中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

མེ་དབྱི་ཁོ་ཞབས་བྲོ་ཁང་གི་གཅེན་སྲིང་གཉིས་ཀྱི་སྒྱུ་རྩལ་གྱི་ཕུགས་འདུན།

ཁྱབ་བསྒྲགས་དུས་ཚོད་:2026-01-07 16:13:50

དགོང་མོའི་ཆུ་ཚོད་བརྒྱད་སྟེང་། འབའ་ལུང་རྫོང་གྲོང་གི་གྲུ་ཟུར་དུ་གནས་པའི་མེ་དབྱི་ཁོ་ཞེས་པའི་ཞབས་བྲོའི་ཁང་དུ་གློག་སྒྲོན་གསལ་ལེར་འཕྲོ་བ་དང་རོལ་དབྱངས་ཀྱི་འགྱུར་ཁུག་དལ་བུར་གྲགས་བཞིན་མཆིས། ཡེ་ཧྲེང་ཞན་དང་ལི་དབྱི་གཉིས་ཀྱི་མིག་ནང་ན་ལོ་མང་གི་དཀའ་སྤྱད་སྡུག་རུས་ཀྱི་འདས་དོན་ལྷང་ངེར་གསལ། ལོ་ལྔའི་སྔོན་ལ། ཁོ་མོ་གཉིས་ནི་སློབ་ཆེན་གྱི་སྦྱོང་བརྡར་ཁང་ནས་ཆེས་མཐའ་མར་ངལ་གསོ་བའི་བུ་མོ་གཉིས་ཡིན། ད་ལྟ། སེམས་ཤུགས་གཏོང་སའི་ཞབས་བྲོ་ཁང་འདི་ཁོ་མོ་ཚོའི་ཕུགས་བསམ་མུ་མཐུད་དུ་རྒྱུན་མཐུད་བྱེད་བཞིན་ཡོད།

ཞབས་བྲོ་ཁང་དེ་རྒྱས་སྤྲོས་ཅན་ཞིག་མིན་རུང་སེམས་ནུས་ཡོད་རྒུ་བཏོན་ཡོད།ཆེད་ལས་ཀྱི་འགྱིག་དང་། གྱང་ངོས་ཧྲིལ་པོར་མེ་ལོང་བཀལ་བ།གྲུ་ཟུར་དུ་སྔོ་ལྗང་རྩི་ཤིང་བཏབ་པ་སོགས་ཚང་མ་ཁོང་གཉིས་ཀྱིས་དངུལ་སིལ་མ་རེ་རེ་བཞིན་གསོག་ནས་གྲ་སྒྲིག་བྱས་པ་ཞིག་རེད།ལས་གཏོད་བྱེད་འགོ་ཚུགས་མ་ཐག་ཁོང་ཚོས་བསྒྲགས་ཡིག་ཁྱེར་ནས་སྡེ་ཁུལ་དང་།སློབ་གྲྭ  ཐང་ཆེན་བཅས་སུ་ཕར་འགྲོ་ཚུར་འོང་བྱས་ནས་རང་ཉིད་ངོ་སྤྲོད་བྱེད་ཀྱི་ཡོད།སློབ་མ་དང་པོ་དེ་མིང་ཐོ་འགོད་དུས་ངལ་བ་ཚང་མར་དོན་སྙིང་ལྡན་པར་གྱུར།

ཡུལ་དངོས་སུ་དྲིལ་བསྒྲགས་བྱེད་པ་དང་ཆབས་ཅིག་ཁོ་མོ་གཉིས་ཀྱིས་དྲ་རྒྱའི་ཐོག་རྒྱུན་གཏན་གྱི་འཚོ་བ་མཉམ་སྤྱོད་བྱེད་ཀྱི་ཡོད།ཆེད་ལས་ཀྱི་སྒྲིག་ཆས་མེད་པས་ལག་ཐོགས་ཁ་པར་ནས་པར་ལེན་པ་དང་ཕབ་སྦྱོར་མ་ཤེས་པའི་སྐབས་མཚན་སྐྱེལ་ནས་སློབ་སྦྱོང་བྱེད་ཀྱི་ཡོད།བརྙན་ལམ་དུ་ཡོད་པ་ཚང་མ་ངོ་མ་ཡིན་པ་སྟེ།སློབ་མ་ཚོ་བྱང་ཆུབ་པ་ནས་འཕེལ་རྒྱས་བྱུང་བ་དང་།སློབ་ཁྲིད་གྲ་སྒྲིག་བྱེད་སྐབས་བློ་རྩེ་གཅིག་ཏུ་གཞོལ་བ།ཐ་ན་ཞབས་བྲོ་འཁྲབ་ནོར་བྱུང་སྐབས་དགོད་སྒྲས་ཁེངས་པའི་རྣམ་པ་སོགས་མངོན་ཡོད་པས་མི་མང་པོ་ཞིག་གི་ཡིད་དབང་འཕྲོག་ཡོད།

སློབ་མ་ཇེ་མང་དུ་སོང་བ་དང་བསྟུན་ནས། ཁོ་མོ་ཚོས་བསམ་ཡུལ་ལས་འདས་པའི་ཐག་གཅོད་ཅིག་བྱས་ཏེ།སྤྱི་ཕན་ཞབས་བྲོའི་སློབ་ཁྲིད་སྤེལ་བ་རེད།སློབ་ཁྲིད་ལ་ཡོང་མཁན་ཁྲོད་དུ་ཁྱིམ་ཚང་གི་བདག་མོ་དང་ལས་ཞུགས་མི་སྣ་ཡོད་ལ། ལད་ཟློས་བྱེད་པའི་བྱིས་པ་ཡང་ཡོད། སློབ་ཡོན་མི་ལེན་པ་དང་ཆ་རྐྱེན་མི་བཟོ་བར། སློབ་ཁྲིད་ལ་ཡོང་འདོད་ཡོད་མཁན་ཡོད་ཚད་ལ་ནན་ཏན་གྱིས་སློབ་ཁྲིད་བྱེད་བཞིན་ཡོད།སློབ་མ་ཚོའི་གཟབ་ནན་གྱི་རྣམ་འགྱུར་ནས་འཛུམ་མདངས་འཕྱུར་བ་མཐོང་སྐབས་ཁོང་ཚོས་ཞབས་བྲོ་ནི་འགུལ་སྟངས་ཁོ་ན་མིན་པར།མིའི་སེམས་གསལ་བར་བྱེད་པའི་སྟོབས་ཤུགས་ཤིག་ཀྱང་ཡིན་པར་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད།

“ཞབས་བྲོ་ལས་ཀར་བརྩིས་པ་ནི་བསོད་ནམས་ཆེན་པོ་རེད། གྲོགས་པོ་དང་མཉམ་དུ་ལས་ཀ་བྱེད་པ་ནི་དགའ་འོས་པ་ཞིག་རེད”ཅེས་ཡེ་ཧྲེང་ཞན་གྱིས་ལས་གཏོད་ཐོག་མའི་སྐབས་ཀྱི་སྐད་ཆ་བསྐྱར་བཤད་བྱེད་བཞིན་བརྗོད་པ་དང་མིག་ཟུང་ལས་བློ་བརྟན་འགྱུར་མེད་ཀྱི་ཉམས་མངོན་ཡོད།ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་བྱས་རྗེས་མོ་ལ་སྐུལ་མ་ཆེན་པོ་ཐེབས་པ་དང་འབྲེལ་འགན་འཁྲི་ཕྲག་ཐོག་ཏུ་འཁུར་བའི་ཚོར་སྣང་ཆེན་པོ་བྱུང་ཡོད།

 

དཔུང་བ་མཉམ་གཤིབ་ཀྱིས་ལམ་གཅིག་ཏུ་བསྐྱོད་པའི་གྲོགས་མོ་གཉིས་ཀྱིས་རོལ་དབྱངས་རེ་རེ་དང་གར་སྟབས་རེ་རེ་བརྒྱུད་ནས། ཁོ་མོ་གཉིས་ལ་དབང་ཞིང་མི་གཞན་ལའང་དྲོ་སྐྱིད་སྦྱིན་ཐུབ་པའི་ཞབས་བྲོའི་རྨི་ལམ་རེ་རེ་བསྐྲུན་བཞིན་ཡོད།

 

  • ཀྲོའུ་ནང་ཁུལ་གྱི་མགོ་གཙོ་

བདེ་ཆེན་ཁུལ་གྱིས་“སྤུས་ཚད་མཐོ་བའི་སྒོ་ནས་‘ལོ་ལྔ་ཚན་བཅུ་བཞི་པའི’འཆར་འགོད་ལེགས་གྲུབ་ཡོང་བའི”རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་འབའ་ལུང་རྫོང་གི་ཆེད་དོན་ཚོགས་འདུ་འཚོགས་པ།

མེ་དབྱི་ཁོ་ཞབས་བྲོ་ཁང་གི་གཅེན་སྲིང་གཉིས་ཀྱི་སྒྱུ་རྩལ་གྱི་ཕུགས་འདུན།

ཁུལ་སྲིད་གཞུང་གིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་ལས་དོན་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བའི་སྐུལ་འདེད་ཚོགས་འདུ་འཚོགས།   

ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་གི་ཉེན་གཡོལ་གནས་སྤོ་ལས་དོན་ལ་རྟོག་ཞིབ་གནང་། 

ཀྲང་ཝེ་ཏུང་གིས་ལས་བྲལ་ལས་འཁྱུར་ལས་བྱེད་པ་དང་རྒྱལ་ཡོངས་ཀྱི་སྔོན་ཐོན་ལས་དོན་པར་འཚམས་འདྲི་གནང་། 

ལུའོ་ཁྲའོ་ཧྥེང་གིས་འབའ་ལུང་རྫོང་དུ་བརྟག་ཞིབ་དང་བཞུགས་མོལ་གནང་སྐབས་ཡིད་ཆེས་དང་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས་སྣང་བརྙན་གསར་པ་དང་རྣམ་པ་གསར་པར་བརྟེན་ནས “ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཡག་པོ་འཛུགས་པར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ།   

བདེ་ཆེན་ཁུལ་གྱིས་“སྤུས་ཚད་མཐོ་བའི་སྒོ་ནས་‘ལོ་ལྔ་ཚན་བཅུ་བཞི་པའི’འཆར་འགོད་ལེགས་གྲུབ་ཡོང་བའི”རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་འབའ་ལུང་རྫོང་གི་ཆེད་དོན་ཚོགས་འདུ་འཚོགས་པ།

ཁུལ་ཡོངས་ཀྱི་རྣམ་གྲངས་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་པ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com