中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཁུལ་སྲིད་གཞུང་གིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་ལས་དོན་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བའི་སྐུལ་འདེད་ཚོགས་འདུ་འཚོགས།   

ཁྱབ་བསྒྲགས་དུས་ཚོད་:2026-01-07 15:49:05

 ཟླ་1པོའི་ཚེས་6ཉིན་ཁུལ་སྲིད་གཞུང་གིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་ལས་དོན་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བའི་སྐུལ་འདེད་ཚོགས་འདུ་འཚོགས། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་བཅོས་སྒྲིག་བྱ་རྒྱུའི་སྐོར་གྱི་གསུང་བཤད་གལ་ཆེན་དང་།མཛུབ་སྟོན་དང་མཆན་འགོད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ།  ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་།  ཞིང་ཨུ་དང་དེ་བཞིན་ཁུལ་ཨུའི་ལས་ཀའི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་འགན་འཁྲི་སྔར་བས་ནན་དུ་གཏོང་བ་དང་།  ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱབ་ནས་བྱ་ཐབས་ཞིབ་ཚགས་སུ་བཏང་སྟེ་གཅིག་སྡུད་བཅོས་སྒྲིག་ལས་དོན་ལ་གྲུབ་འབྲས་དེ་བས་ཆེ་བ་ལེན་པར་འགན་སྲུང་བྱས་ཡོད།ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཝེ་ཏུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་།

 

ཚོགས་འདུའི་ཐོག་   གཅིག་སྡུད་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་ནི་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན་ལ།ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཞི་རིམ་དུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་གཏོང་བའི་འགག་རྩའི་བྱ་ཐབས་ཤིག་ཀྱང་རེད།ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་ངེས་ཤུགས་དང་མཐོ་གནོན་གྱི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ་གཞི་གདངས་ནན་མོ་དང་།  བྱེད་ཐབས་ནན་པོ།  རྣམ་པ་ནན་པོ་བཅས་ཡུན་རིང་རྒྱུན་འཁྱོངས་དང་། དངོས་དོན་སྒྲུབ་པའི་གྲུབ་འབྲས་དངོས་ལ་བརྟེན་ནས“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ཀྱིས་བརྩི་བཀུར་ཞུ་བ་དང་།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་།  བདེ་སྐྱིད་ཚོར་སེམས།  བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་བསྟན་ཡོད།

ཚོགས་འདུའི་ཐོག་    ཚོགས་འདུའི་ཐོག་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བྱེད་པོའི་འགན་འཁྲི་སྔར་བས་བརྟན་དུ་བཏང་ནས་ཞིབ་འཇུག་བཀོད་སྒྲིག་ནན་ཏན་དང་བརྒྱུད་རིམ་ཧྲིལ་པོར་རྗེས་འདེད་སྐུལ་འདེད་བཏང་སྟེ་རང་འགུལ་ངང་མདུན་ཕྱོགས་སུ་བསྐྱོད་དེ་གཅིག་སྡུད་བཅོས་སྒྲིག་ལས་དོན་ལ་དམ་འཛིན་ཏན་ཏིག་བྱེད་དགོས།གོང་རིམ་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་ལས་ཀའི་བླང་བྱ་གསར་ཤོས་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པ་བྱེད་པ་དང་ལས་ཀའི་བྱ་ཐབས་ཞིབ་ཚགས་དང་འཐུས་སྒོ་ཚང་དུ་བཏང་སྟེ་གནད་དོན་གྱི་གཞི་གྲངས་གསལ་པོ་དང་ལས་ཀའི་ཁ་ཕྱོགས་གསལ་པོ་ཡོང་བའི་འགན་ལེན་བྱེད་དགོས།“མི་བྱེད་པ་བཞི་དང་དྲང་པོ་གཉིས”སོགས་ཀྱི་བྱ་ཐབས་ཡག་པོ་སྤྱད་དེ་ལས་ཀའི་འཐབ་ས་དང་པོར་བསྐྱོད་ནས་གཅིག་སྡུད་བཅོས་སྒྲིག་ལས་དོན་གྱི་བྱ་ཐབས་དོན་འཁྱོལ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས།ཐུན་མོང་རང་བཞིན་གྱི་གནད་དོན་དང་མི་མངོན་པའི་ཉེན་ཁ་ཁྱོན་ཡོངས་ནས་རྩད་ཞིབ་བྱས་ཏེ་གནད་དོན་གཅིག་ཐག་གཅོད་དང་།  མངོན་མེད་རྐྱེན་ངན་རིགས་གཅིག་རྩད་ཞིབ།  ཁྱབ་ཁོངས་གཅིག་ཚད་ལྡན་དུ་གཏོང་བ་བཅས་བྱ་དགོས། སྣེ་ཁྲིད་སྡེ་ཚན་ཁག་གིས་འགན་འཁྲི་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་གཅིག་སྡུད་བཅོས་སྒྲིག་ལས་དོན་གྱི་ལས་འགན་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱེད་དགོས།སྲིད་གཞུང་གི་ལས་བགོས་འགན་གཉེར་འགོ་ཁྲིད་ཀྱིས་དུས་བཀག་ལྟར་ཞིབ་འཇུག་དང་བརྡར་ཤ་བཅད་དེ་བཀོད་གཏོང་དང་དུས་ཐོག་ཏུ་དཀའ་གནད་སེལ་དགོས་ཞེས་ནན་བཤད་གནང་ཡོད།

ཚོགས་འདུའི་ཐོག་   རིམ་པ་ཁག་དང་སྡེ་ཚན་ཁག་གིས་གཅིག་སྡུད་བཅོས་སྒྲིག་ལས་དོན་དང་ལྟེ་བའི་ལས་དོན་མཉམ་འདྲེས་གཏིང་ཟབ་བྱས་ཏེ་སྒྱུར་བཅོས་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་བ་དང་།“མིག་མངས་འགྲིག་སྐོར་གཅིག”གི་བསམ་བློ་བཙུགས་ནས་རང་འགུལ་ངང་འབྲེལ་མཐུད་དང་རོགས་ལས་དམ་ཟབ་བྱས་ཏེ་གཅིག་སྡུད་བཅོས་སྒྲིག་ལས་དོན་ལ་ནུས་ཆེའི་ངང་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱེད་དགོས།གོང་རིམ་གྱི་ལས་ཀའི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ་བཅོས་སྒྲིག་རྫུན་མ་དང་ཁྲལ་སེལ་སླ་བཅོས་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས་པའི་ནན་བཤད་གནང་ཡོད། 

  • བདེ་ཆེན་གསར་འགྱུར།

འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི”སྐབས་གསུམ་པའི་རིག་གནས་ཡུལ་སྐོར་བྱེད་སྒོ་སྤེལ་བ།

བདེ་ཆེན་ཁུལ་གྱིས་བོད་འབྲེལ་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

2026ལོའི་ཀྲུང་དབྱང་ཁེ་ལས་དང་ཞིང་ཆེན་རིམ་པའི་དམིགས་འཛུགས་གྱིས་བདེ་ཆེན་ལ་རོགས་སྐྱོར་བྱེད་པའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས།

ཞིང་ཆེན་ཁོངས་གཏོགས་ཁེ་ལས་ཀྱིས་བདེ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་པ།

2025/2026ལོའི་ཧྥུ་ཏན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་འགྲན་བསྡུར་ཁྲོད་བདེ་ཆེན་རུ་ཁག་གི་ཟླ་བ་བཞི་པའི་འགྲན་བསྡུར་དུས་ཚོད་གཏན་འཁེལ་བྱས།

ཡུན་ནན་ཞིང་ཆེན་རིམ་གྱི་ཁང་པ་ཉོ་བའི་ཁ་གསབ་རོགས་དངུལ་རིམ་བསགས་ནས་མ་དངུལ་སྒོར་དུང་ཕྱུར་གཉིས་ལས་བརྒལ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྤྱི་བདེ་ཅུས་ལ་ཞིང་ཡོངས་ཁྲིམས་ལུགས་ཁྱབ་གདལ་རྨང་གཞི་བརྟན་དུ་གཏོང་བའི་ཆེད་དོན་ལས་ཀའི་ཕུལ་བྱུང་ལས་ཁུངས་ཀྱི་མཚན་སྙན་ཐོབ།

ཟླ་བ་2པར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གྲོང་མིའི་འཛད་སྤྱོད་རིན་གོང་ཟླ་བསྡུར་དང་དུས་མཚུངས་ལས་འཕར།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com