འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི”སྐབས་གསུམ་པའི་རིག་གནས་ཡུལ་སྐོར་བྱེད་སྒོ་སྤེལ་བ།

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་3ཚེས་26ཉིན། འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི”སྐབས་གསུམ་པའི་རིག་གནས་ཡུལ་སྐོར་བྱེད་སྒོ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སན་པྰ་ཤང་ཆུ་དཀར་ཆུ་ནག་མཛེས་ལྗོངས་ཁུལ་དུ་སླེལ་བ། ད་ཐེངས་ཀྱི་བྱེད་སྒོའི་ཐོག་སྟོན་པའི་རིག་གནས་རྒྱུན་འཛིན་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱས་ནས། དཔྱིད་དུས་ཀྱི་རིག་གནས་ཡུལ་སྐོར་གྱི་IPཤུགས་རྐྱེན་ཐེབས་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ་འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི”སྤུས་རྟགས་འཛུགས་སྐྱོང་གི་སྤུས་འདེབས་རིམ་སྤོར་ལ་རམ་འདེགས་བྱེད།
ཆུ་དཀར་ཆུ་ནག་མཛེས་ལྗོངས་ཁུལ་གྱིས་ལོ་གསུམ་བསྟུད་མར་བྱེད་སྒོ་དེ་སྤེལ་ཡོད། སྐབས་འདིའི་བྱེད་སྒོས་ཁྱད་ལྡན་ཁྲོམ་འདུས་དང་བརྗོད་དོན་གཙོ་བོའི་པར་རིས་འགྲེམས་སྟོན་ལྟེ་བར་བྱས་ཤིང་། དུས་གཅིག་ཏུ་མི་རིགས་གླུ་གར་འཁྲབ་སྟོན་དང་འཇང་རིགས་ཀྱི་ཉམས་ལེན་སོགས་ཀྱི་བྱེད་སྒོ་སྤེལ་ནས་རིག་གནས་རྒྱུན་འཛིན་དང་རིག་གནས་ཡུལ་སྐོར་འཕེལ་རྒྱས་གཅིག་གྱུར་ནུས་ལྡན་ཡོང་བར་བྱེད།

བྱེད་སྒོ་སྤེལ་རིང་། འགྲེམས་སྟོན་བྱས་པའི་བརྩམས་ཆོས་80ལས་སྟོན་པའི་རིག་གནས་རྒྱུན་འཛིན་དང་། ཆུ་དཀར་ཆུ་ནག་གི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་འཇང་རིགས་ཀྱི་འཚོ་བའི་རྣམ་པ་ཕྱོགས་ཡོངས་ནས་མངོན་ཡོད། ཆུ་དཀར་ཆུ་ནག་མཛེས་ལྗོངས་ཁུལ་གྱི་ཁྲོམ་འདུས་སུ་ས་གནས་དེ་གའི་ཞིང་ལས་ཁྱད་ལྡན་ཐོན་རྫས་དང་སྟོན་པ་རིག་གནས་གསར་གཏོད་ཐོན་རྫས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ཡོད། མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པས་ས་གནས་ས་ཐོག་ཏུ་སྟོན་པའི་ཤོག་བཟོ་དང་སྟོན་པའི་ཡི་གེ་སོགས་སྲོལ་རྒྱུན་ལག་རྩལ་འགྲེམ་སྟོན་བྱས་ནས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་ལ་སྐུལ་འདེད་བཏང་སྟེ་མཐའ་འཁོར་གྱི་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས།

བྱེད་སྒོ་སྤེལ་རིང་ད་དུང་དམངས་ཕན་གཟིགས་སྐྱོང་སྲིད་ཇུས་བཏོན་པས་བདེ་ཆེན་ཁུལ་གྱི་གྲོང་མི་དང་རྒྱལ་ཡོངས་ཀྱི་འཇང་རིགས་སྤུན་ཟླས་སྤ་སེ་མི་དགོས་པར་མཛེས་ལྗོངས་ཁུལ་དུ་ལྟ་སྐོར་བྱེད་ཆོག་པ་དང་པར་རིས་འགྲེམས་སྟོན་ནང་བདམས་ཐོན་བྱུང་བའི་རྩོམ་པ་པོས་ཀྱང་རིན་མེད་ངང་ལྟ་སྐོར་བྱེད་ཆོག་པས་སྤྱི་དམངས་ཞུགས་ཚད་སྔར་བས་མཐོ་རུ་ཕྱིན་ཡོད་པ་རེད།
- བདེ་ཆེན་གསར་འགྱུར།
འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི”སྐབས་གསུམ་པའི་རིག་གནས་ཡུལ་སྐོར་བྱེད་སྒོ་སྤེལ་བ།
བདེ་ཆེན་ཁུལ་གྱིས་བོད་འབྲེལ་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
2026ལོའི་ཀྲུང་དབྱང་ཁེ་ལས་དང་ཞིང་ཆེན་རིམ་པའི་དམིགས་འཛུགས་གྱིས་བདེ་ཆེན་ལ་རོགས་སྐྱོར་བྱེད་པའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས།
ཞིང་ཆེན་ཁོངས་གཏོགས་ཁེ་ལས་ཀྱིས་བདེ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་པ།
2025/2026ལོའི་ཧྥུ་ཏན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་འགྲན་བསྡུར་ཁྲོད་བདེ་ཆེན་རུ་ཁག་གི་ཟླ་བ་བཞི་པའི་འགྲན་བསྡུར་དུས་ཚོད་གཏན་འཁེལ་བྱས།
ཡུན་ནན་ཞིང་ཆེན་རིམ་གྱི་ཁང་པ་ཉོ་བའི་ཁ་གསབ་རོགས་དངུལ་རིམ་བསགས་ནས་མ་དངུལ་སྒོར་དུང་ཕྱུར་གཉིས་ལས་བརྒལ།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྤྱི་བདེ་ཅུས་ལ་ཞིང་ཡོངས་ཁྲིམས་ལུགས་ཁྱབ་གདལ་རྨང་གཞི་བརྟན་དུ་གཏོང་བའི་ཆེད་དོན་ལས་ཀའི་ཕུལ་བྱུང་ལས་ཁུངས་ཀྱི་མཚན་སྙན་ཐོབ།
ཟླ་བ་2པར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གྲོང་མིའི་འཛད་སྤྱོད་རིན་གོང་ཟླ་བསྡུར་དང་དུས་མཚུངས་ལས་འཕར།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108