中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཆམ་རིམས་ཀ་པ་དང་སྤྱིར་བཏང་གི་ཆམ་པའི་བར་ལ་ནད་རྟགས་མི་འདྲ་བ་གང་ཡོད།

ཁྱབ་བསྒྲགས་དུས་ཚོད་:2025-12-01 14:50:45
    ལོ་རེའི་དགུན་དུས་ནི་ཆམ་རིམས་ཐོན་མང་བའི་དུས་ཚིགས་ཡིན་པས། ཉེ་དུས་ཆམ་པ་ཕོག་མཁན་མང་པོ་ཡོད་པ་རེད། ཆམ་རིམས་ཀ་པ་ཕོག་པ་དང་སྤྱིར་བཏང་གི་ཆམ་པ་ཕོག་པ་གཉིས་དབར་ནད་རྟགས་མི་འདྲ་བ་གང་ཡོད་པ་དང་སྨན་བཅོས་དང་སྔོན་འགོག་ཇི་ལྟར་བྱེད་དགོས་པའི་ཐད་སྨན་པས་འདི་ལྟར་གསུངས་པ་གཤམ་གསལ།

    སྤྱིར་བཏང་གི་ཆམ་པ་བརྒྱབ་ན་སྣ་ཁུང་འགག་པ་དང་། སྣ་ཆུ་ཐོན་པ། ཧབ་སྦྲིད་རྒྱག་པ་སོགས་ཀྱི་ནད་རྟགས་ཐོན་ཀྱི་ཡོད་ལ། ཚ་བ་བརྒྱབ་ནའང་ཚ་བ་ཆེན་པོ་རྒྱག་གི་མེད་པ་དང་། སྤྱིའི་ཆ་ནས་ཉིན་3ནས་5ཡི་ནང་དྲག་གི་ཡོད། 

    ཆམ་རིམས་ཀ་པ་ཕོག་པ་ཡིན་ན། ཚ་བ་ཆེན་པོ་ཡུན་རིང་པོ་རྒྱག་གི་ཡོད་པ་མ་ཟད། འདིའི་ནད་རྟགས་གཙོ་བོ་ནི་གློ་རྒྱག་པ་དང་། མིད་པ་ན་བ། ལུས་པོའི་ཤ་གནད་ལ་ཟུག་རྒྱག་པ་དང་། གཟུགས་པོར་ཤུགས་མེད་པ། སྐེད་པ་དང་སྟོད་སྒལ་ན་བ། མིག་ན་བ། གཟུགས་པོར་ཤུགས་མེད་པ། སྐྱུག་མེར་ལང་བ། གྲོད་ཁོག་ན་བ། གྲོད་ཁོག་བཤལ་བ། སྙིང་ཁ་དྲག་པོ་གཡུག་པ་སོགས་ཀྱི་ནད་རྟགས་ཐོན་གྱི་ཡོད་ལ་ཆམ་པ་མི་གཞན་ལ་འགོས་སླ་པོ་ཡོད། སྤྱིར་བཏང་བྱས་ན་ཉིན་7ནང་མ་གཏོགས་དྲག་གི་མེད། 

    ཆམ་རིམས་ཀ་པ་ཕོག་པའི་ནད་རྟགས་ཐོན་ཚེ། ལམ་སེང་སྨན་ཁང་ལ་ཕྱིན་ཏེ་སྨན་པར་ན་ལུགས་ན་སྟངས་གསལ་པོར་བཤད་ནས་བརྟག་དཔྱད་གསལ་པོ་བྱེད་དགོས།

    དྲན་སྐུལ་ཞུ་རྒྱུར། གལ་སྲིད་ཁྱེད་རང་ལ་ཆམ་རིམས་ཀ་པ་ཕོག་པ་ཡིན་ན། ཆུ་ཚོད་48ནང་ལ་སྨན་ཨོ་སེ་ཐ་ཝེ(奥司他韦)བཏང་ཚེ་ནུས་པ་ཆེན་པོ་ཐོན་སྲིད། ཡིན་ནའང་ནམ་རྒྱུན་དུ་ནས་སྨན་འདི་གང་བྱུང་དུ་གཏན་ནས་གཏོང་རྒྱུ་མི་འདུག

འགན་འཁུར་རྩོམ་སྒྲིག་པ།:南珠泽仁 吹批拉姆

  • བདེ་ཆེན་གསར་འགྱུར།

བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་ཧྲང་ཧའེ་གྲོང་ཁྱེར་པའོ་ཧྲན་ཆུས་སུ་བསྐྱོད་ནས་རོགས་སྐྱོར་ལས་དོན་འབྲེལ་མཐུད་བྱས་པ།

བདེ་ཆེན་ཁུལ་ཏང་སྲིད་འཐུས་མི་ཚོགས་པ་ཧྲང་ཧའེ་གྲོང་ཁྱེར་དབྱང་ཕུའུ་ཆུས་སུ་རོགས་སྐྱོར་ལས་དོན་འབྲེལ་མཐུད་བྱེད་པར་བསྐྱོད་པ།

དངོས་སྒྲུབ་ལ་བརྟེན་ནས་ཐོག་མའི་བསམ་འདུན་ལག་བསྟར་བྱེད་པ་དང་འབད་འཐབ་ལ་བརྟེན་ནས་དྲིས་ལན་བཏབ་པ། ——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ལྕག་སྐུལ་གནང་བ་རེད།

གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་གྱིས་དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར། ——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ལྕག་སྐུལ་གནང་བ་རེད།

ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཨ་པུའུ་ཅི་མཚོ་རུ་བརྟག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། སྐྱེ་ཁམས་བདེ་འཇགས་ཀྱི་མ་མཐའི་མཚམས་ཐིག་བརྟན་དུ་བཏང་ནས་གཉེར་སྐྱོང་དོ་དམ་ཚད་ལྡན་དུ་བཏང་སྟེ་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

ལུའོ་ཁྲའོ་ཧྥེང་གིས་བདེ་ཆེན་ཁུལ་སྤྱི་བདེ་ཅུས་སུ་བརྟག་ཞིབ་གནང་བ།

གཞི་རིམ་གྱི་དམག་འཐབ་མཁར་རྫོང་སྟོབས་ཆེར་བཏང་ནས་ཏང་ཡོན་གྱི་གདོང་ལེན་གྱི་མཐིལ་གསལ་པོ་ཕྱིས་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105་འཁོར་བའི་བདེ་ཆེན་ཁུལ་གྱི་“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག་”གི་གཟེངས་བསྟོད་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ།

བདེ་ཆེན་ཁུལ་གྱིས་“སྲོག་ཤིང་ལ་བརྩི་བཀུར། བློ་ཁ་པེ་ཅིང་ལ་གཏོད་”ཅེས་པའི་སྤྱོད་གཙང་རིག་གནས་འཆད་ཁྲིད་སྤེལ་བ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com