ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་གི་ཉེན་གཡོལ་གནས་སྤོ་ལས་དོན་ལ་རྟོག་ཞིབ་གནང་།



ལུའོ་ཁྲའོ་ཧྥེང་གིས་ཡུལ་དངོས་སུ་ཞ་ཐ་ལོའུ་ཆུ་མཛོད་རྣམ་གྲངས་འཛུགས་སྐྲུན་བྱས་ཚུལ་ལ་རྟོག་ཞིབ་གནང་།
ལུའོ་ཁྲའོ་ཧྥེང་གིས་ནན་གསུང་གནང་དོན། འཇོལ་རྫོང་གི་ཉེན་གཡོལ་གནས་སྤོ་ལས་དོན་ནི་མང་ཚོགས་ཀྱི་ཚེ་སྲོག་ནོར་སྲིད་བདེ་འཇགས་དང་འབྲེལ་བ་ཡོད་པའི་དམངས་འཚོའི་ལས་གཞི་གལ་ཆེན་ཞིག་ཡིན། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བླང་བྱ་ལྟར་དོན་འཁྱོལ་ནན་མོ་བྱས་ཏེ། དུས་བཀག་ལྟར་གནས་སྤོ་ལས་འགན་ལེགས་སྒྲུབ་བྱེད་དགོས། གཏན་འཁེལ་བྱས་པའི་དམིགས་འབེབས་ལས་འགན་ལ་གཞིགས་ནས། ཁང་པ་ནང་སྡོད་ཆོག་པ་དང་ལས་ཞུགས་བྱས་ཐུབ་པ། མཛེས་ལྗོངས་ལྟ་ཆོག་པ་ཞེས་པའི་མཛེས་ཤོས་ཀྱི་རྗོང་མཁར་འཛུགས་སྐྲུན་བྱས་པའི་བླང་བྱ་ལ་དམ་པོ་དམིགས་ནས། གནས་སྤོ་མང་ཚོགས་དང་ས་ཆ་བསྡུ་བའི་མང་ཚོགས་ཀྱི་སྡོད་ཁང་ཁེ་དབང་ལ་འགན་ལེན་བྱས་ཏེ། མངའ་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ཁུངས་དང་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་དགོས། འཚོ་བའི་སྒྲིག་བཀོད་ཆ་ཚང་འཐུས་ཚང་དུ་གཏོང་པ་དང་། རིགས་ཁག་གི་ལས་གྲྭ་འཛུགས་སྐྲུན་གྱི་ཚད་གཞི་སྐོར་ཚད་ལྡན་དུ་གཏོང་ནས། མཐུན་སྦྱོར་གཅིག་གྱུར་གྱི་རྫོང་མཁར་མཛེས་ལྗོངས་ཤིག་བཞེངས་སྐྲུན་བྱེད་དགོས། དུས་བབ་དང་བསྟུན་ནས་ལུགས་མཐུན་གྱི་འཆར་འགོད་དང་ཨར་སྐྲུན་གོ་རིམ་དམ་འཛིན་བྱས་ཏེ། རྣམ་གྲངས་ལག་བསྟར་བྱེད་ཐེངས་ཀྱི་དུས་ཚོད་རེའུ་མིག་དང་ཨར་ལས་རི་མོ་བཀོད་སྒྲིག་བྱས་ནས། ཕྱོགས་ཡོངས་སུ་རྣམ་གྲངས་མྱུར་ཚད་མགྱོགས་སུ་གཏོང་སྟེ། རྣམ་གྲངས་ལག་བསྟར་བྱས་འཐུས་མིན་གྱི་ཞིབ་འཇུག་སྙན་ཞུ་དང་ཞིབ་བཤེར་ཆོག་མཆན། འཛུགས་སྐྲུན་བཅས་ཀྱི་ལས་རིམ་ཁག་སྐུལ་འདེད་ནུས་ལྡན་གཏོང་དགོས།

ལུའོ་ཁྲའོ་ཧྥེང་གིས་ཡུལ་དངོས་སུ་བདེ་བཀོད་ཁང་པའི་དུད་ཁ་བཞི་བརྒྱ་བཅུ་བཞི་དང་རྨང་གཞིའི་སྒྲིག་བཀོད་ཆ་ཚང་འཛུགས་སྐྲུན་བཀོད་སྒྲིག་སྐུལ་འདེད་བྱས་ཚུལ་ལ་རྟོག་ཞིབ་གནང་།
ལུའོ་ཁྲའོ་ཧྥེང་གིས་བླང་བྱ་བསྟན་དོན། ལས་དོན་གཅིག་གྱུར་བྱས་པར་ཤུགས་སྣོན་རྒྱག་པ་དང་། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་མཐུན་སྦྱོར་བྱེད་ཤུགས་དང་བཀོད་འདོམས་བཀོད་གཏོང་། སྲིད་གཞུང་དང་ཁེ་ལས་མཐུན་སྦྱོར་བྱེད་ཤུགས་བཅས་ཆེ་རུ་གཏོང་སྟེ། རྫོང་མཁར་གྱི་འགྲིམ་འགྲུལ་དང་ཆུ་འདོན། གློག་དྲ་སོགས་རྨང་གཞིའི་སྒྲིག་བཀོད་དང་། ཏང་སྲིད་ལས་ཁུངས་དང་སློབ་གྲྭ སྨན་ཁང་། ཚོང་ཁང་སོགས་ཀྱི་སྤྱི་པའི་ཞབས་ཞུ་ཆ་ཚང་གི་འཆར་འགོད་འཛུགས་སྐྲུན་བཅས་སྐུལ་འདེད་རབ་དང་རིམ་པ་གཏོང་ནས། ནུས་པའི་རྣམ་གྲངས་ཁག་དུས་མཉམ་དུ་འཐུས་ཚང་དུ་གཏོང་བ་དང་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་འགན་ལེན་བྱེད་དགོས། རྒྱུ་རྐྱེན་གཙོ་བོ་དང་ནོར་སྲིད། མི་ཤུགས། འགྲིམ་འགྲུལ། ལས་གྲྭ་རྒྱུ་ཆ་སོགས་ཀྱི་དགོས་མཁོ་ཐད་ལ་དམ་པོ་དམིགས་ནས་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་སྟེ། གནས་སྤོ་འཛུགས་སྐྲུན་ལས་དོན་ལ་འགན་ལེན་བྱེད་དགོས། གནས་སྤོ་དང་འཛུགས་སྐྲུན་མཉམ་དུ་ལག་བསྟར་བྱས་པ་དང་གནས་སྤོ་ལས་དོན་གྱིས་འཛུགས་སྐྲུན་སྐུལ་འདེད་གཏོང་བ་ཞེས་པར་རྒྱུན་འཁྱོངས་བྱས་ནས། ཡིད་ཆེས་མཐའ་གཅིག་ཏུ་བྱས་ཏེ་གནས་སྤོ་དང་བདེ་བཀོད་ལས་གཞི་འཛུགས་སྐྲུན་མཉམ་དུ་སྐུལ་འདེད་གཏོང་ཞིང་། གནས་སྤོའི་དགོས་མཁོ་ཡིས་འཛུགས་སྐྲུན་ཕན་འབྲས་ལ་སྐུལ་འདེད་གཏོང་དགོས། བདེ་འཇགས་དང་ཁོར་ཡུག་སྲུང་སྐྱོང་། སྤྱོད་གཙང་། ས་གཤིས་ཀྱི་གནོད་འཚེ་འགོག་བཅོས་བྱེད་ཕྱོགས་སྐོར་མཐའ་ཚད་དོན་ཚན་བཞི་ལ་བརྩི་སྲུང་བྱས་ནས། བདེ་འཇགས་ངང་ལས་གཞི་ལག་བསྟར་བྱས་པའི་བླང་བྱ་དོན་འཁྱོལ་བྱས་ཏེ། ལས་གྲྭའི་གད་སྙིགས་དང་གཞན་གྱི་གད་སྙིགས་ཚད་ལྡན་ངང་ཐག་གཅོད་བྱས་ནས། ཏང་ཡོན་ལས་བྱེད་པའི་སྤྱོད་གཙང་རང་གཅུན་གྱི་འགོག་སྲུང་འཛིང་རགས་བརྟན་དུ་འཛུགས་ཏེ། རྫོང་མཁར་གསར་པའི་ཆུ་ལམ་སྒྲིག་བཅོས་དང་གྲོང་ཁྱེར་གྱི་མཛེས་ལྗོངས་གཅིག་གྱུར་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་ནས། གནས་སྤོ་ལས་དོན་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བར་འགན་ལེན་བྱེད་དགོས།
ལི་དབྱང་དང་། ཁྲེན་ཆུན། མ་ཀུའོ་ཀྲུང་། ཁུལ་རིམ་པའི་འབྲེལ་ཡོད་ལས་ཁུངས། འཇོལ་རྫོང་། འཛུགས་སྐྲུན་ནང་ཞུགས་པའི་ལས་ཁུངས་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བ་གྲོས་ཚོགས་སུ་ཞུགས།
责任编辑:才让东周 达瓦只玛
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་གི་ཉེན་གཡོལ་གནས་སྤོ་ལས་དོན་ལ་རྟོག་ཞིབ་གནང་།
ཀྲང་ཝེ་ཏུང་གིས་ལས་བྲལ་ལས་འཁྱུར་ལས་བྱེད་པ་དང་རྒྱལ་ཡོངས་ཀྱི་སྔོན་ཐོན་ལས་དོན་པར་འཚམས་འདྲི་གནང་།
ལུའོ་ཁྲའོ་ཧྥེང་གིས་འབའ་ལུང་རྫོང་དུ་བརྟག་ཞིབ་དང་བཞུགས་མོལ་གནང་སྐབས་ཡིད་ཆེས་དང་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས་སྣང་བརྙན་གསར་པ་དང་རྣམ་པ་གསར་པར་བརྟེན་ནས “ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཡག་པོ་འཛུགས་པར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ།
བདེ་ཆེན་ཁུལ་གྱིས་“སྤུས་ཚད་མཐོ་བའི་སྒོ་ནས་‘ལོ་ལྔ་ཚན་བཅུ་བཞི་པའི’འཆར་འགོད་ལེགས་གྲུབ་ཡོང་བའི”རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་འབའ་ལུང་རྫོང་གི་ཆེད་དོན་ཚོགས་འདུ་འཚོགས་པ།
ཁུལ་ཡོངས་ཀྱི་རྣམ་གྲངས་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་པ།
ཁུལ་ཨུའི་བརྟན་ལྷིང་སྲུང་སྐྱོང་ལས་ཀའི་ཆེད་དོན་གྲོས་ཚོགས་འཚོགས།
བདེ་ཆེན་རུ་ཁག་5:6གི་སྐར་འབྲས་ཀྱིས་ཁུན་མིང་རུ་ཁག་ལས་ཕམ་པ།
ཀྲུའུ་ཞི་ཞི་ཅིན་ཕིང་གིས་གནང་བའི་ཉིས་སྟོང་བརྒྱ་མེད་ཉི་ཤུ་རྩ་དྲུག་ལོའི་ལོ་གསར་གྱི་ཤེས་ཚིག་ལ་བདེ་ཆེན་གྱི་ལས་བྱེད་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108
