འདས་རྗེས། ཏང་ཡོན་རྩ་འཛུགས་འབྲེལ་བ་ཡོད་སའི་ལས་ཁུངས་ཀྱི་འབྲེལ་ཡོད་ཆོག་མཆན་སྤྲོད་དབང་ཡོད་པའི་གཞི་རིམ་ཏང་ཨུའི་ཆོག་མཆན་ཐོབ་པ་བརྒྱུད། དེའི་བེམ་པོ་དང་པུར་སྒམ་སྟེང་ཏང་དར་འགེབས་ཆོག་ན་ཡང་། ཏང་དར་ས་ངོས་སུ་ཐུག་རེག་བྱས་མི་ཆོག་པ་དང་། བེམ་པོ་སྲེག་སྐབས་མེར་སྲེག་མི་ཆོག་ལ་པུར་སྒམ་དུར་འཇུག་བྱེད་སྐབས་ས་འོག་ཏུ་སྦས་མི་ཆོག


 དོན་ཚན་བཅུ་དྲུག་པ། དྲ་བ་དང་པར་སྐྲུན་དངོས་པོ་སོགས་ཀྱི་སྟེང་ཏང་རྟགས་ཏང་དར་གྱི་རི་མོ་སྤྱོད་སྐབས་ངེས་པར་མངོན་གསལ་གནས་ཡུལ་དུ་འཇོག་དགོས།


དྲ་བ་དང་པར་སྐྲུན་དངོས་པོ་སོགས་ཀྱི་སྟེང་ཏང་རྟགས་དང་ཏང་དར་རི་མོ་ཚད་ལྡན་པར་གཞི་འཇོག་དགོས་ལ། གུང་ཁྲན་ཏང་ཡོན་དྲ་བ་དང་ཀྲུང་གོ་གུང་ཁྲན་ཏང་གསར་འགྱུར་དྲ་བས་སྟེང་ཁྱབ་བསྒྲགས་བྱེད་དགོས།


 དོན་ཚན་བཅུ་བདུན་པ། ཏང་རྟགས་དང་ཏང་དར་ཤེས་བྱ་ངེས་པར་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ཏང་ཡོན་སློབ་གསོ་གསོ་སྦྱོང་། ཏང་ཞུགས་སྔོན་ཐོན་པའི་གསོ་སྦྱོང་སོགས་ཀྱི་ནང་དོན་གལ་ཆེན་དུ་བརྩི་དགོས།


རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ངེས་པར་ཏང་ཡོན་དང་གུང་གཞོན་ཚོགས་པའི་ཚོགས་མི། ན་ཆུུང་གདོང་ལེན་པ། མི་དམངས་མང་ཚོགས་བཅས་ལ་སློབ་གསོ་བཏང་ནས་ཏང་རྟགས་ཏང་དར་གྱི་ལོ་རྒྱུས་དང་བསམ་པའི་དགོངས་དོན་ལ་རྒྱུས་ལོན་བྱེད་པ་དང་། རང་འགུལ་གྱིས་ཏང་རྟགས་ཏང་དར་དང་དེའི་རི་མོ་བེད་སྤྱོད་ཚད་ལྡན་བྱེད་པ། ཏང་རྟགས་ཏང་དར་ལ་བརྩི་བཀུར་དང་གཅེས་སྤྲས་བཅས་བྱེད་དགོས།

གསར་འགྱུར་དང་པར་སྐྲུན་ལས་ཁུངས་སོ་སོས་ངེས་པར་ཏང་རྟགས་དང་ཏང་དར་ཤེས་བྱ་དྲིལ་སྒྲོག་ལ་ཤུགས་སྣོན་པ་དང་། ཚད་ལྡན་གྱི་ཏང་རྟགས་ཏང་དར་ཡོད་པའི་ཆ་འཕྲིན་དང་རི་མོ་བེད་སྤྱོད་དང་སྒྲོག་སྤེལ་བྱས་ནས། ཏང་གི་སྣང་བརྙན་ལ་སྲུང་སྐྱོང་བྱེད་དགོས།


 དོན་ཚན་བཅོ་བརྒྱད་པ། ཏང་རྟགས་དང་ཏང་དར་ནི་ཁྲིམས་སྲོལ་འདིའི་ཟུར་བཀོད་ཀྱི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་རྟགས་དང་ཏང་དར་ཁྲིམས་བཀོད་སྒྲིག་བཟོའི་གསལ་བཤད་ལྟར་བཟོ་དགོས། སྒྲིག་བཟོ་ཁེ་ལས་དེ་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)ཏང་ཨུ་རྩ་འཛུགས་པུའུ་ཡིས་ཐོན་སྐྱེད་ཐོབ་ཐང་ཡོད་པའི་ཁེ་ལས་ཁྲོད་གཏན་འཁེལ་བྱེད་དགོས། ལས་ཁུངས་དང་མི་སྒེར་སུ་ཡིན་ཡང་། ཆོག་མཆན་མ་ཐོབ་པར་རང་འདོད་ཀྱིས་ཏང་རྟགས་ཏང་དར་སྒྲིག་བཟོ་བྱས་མི་ཆོག


དོན་ཚན་བཅུ་དགུ་པ། ཏང་རྟགས་དང་ཏང་དར་རྩ་དོན་སྟེང་གཅིག་བསྡུས་ངང་བཀོད་སྒྲིག་འགྲེམ་གཏོང་བྱེད་དགོས་ལ། ཏང་ཨུ་རེ་ལ་ཏང་རྟགས་རེ་ཡོད་པ་དང་ཏང་ཀྲི་པུའུ་རེ་ལ་ཏང་དར་རེ་ཡོད་དགོས་ཏེ། འགྲོ་གྲོན་ཏང་དངུལ་ལས་གཏང་དགོས།


 དོན་ཚན་ཉི་ཤུ་པ། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་རྟགས་དང་ཏང་དར་གྱི་བརྗིད་ཉམས་སྲུང་སྐྱོབ་བྱེད་པ་དེ་ཆབ་སྲིད་ལས་འགན་དུ་བརྩིས་ནས། གཙོ་གཞི་འགན་འཁྲི་དོན་དམ་ལག་བསྟར་བྱེད་དགོས།  རྫོང་རིམ་པ་ཡན་གྱི་ཏང་རྩ་འཛུགས་སྡེ་ཁག་གིས་རང་གི་ས་གནས་དང་རང་གི་ལས་ཁུངས། རང་གི་མ་ལག་སྡེ་ཁག་གི་ཏང་རྟགས་དང་ཏང་དར་སྐོར་གྱི་ལས་དོན་སོ་སོར་ལྟ་སྐུལ་དོ་དམ་འགན་འཁྲི་ལག་བསྟར་བྱེད་དགོས་པ་མ་ཟད། ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག་དང་མཉམ་དུ་ཏང་རྟགས་དང་ཏང་དར་གྱི་ཐོན་སྐྱེད་དང་ཉོ་ཚོང་། ཚོང་ལས་བེད་སྤྱོད་བཅས་ཀྱི་ཕྱོགས་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་དགོས།


ཁྲིམས་འགལ་ངང་ཏང་རྟགས་དང་ཏང་དར་ཐོན་སྐྱེད་ཉོ་ཚོང་བྱེད་པའི་ཁེ་ལས་དང་མི་སྒེར། ཡང་ན་ཁྲིམས་སྲོལ་འདི་དང་འགལ་ཏེ་ཏང་རྟགས་དང་ཏང་དར་དེ་བཞིན་རི་མོ་བེད་སྤྱོད་བྱེད་པའི་བྱ་སྤྱོད་ལ་དག་ཐེར་སློབ་གསོ་གཏོང་བ་དང་དུས་ཐོག་ཏུ་དག་ཐེར་བྱེད་དགོས། གནས་ཚུལ་ཚབས་ཆེན་ཡིན་པའམ་ཡང་ན་དག་ཐེར་དང་ལེན་མི་བྱེད་པའི་གནས་ཚུལ་འབྱུང་ན། འབྲེལ་ཡོད་གཏན་འབེབས་ལྟར་ཐག་གཅོད་བྱེད་དགོས་ཤིང་། ཁྲིམས་འགལ་ནག་ཉེས་དོགས་ཡོད་མི་སྣར་ཁྲིམས་ལྟར་ཐག་གཅོད་བྱེད་དགོས།


 དོན་ཚན་ཉེར་གཅིག་པ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཁྲིམས་སྲོལ་འདི་གཞིར་བཟུང་སྟེ་འབྲེལ་ཡོད་ཆོད་དོན་གཏན་འབེབས་བྱས་ཆོག
 དོན་ཚན་ཉེར་གཉིས་པ། ཏང་རྟགས་ནི་ཏང་ཡོན་གྱི་ཐོབ་ཐང་མཚོན་བྱེད་ཡིན་པས། བཟོ་སྐྲུན་དང་བེད་སྤྱོད། དོ་དམ་ཕྱོགས་ནས་གཏན་འབེབས་གཞན་པར་བསྟུན་དགོས།
 དོན་ཚན་ཉེར་གསུམ་པ། སྲོལ་ཡིག་འདི་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་འགན་ཁུར་ཏེ་འགྲེལ་བཤད་བྱེད་དགོས།
 དོན་ཚན་ཉེར་བཞི་པ། སྲོལ་ཡིག་འདི་ཁྱབ་བསྒྲགས་བྱས་པའི་ཉིན་ནས་བཟུང་ལག་བསྟར་བྱེད་དགོས། དེ་སྔོན་ཁྱབ་བསྒྲགས་བྱས་པའི་ཏང་རྟགས་དང་ཏང་དར་གྱི་འབྲེལ་ཡོད་གཏན་འབེབས་སྲོལ་ཡིག་འདི་དང་མི་མཐུན་པ་ཡོད་ན་སྲོལ་ཡིག་འདི་ལྟར་ལག་བསྟར་བྱེད་དགོས།    


  • བདེ་ཆེན་གསར་འགྱུར།

དྲི་བར་ལྔར་ལན་བསྐྱོན་ནས་འབབ་འཕར་ལ་སྐུལ་འདེད་གཏོང་བ།ཉི་ཤར་ཤང་གིས་ཞིང་ལས་དང་། རིག་གནས་ཡུལ་སྐོར་མཉམ་འདྲེས་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་པ་བཏོད་པ།

ཁུལ་སྲིད་གཞུང་གིས་རྒྱུན་ལས་ཚོགས་འདུ་ཐེངས་84པ་འཚོགས་པ།

ཞོགས་པ་བདེ་ལེགས།འཛམ་གླིང་གི་སེམས་ཀྱི་ཉི་ཟླ། རྣང་ཞིང་གི་མཛེས་སྡུག

ཀྲང་ཝེ་ཏུང་གིས་རུ་སྣེ་ཁྲིད་དེ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ།

ཁུལ་མི་དམངས་སྲིད་གཞུང་སྐབས་བཅུ་བཞི་བའི་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་77པ་བསྡུས་པ།

ལུའོ་ཁྲའོ་ཧྥེང་གིས་“བློ་སྦྱོང”ལས་གྲྭར་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས་འགན་འཁྲི་དང་ལས་འགན་ལ་དམིགས་ནས་རྩ་བ་བརྟན་སྲུང་དང་གསར་གཏོད་མཐའ་འཁྱོངས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་གནང་བ།

ཁུལ་ཨུས་ཆེད་དོན་ཚོགས་འདུ་འཚོགས་ནས་ཁུལ་ཡོངས་ཀྱི་གྲོང་གསེབ་ཐུན་མོང་གི་“མ་དངུལ་དང་རྒྱུ་ནོར།ཐོན་ཁུངས”ཀྱི་ཆེད་དོན་ལས་དོན་ལ་ཞིབ་འཇུག་བྱས།

ཁུལ་ཡོངས་ཀྱི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་གཅིག་སྡུད་བཅོས་སྐྱོང་བྱེད་པའི་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་འཚོགས་པ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com